རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ ༢༤ ལ་ཏོག་དབྱིབས་ནད་རྟཊ་ཐོན།

རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་ ༢༤ ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པ་དང་ད་དུང་དེ་ལས་མང་བར་འགོས་ཁྱབ་སོང་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུགདེ་རིང་རྒྱ་གར་དབུས་གྲོས་ཚོགས་འོག་མའི་ཆར་དུས་གྲོས་ཚོགས་ཚོགས་བཞིན་པ་ལྟར། གྲོས་ཚོགས་ཀྱི་ལས་ཉིན་དང་པོར་འཐུས་མི་གྲངས་ ༢༤ ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པ་དང་། ད་ལྟའི་ཆར་གྲོས་ཚོགས་མུ་མཐུད་འགྲོ་བཞིན་ཡོད་པ་མ་ཟད། བདུན་ཕྲག་རྗེས་མའི་བར་མུ་མཐུད་ལས་རིམ་འགྲོ་ཐུབ་པ་གནང་རྒྱུ་ཡིན་སྐོར་གསུངས་འདུག

རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་ཀྱིས་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་སྟེང་མི་གྲངས་ ༣༥༩ ཞུགས་ཡོད་པ་ལས། གྲོས་ཚོགས་འོག་མིའི་ནང་མི་གྲངས ༢༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། གྲོས་ཚོགས་སྐབས་འཐུས་མི་ཚོར་ནད་ཡམས་རྐྱེན་གྱིས་འདུག་སྟེགས་བར་རྒྱང་ཐག་འཇོག་པ་དང་། རྒྱུན་གཏན་རིམས་ནད་སྔོན་འགོག་གི་ལས་དོན་ཁག་ལག་བསྟར་བྱེད་བཞིན་ཡོད་ན་ཡང་། འགོས་ནད་ཁྱབ་ཡོད་སྐོར་དང་། ད་དུང་དེ་ལས་མང་བ་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཐེངས་འདིར་ནད་རྟགས་ཐོན་ཡོད་པའི་ཁྲོད་མེ་འཁོར་བློན་ཆེན་སོ་རེ་ཤི་ཨན་གྷ་དྷེ(Suresh Angadi)མཆོག་དང་། པེ་ཇི་པེ་གྲོས་ཚོགས་འཐུས་མི་ལའེ་ཁཱ(Meenakshi Lekhi)དང་ཨན་ཊི(Anant Kumar)། པིར་ཝེ་ཤི(Parvesh Sahib Singh)དང་ (Rita Bahuguna Joshi)། ཀོ་ཤིལ་(Kaushal Kishore)སོགས་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ཤུགས་ཆེར་ཁྱབ་བཞིན་པའི་སྐབས་འདིར། གྲོས་ཚོགས་ཚོགས་པར་འཐུས་མི་མང་པོས་མོས་མཐུན་གནང་གི་མེད་འདུག

དེ་རིང་གི་གྲངས་འབོར་ལྟར་ན་རྒྱ་གར་ནང་འདས་པའི་ཆུ་ཚོད་ ༢༤ རིང་མི་གྲངས་ ༩༢༠༧༡ ལྷག་ལ་ནད་རྟགས་ཐོན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༡༥

Leave a Reply