ཨ་རིའི་ནང་མེ་སྐྱོན་ཆེན་པོ་ཤོར།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རིའི་མངའ་སྡེ་ཨོ་རེ་གྷན་(Oregon)གྱི་གྲོང་ཁྱེར་(Ashland)ནས་མགོ་བཙུགས་ཏེ་ད་ལྟ་ཉེ་འཁོར་མངའ་སྡེ་ཁག་ ༡༢ ལྷག་གི་ནང་མེ་སྐྱོན་ཤོར་གྱི་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་ཆར་ཨ་རིའི་ནུབ་རྒྱུད་ཀྱི་མངའ་སྡེ་ཁག་ ༡༢ ལྷག་གི་ནང་མེ་སྐྱོན་བྱུང་སྟེ། བདག་མེད་སེམས་ཅན་སྟོང་ཕྲག་མང་པོ་དང་མི་གྲངས་ས་ཡ་མང་པོའི་འཚོ་གནས་ལ་གནོད་སྐྱོན་ཐེབས་ཏེ། ཉེན་གཡོལ་དུ་འགྲོ་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ད་ལྟ་ཨ་རིའི་གཞུང་གིས་རྒྱལ་ཡོངས་ཀྱི་མེ་གསོད་རུ་ཁག་ཡོངས་ལ་རོགས་རམ་དགོས་པའི་འབོད་སྐུལ་ཞུས་ཏེ། མེ་གསོད་ཞབས་ཞུ་བ་ ༡༤༠༠༠ ལྷག་གིས་མེ་གསོད་ཀྱི་ལས་དོན་ལ་འབད་བཞིན་ཡོད་ཀྱང་། ད་ལྟ་མེ་སྐྱོན་ཤུགས་ཆེ་རུ་ཕྱིན་ཏེ། ད་བར་ཉུང་མཐར་མི་གྲངས་ ༣༠ དང་སེམས་ཅན་བརྒྱ་ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག

ཨ་རིའི་རྒྱལ་ཡོངས་མེ་གསོད་འབྲེལ་མཐུད་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། ད་རེས་མེ་སྐྱོན་ཁྲོད་ཁྱོན་ས་ཁོངས་ཨར་ཀ་ས་ཡ་ ༤ དང་ཕྱེད་ཀ་མ་ཟིན་ཙམ་ལ་མེ་སྐྱོན་ཤོར་ཡོད་པ་དང་། མེ་སྐྱོན་དེ་ཕྱི་ཚེས་ ༩ ཉིན་ཨ་རིའི་མངའ་སྡེ་ཨོ་རེ་གྷན་(Oregon)གྱི་གྲོང་ཁྱེར་(Ashland)ནང་ཐོག་མར་བྱུང་ཞིང་། ས་གནས་ཀྱི་ཉེན་རྟོག་པས་མེ་སྐྱོན་དེ་ནི་རང་བྱུང་གི་འཇིགས་པ་ཞིག་མ་ཡིན་པར་མིས་བཟོས་པ་ཡིན་པའི་དོགས་གཞི་བྱེད་ཀྱི་ཡོད་འདུག

མངའ་སྡེ་ཨོ་རེ་གྷན་གྱི་སྤྱི་ཁྱབ་སྲིད་སྐྱོང་བྷི་རོན་ (Brown) ལགས་ཀྱིས། ང་ཚོས་ད་སྔ་བར་གསོད་མི་ཐུབ་པའི་མེ་སྐྱོན་འདི་འདྲ་ང་ཚོའི་མངའ་སྡེའི་ནང་བྱུང་བ་མཐོང་མྱོང་མེད། ཅེས་བརྗོད་ཡོད་པ་དང་། མེ་སྟག་ཐོག་མར་མཆེད་སའི་གྲོང་ཁྱེར་ཨེ་ཤི་ལན་ཌིའི་སྤྱི་ཁྱབ་ཉེན་རྟོག་དཔོན་(Tighe O’Meara) ལགས་ཀྱིས། ང་ཚོས་མེ་སྐྱོན་འདི་མིས་བཟོས་པ་ཡིན་པར་རྒྱུ་མཚན་མང་པོ་ཞིག་ཡོད། ཅེས་རྐང་བཙུགས་ཏེ་མེ་སྐྱོན་གྱི་ཟིང་ཆ་སློང་གི་ཡོད་པའི་དོགས་གཞི་བྱེད་ཀྱི་ཡོད་འདུག

ཨ་རིའི་རྒྱལ་ཡོངས་མེ་སྐྱོན་རྟོག་ཞིབ་ལྟེ་གནས་ཁང་གིས། མངའ་སྡེ་ཁ་ལེ་ཧྥོ་ནེ་ཡ་དང་ཨོ་རེ་གྷན། དེ་བཞིན་ཝང་ཤི་ཊོན་བཅས་ཀྱི་མི་སྐྱོན་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པའི་ཉེན་བརྡ་བཏང་ཡོད་པ་དང་། ད་ལྟ་ཨ་རིའི་སྲིད་འཛིན་འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་སྟབས། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ཁུ་སིམ་མེར་བསྡད་པར་མང་ཚོགས་ཁྲོད་སྐྱོན་བརྗོད་དང་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནཱན་སི་པོལ་སི་མཆོག་གིས་དབུ་སྐྲ་གཏུབ་ཡོད་པ་དང་མེ་སྐྱོན་ཐད་སྐད་ཆ་གང་ཡང་བཤད་མེད་སྟབས་མི་མང་གིས་མོར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུགཨ་རིའི་(Portland Tribune)གསར་ཁང་གི་གནས་ཚུལ་ནང་། མེ་སྐྱོན་ཤུགས་ཇེ་ཆེར་ཕྱིན་པའི་དཀའ་ངལ་འོག ཁ་སང་པོར་ཊི་ལན་ཌིའི་མཁའ་དབུགས་འབག་བཙོག་འཛམ་གླིང་གི་མཁའ་རླུང་འབག་བཙོག་སྡུག་ཤོས་དེ་ཆགས་ཡོད་པ་དང་། དེ་ནི་འཛམ་གླིང་གི་མཁའ་རླུང་སྡུག་ཤོས་ཡིན་པའི་ཨིན་ཌོ་ནེ་ཞི་ཡའི་རྒྱལ་ས་(Jakarta)དང་རྒྱ་གར་རྒྱལ་ས་ལྡི་ལི། དེ་བཞིན། པ་ཀི་སི་ཐན་གྱི་ལཱ་ཧོར་སོགས་ལས་བརྒལ་ཡོད་པ་རེད་ལ། མཁའ་རླུང་འབག་བཙོག་ཤོར་བ་དང་འབྲེལ། དབུགས་གཏོང་ལེན་ཐད་དཀའ་ངལ་ཡོད་པའི་ནད་པ་ཚོ་ཁང་ཁྱིམ་གྱི་ཕྱི་ལོགས་སུ་མི་འགྲོ་བའི་འབོད་སྐུལ་ཞུས་ཡོད་འདུག

ད་ལྟ་མེ་སྐྱོན་གྱི་དཀའ་ངལ་འཕྲད་བཞིན་པའི་ཨ་རིའི་མངའ་སྡེ་ཁག་ ༡༢ ནི། ཨོ་རེ་གྷན་མངའ་སྡེ་ནས་ཐོག་མར་མཆེད་དེ། ཁྱིམ་མཚེས་མངའ་སྡེ་ཁ་ལེ་ཧྥོ་ནེ་ཡ་དང་ཨ་ལ་སི་ག་(Alaska) ཨ་རེ་རྫོ་ན་ (Arizona) དང་ཁུ་ལོ་རེ་ཌོ་ (Colorado) ། ཨི་ཌ་ཧོ་ (Idaho) དང་མོན་ཊ་ནཱ་ ་(Montana) ། ནེ་ཝ་ཌ་ (Nevada) ། མེག་སུ་ཁོ་གསར་པ་ (New Mexico)། ཊག་ཟ་སི་ (Texas)། ཨོ་ཊཱ་ (Utah)དང་ཝ་ཡོ་མེན་ (Wyoming)། ཝང་ཤི་ཊོན་བཅས་ཡིན་པ་དང་། མངའ་སྡེ་ཨོ་རེ་གྷན་དང་ཝང་ཤི་ཊོན་གཉིས་ནང་དེ་སྔོན་ནས་མེ་སྐྱོན་བྱུང་བའི་ལོ་རྒྱུས་མང་པོ་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ལོར་མངའ་སྡེ་ཁ་ལེ་ཧྥོ་ནེ་ཡའི་ནང་མེ་སྐྱོན་བྱུང་སྟེ། ཁྱོན་ཁང་ཁྱིམ་ཁྲི་ ༢ ལྷག་ལ་གནོད་སྐྱོན་དང་མི་གྲངས་ ༨༠ ལྷག་རྐྱེན་འདས་སུ་ཕྱིན་ཞིང་། ཨོ་རེ་གྷན་ནི་ཐེངས་འདིའི་མེ་སྐྱོན་ཁྲོད་གྱོང་གུད་ཚབས་ཆེ་ཤོས་ཕོག་ཡུལ་ཏུ་གྱུར་ཡོད་པ་དང་། ཕྱི་ལོ་  ༢༠༡༧ ལོར་མེ་སྐྱོན་གྱི་དཀའ་ངལ་འོག ཁྱོན་མི་གྲངས་ ༧༧༩ དང་སེམས་ཅན་གྲངས་ ༡༠༦༩ བཅས་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༡༡

Leave a Reply