ཕྱི་ལོ་  ༢༠༢༡  ལོའི་སྲིད་སྐྱོང་འོས་མིར་མ་བཞེང་ཐབས་མེད་ཀྱི་མི་སྣ་ཞིག

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད།

རྒྱ་གར་རྒྱལ་ས་དྷི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ནི་ ༢༠༢༡ ལོའི་སྲིད་སྐྱོང་ལ་མ་བཞེང་ཐབས་མེད་ཀྱི་མི་སྣ་གཙོ་བོ་གལ་ཆེན་དེ་ཡིན།

གཅིག  སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཡིད་བཞིན་ནོར་བུའི་རླབས་ཆེན་གྱི་བཀའ་དགོངས་ཇི་བཞིན་སྒྲུབ་པར་སྐུ་ངོ་ཁོང་གི་གཤིས་ཀ་ལ་ནམ་ཡང་འགྱུར་བ་མེད།

གཉིས། ཁོང་ནི་བོད་ནང་གི་ཆབ་སྲིད་བཙོན་པ་དང་། བཙོན་ཟུར་འདས་གསོན་མང་པོས་ཡིད་ཆེས་བློ་འགེལ་ཞུ་ཡུལ་དང་། བོད་ཀྱི་རྩ་དོན་ལ་དོ་སྣང་བྱེད་མཁན་མང་པོས་རེ་བ་དང་ཡིད་ཆེས་ཡོད་པའི་མི་སྣ་གལ་ཆེན་ཞིག་ཡིན་པར་བརྟེན། གཞིས་བཞུགས་ངེས་དོན་རྒྱལ་གཅེས་དཔའ་བོ་ཆབ་སྲིད་བཙོན་ཟུར་རེ་ཟུང་གིས་ཀྱང་། ༢༠༢༡་ལོའི་སྲིད་སྐྱོང་ལ་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་བཞེངས་ཐུབ་པར་ཤུགས་རྒྱོབ། ཅེས་རེ་བསྐུལ་བདག་ལའང་འབྱོར་བཞིན་ཡོད།

གསུམ།  ཁོང་ནི་རྒྱ་ནག་དམར་གཞུང་གིས་ཀྱང་གནད་འགག་ཅན་གྱི་མི་སྣ་ཞིག་ལ་ངོས་འཛིན་བྱེད་བཞིན་པ་དང་། ཁོང་ནི་མ་ཤེས་ཤེས་མདོག་ཙམ་མིན་པར་བོད་ཕྱི་ནང་གཉིས་ལ་རྒྱུས་མངའ་ཆེ་ཤོས་ཀྱི་དབུ་ཁྲིད་ཅིག་ཡིན།

བཞི།  ཁོང་བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་ལ་བྱང་ཆུབ་པ་དང་། ཁོང་གིས་མི་ལོ་༥༠་མ་ཟིན་ཙམ་རིང་ཐེག་པ་རིམ་འཛེགས་ཀྱིས་གཞུང་མང་ལ་ཞབས་འདེགས་ཞུས་པའི་གང་ཅིའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། ལྷག་ཏུ་ལོ་མང་རིང་༧གོང་ས་མཆོག་གི་སྐུ་བྱའི་ཆེད་དམིགས་བསལ་གྱིས་ཁོང་གིས་ཕྱག་ལས་གནང་ཡོད་ཀྱང་། དེའི་རིང་སྐུ་བྱའི་ལས་དོན་སོགས་འཐུས་ཤོར་རིགས་གཅིག་ཀྱང་བྱུང་མེད།

ལྔ།  ཁོང་ལ་འཐབ་རྩོད་ཀྱི་ནུས་ཤུགས་ངོས་འཛིན་དང་། དེ་སྲུང་སྐྱོབ་ཐུབ་པའི་ཤེས་འཇོན་ཡོད། དེར་བརྟེན་བོད་གཞིས་བྱེས་གཞུང་མང་ཡོངས་རྫོགས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གྱི་ལམ་ཆེན་དུ་འཁྲིད་ནུས་པའི་ཤེས་འཇོན་ལྷག་བསམ་ཁོང་ལ་ཡོད། དེ་བཞིན་ཁོང་ལ་ཐེངས་མང་དངོས་མཇལ་རྒྱུས་ལོན་བྱས་པའི་བརྒྱུད་རིམ་ནས་ཁོང་ནི། མིང་དོན་མཚུངས་པའི་ན་གཞོན་བོད་དོན་འཐབ་རྩོད་པ་རྣམས་ལ་ཧ་ཅང་མཐོང་ཆེན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་སོགས་ཕྱོགས་ཡོངས་ནས། ད་ལྟའི་ཆེས་ཛ་དྲག་ཆེ་བའི་དུས་འདིར་ཁོང་ནི་སྤྱི་ཚོགས་འདིའི་ནང་སྲིད་སྐྱོང་ལ་མེད་དུ་མི་རུང་བའི་བདུད་རྩི་སྨན་མཆོག་ལྟ་བུའི་མི་སྣ་གལ་ཆེན་ཞིག་ཡིན།

དྲུག  ཁོང་ལ་བོད་ནང་དུ་ཡང་གོང་ཞུས་ལྟར་ཡིད་ཆེས་རྩེ་གཅིག་བྱེད་མཁན་གང་མང་ཡོད་ཅིང་། ང་རང་ཡང་སྔོན་མ་དེའི་ནང་གི་གཅིག་ཡིན། འོན་ཀྱང་བོད་ནང་ནས་ང་ཚོས་སྐུ་ངོ་ཁོང་གཅིག་པུས་ག་ལ་ཚད། མི་སྣ་གང་མང་ཞིག་ལ་ཧ་ཅང་རེ་བ་ཆེན་པོ་བྱས་མྱོང་། ཕྱིས་སུ་ང་བཙན་བྱོལ་ལ་འབྱོར་རྗེས། དེ་སྔོན་རེ་བ་ཆེ་བའི་མི་སྣ་གང་མང་ལ་རྒྱུས་ལོན་བྱུང་ཚེ། མི་སྣ་རེ་ཟུང་ཞིག་ནི་༧གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་སྟེ། རང་དོན་ཉག་གཅིག་བསྒྲུག་རྒྱུ་མ་གཏོགས། བོད་མིའི་འཐབ་རྩོད་དང་བོད་རྒྱལ་ཁབ་དང་མི་རིགས་སོགས་ནི་ཁོང་ཚོའི་ཧམ་བཤད་དང་སྟོང་གཏམ་གྱི་ལམ་ནས་རང་ཉིད་སྒེར་གྱི་ཁེ་ཕན་སྒྲུབ་བྱེད་ཙམ་ཡིན་པའི་ཚོར་སྣང་བྱུང་།

བདུན།  སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ནི་དེའི་རིགས་དང་མི་འདྲ་བར། གསེར་ལྟ་བུའི་ཁོང་གི་བབ་བརླིང་བརྟན་གསུམ་གྱི་ཐུགས་གཤིས་ལ་ནམ་ཡང་འགྱུར་བ་མེད་པར། རང་དོན་རྒྱབ་ཏུ་བཞག་སྟེ། སྤྱི་དོན་གཙོ་བོར་འཛིན་མཁན་ཞིག་དང་། ཐུགས་རྒྱུད་དྲང་ལ་ལྷག་བསམ་ཤེས་འཇོན་ཉམས་མྱོང་ཆེ། ཁོང་ལ་ཐུགས་སྤོབས་ཆེ་ཞིང་། གནད་འགག་གི་སྐབས་བྱ་བ་ཆེ་ཆུང་གང་ཡིན་ཡང་ཐག་གཅོད་གཙང་མ་གནང་རྒྱུའི་བློ་སྤོབས་ཡོད། དེར་བརྟེན་སྐུ་ངོ་མཆོག་ནི་༢༠༢༡ལོའི་སྲིད་སྐྱོང་ལ་མ་སྦྱངས་ཐབས་མེད་ཀྱི་མི་སྣ་གཙོ་བོ་དེ་ཡིན་པས། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཀྱང་ཉེན་ཚབས་ཆེ་བའི་དུས་སྐབས་དང་། གལ་ཆེའི་བོད་སྤྱི་བའི་རྩ་དོན་བཅས་གཙིགས་འཛིན་གྱིས། གདམས་བྱ་འདེམས་བྱེད་མ་ནོར་བ་གནང་རོགས་ཞུ།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༢༠/༠༨/༢༦

Leave a Reply

8 thoughts on “ཕྱི་ལོ་  ༢༠༢༡  ལོའི་སྲིད་སྐྱོང་འོས་མིར་མ་བཞེང་ཐབས་མེད་ཀྱི་མི་སྣ་ཞིག

  1. དངོས་འགྲུབ་ལགས་མི་གང་འདྲ་ཡིན་མིན་ངས་མི་ཤེས་ཀྱང་གཞུང་ཞབས་རྒྱུན་་རིང་གནང་ཉོང་མཁན་ཞིག་ལ་ངོས་འཛིན་ཞུ་མཆོག་་འོན་ཀྱང་བློ་ཕམས་ཞིག་དང་བསམ་ཚུལ་ཞིག་བདག་ལ་ཡོད་པ་ནི་་གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་འཕྱ་ལ་འགན་མ་ཟོད་པར་༢༠༡༩ ལོར་བདེ་བསུང་བཀའ་བློན་དགོངས་ཞུ་གནང་བ་འདི་ལ་བློ་ཕམས་བྱུང་ལ་དུས་ཚོད་ཉམ་འཕྲ་དེའི་སྐབས་གོང་ས་མཆོག་སྐུ་ཕྱ་ལ་སྔར་ལས་ཀྱང་དམ་ཟབ་གནང་དགོས་ལས་འོས་འགན་འཁུར་མ་ཟོད་པར་དགོངས་ཞུ་གནང་བ་དེ་མི་འོས་པ་མཐོང་སོང་བས་སྲིད་སྐྱོང་མི་འོས་སོ་

  2. གཞུང་པ་ཚེ་དབང་བསོད་ནམས

    མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་སྲིད་འཛིན་རྒན་གཞོན་གཉིས་དང་སྲིད་བློན་རྒན་གཞོན་གཉིས་ཀྱི་ས་མིག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཀོད་པ་བཞིན་ང་ཚོའི་སྲིེད་སྐྱོང་ལའང་སྲིད་སྐྱོང་གཞོན་པའི་ས་མིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གསར་འཇུག་དགོས་པ་དེ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

  3. འབྲོང་ཆུང་དངོས་གྲུབ་རྒྱ་རི་སྒྲོལ་མ་གཉིས། གཅིག་ལས་གཅིག་འཇོན་གཉིས་ཀར་འོས་པ་ཡིན། གཅིག་འཇམ་གཅིག་ངར་ངང་ནས་བོད་དོན་སྒྲུབ། དྲང་པོའོ་ལམ་ལས་འགྲོ་ན་འདི་གཉིས་འོས།

  4. ༄༅།།་ངེས་དྲི་བ་དེ་འཇིགས་མེད་ལ་ཡིན། མི་སྣ་གལ་ཆེ་སྟེ། བོད་བེད་སྲུང་་དཀའ་བློན་༧ གོང་ས་མཆོག་སྐུ་ལ་བསྲུང་སྐྱོབས་གལ་ཆེ་་དུས་ཡོན་མ་སྐྱོངས་ནས་དགོངས་པ་ཞུ་། 
    ཡང་སྲིད་སྐྱོངས་དུས་ཚོད་མ་ཟད་སྔོན་ལ་དགོངས་ཞུ་ནམ། གྲ་ འཇིགས་མེད་ལགས་གང་བྱེད་དམ་།