༧སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་གཙི་ཞུས།

འཛམ་གླིང་ཡུལ་ལུང་མང་པོའི་ནང་༧གོང་ས་མཆོག་དགུང་གྲངས་ ༨༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་དང་ད་ལོར་དྲ་ལམ་ནས་དམིགས་བསལ་བྱེད་སྒོ་སྤེལ་མཁན་ཡང་མང་དུ་ཕྱིན་འདུགཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་འཛམ་གླིང་ཡུལ་ལུང་མང་པོའི་གནད་ཡོད་མི་སྣ་མང་པོས་འཚམས་འདྲི་ཞུས་པ་དང་། བོད་ཕྱི་གཉིས་ཀྱི་ཚོགས་སྒེར་མང་པོས་མ་ཎི་གསོག་སྒྲུབ་དང་མཆོད་འབུལ་ཕྱག་སྐོར། ཆེ་བསྟོད་ཀྱི་གཞས་ཞབས་བྲོ་ཕུལ་བ། དེ་བཞིན་རིག་གཞུང་འགྲེམས་སྟོན་དང་བོད་དོན་ཞི་བའི་ལས་འགུལ་སོགས་སྤེལ་ཡོད་པ་ལྟར། ལྡེ་ར་ལྡུན་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པའི་བོད་བརྒྱུད་ནཱ་ལེནྜའི་ཤེས་ཡོན་ཚོགས་ཆུང་གིས། དགེ་འཕེལ་གླིང་གཞིས་གསར་དུ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་སླད་དཔལ་ནཱ་ལེནྜའི་ལོ་རྒྱུས་སྤྱི་དང་ནཱ་ལེནྜ་ནས་བོད་གངས་ཅན་ལྗོངས་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་གྱི་ཐང་ག་འགྲེམས་སྟོན་གནང་ཡོད་པ་དང་། འགྲེམས་སྟོན་དེ་ཕྱི་ལོ་མ་བྱུང་སྔོན་གྱི་ལོ་ ༤༨༧ ལོར་བདག་ཅག་གི་སྟོན་པ་བྱ་རྒོད་ཕུང་པོའི་རི་ནས་རྩ་མཆོག་གྲོང་དུ་མ་ཕེབས་གོང་དུ། ད་ཀུན་དགའ་བོ་ནཱ་ལེནྜ་ལ་འདོང་ངོ་ཞེས་པ་ནས། ཕྱི་ལོ་༢༠༡༨ བར་གྱི་དཔལ་ནཱ་ལེནྜའི་ལོ་རྒྱུས་རྣམ་ཐར་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་ཁྲོད་པཎ་གྲུབ་བཅུ་བདུན་གཙོས་པའི་བོད་ཀྱི་རྒྱལ་པོ་དང་ཐོན་མི་སམ་བྷོཊ། དེ་བཞིན་ནཱ་ལེནྜའི་ཡོན་བདག་གི་ལོ་རྒྱུས་སོགས་ཁྱོན་སྐུ་ཐང་ ༤༠ ཙམ་ཡོད་འདུགགཞན་ཡང་། འཁྲུངས་སྐར་དུས་བཟང་དང་བསྟུན། ལྡེ་ར་རྡུན་ཁུལ་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་ས་ཁང་ཞུ་མཁན་མི་ཚང་ ༡༥༠ ཡོད་པའི་ཁྲོད་ནས། མི་ཚང་ ༡༦ གི་ཁང་པ་ལེགས་འགྲུབ་བྱུང་སྟེ་སྒོ་འབྱེད་གནང་ཡོད་འདུག ལྡི་ར་རྡུན་གསར་འབྱོར་སྐྱིད་སྡུག་ཚོགས་པའི་བོད་བརྒྱུད་ནཱ་ལེནྜའི་ཤེས་ཡོན་ཚོགས་ཆུང་གི་འགན་འཛིན་བློ་བཟང་དཔལ་ལྡན་ལགས་ཀྱིས་བརྗོད་ན། ཁུལ་དེའི་གསར་འབྱོར་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ས་ཆ་དང་ལམ་ཁ། ཆུ་གློག་བཅས་ཀྱི་མཐུན་འགྱུར་གནང་ཡོད་པ་དང་། དོ་བདག་སོ་སོའི་ངོས་ནས་ཁང་པ་བཟོ་སྐྲུན་བྱས་ཡོད་འདུགཁ་སང་༧སྐུའི་འཁྲུངས་སྐར་དང་བསྟུན། སྤེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག ཆོལ་ཁ་གསུམ་གྱི་ཚོགས་པ་ཁག་གཙོ་བོར་གྱུར་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། ས་གནས་སློབ་གྲྭ་ཁག་གཉིས་བཅས་ཁྱོན་ཚོགས་པ་ཁག་༨ མཉམ་འབྲེལ་ཐོག་ནས་༧གོང་ས་མཆོག་དགུང་གྲངས་ ༨༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་སྦེལ་ཇམ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ (EU Policy Director)སྐུ་ཞབས་ཝན་སིན་(Vincent Metten)ལགས་སོགས་ཁྱོན་མི་གྲངས་ ༥༠ ཙམ་འདུ་འཛོམས་བྱུང་ཡོད་འདུག་ལ། སྦེལ་ཇམ་གཞུང་གི་ཚགས་པར་ཁང་གྲགས་ཅན་དང་རྙིང་ཤོས་ Gazet Van Antwerpen ནས་༧སྐུའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ་བའི་གནས་ཚུལ་འདོན་སྤེལ་གནང་ཡོད་འདུགཡང་། འཇར་མན་བོད་རིགས་ཚོགས་པའི་གོ་སྒྲིག་འོག འཇར་མན་གྲོང་ཁྱེར་(Bonn)ནས་རྒྱལ་ས་བྷིར་ལིན་ (Berlin)བར་གྱི་ཉིན་གྲངས་ ༨ རིང་རྐང་འཁོར་སྐོར་སྐྱོད་གནང་སྟེ་ཁ་སང་འཁྲུངས་སྐར་དང་བསྟུན། རྒྱལ་ས་བྷིར་ལིན་གྱི་སྲིད་བློན་ལས་ཁུངས་མདུན་དུ་མཇུག་བསྡོམས་མཛད་སྒོ་བསྡུས་ཡོད་པ་དང་། རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཁྲོད་དགོས་འདུན་དོན་ཚན་དྲུག་བཏོན་ཡོད་པ་རྣམས་ནི། འཇར་མན་གཞུང་མང་གཉིས་ནས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་ལ་རྒྱབ་སྐྱོར་དང་། འཇར་མན་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ནས་བོད་མིའི་ཆོས་དད་རང་དབང་ཐོག་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་དགོས་པའི་གྲོས་ཆོད་འཇོག་རྒྱུ་དང་། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་དངོས་གང་དུ་བཞུགས་ཡོད་མེད་ཡོངས་བསྒྲགས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དང་འཇར་མན་གྲོས་ཚོགས་ཀྱི་རྒྱ་ནག་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་གཏན་འབེབ། ༧གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་བོད་རྒྱ་གྲོས་མོལ་གནང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། རྒྱ་གཞུང་གིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་མ་གཏང་ཚེ་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་མཚམས་འཇོག་དང་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་ཡོངས་ལ་གོད་ཆག་ཕོག་པའི་རྒྱུ་རྐྱེན་རྒྱ་ནག་ཡིན་པ་ར་སྤྲོད་གནང་དགོས་པ་སོགས་ཡིན་འདུག

འདི་གར་མཁོ་སྤྲོད་གནང་བའི་གནས་ཚུལ་ཁག་གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་བསྡུས་བྱས།

བསྐྱར་བཅོས།: ༢༠༢༠/༠༧/༠༨

Leave a Reply