བཀའ་ཡིག་རྫུན་བཟོའི་རིགས་ལ་ཡིད་གཟབ་དགོས།

སྤྱི་ཚོགས་དྲ་ལམ་དུ་བཀའ་ཡིག་རྫུན་མ་སྤེལ་བ་དེར་ཕོ་བྲང་ནས་གསལ་བསྒྲགས་གནང་སྟེ་རྫུན་བཟོ་དེ་རིགས་མ་འོངས་པལའང་ཡོང་སྲིད་པས་ཚང་མས་ཐུགས་གཟབ་གནང་དགོས་སྐོར་གསུངས་འདུག 

ཁ་སང་ཕྱི་ཚེས་ ༢༠ ཉིན་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་ཐོག་ལ་བཀའ་ཡིག་རྫུན་མ་ཞིག་བཟོས་ཏེ། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་མིའི་ནང་ལབ་གླེང་རྩོད་གཞི་ཡོད་པ་ཞིག་མི་ཡོང་བར་བོད་མི་ཚང་མས་འགན་འཁུར་ཧུར་ལེན་དགོས་སྐོར་བསྒྲགས་པ་དེར། དེ་རིང་དགའ་ལྡན་ཕོ་བྲང་ནས་གསལ་བསྒྲགས་ཤིག་གནང་སྟེ། བཀའ་ཡིག་ཕྱག་རྟགས་སོགས་རྫུན་བཟོ་བྱས་ཏེ་མང་ཚོགས་ལ་མགོ་སྐོར་གཏོང་མཁན་རེ་ཟུང་ཡོང་གི་ཡོད་པས། ཚང་མས་སྤྱང་གྲུང་དང་ཚོར་སྣང་སྐྱེན་པོས་ཐུགས་གཟབ་གནང་དགོས་སྐོར་གསུངས་འདུག

དེ་ཡང་ཕོ་བྲང་གི་གསལ་བསྒྲགས་ནང་། སྤྱིར་ཡིག་འཁྱམ་ཁག་ལ་ལན་འདེབས་བྱེད་དགོས་མེད་ཀྱང་། ལས་ཤོག་དང་སྦུག་ཐམ་རྫུན་མའི་དབང་གིས་རྒྱུས་མངའ་མེད་པ་རྣམས་མགོ་བོ་རྨོངས་ཉེན་ཡོད་པ་མ་ཟད། འདི་གར་འདྲི་རྩད་བྱེད་མཁན་ཡང་ས་ཁུལ་གང་ས་ནས་མང་དག་ཅིག་ཡོང་བཞིན་པར་བརྟེན། དོགས་སེལ་གསལ་བསྒྲགས་ཤིག་དགོས་གལ་མཐོང་བས་གསལ་བཤད་ཞུ་རྒྱུར། བཀའ་ཡིག་རྫུན་མ་དེ་བཞིན་༧གོང་ས་མཆོག་གི་བཀའ་ཡིག་མིན་པར་རྫུན་གཏམ་ཁོ་ན་ཡིན་པ་མ་ཟད། ༧གོང་ས་མཆོག་ལ་མཚན་ཤས་དང་བོད་མིའི་མཐུན་སྒྲིལ་ལ་གནོད་གཞིའི་དམིགས་ཡུལ་ངན་བཅངས་ཡིན་པ་ཤིན་ཏུ་གསལ་བས་སུས་ཀྱང་ཡིད་ཆེས་གནང་དགོས་མེད། ཅེས་གསུངས་འདུག

ཡང་གསལ་བཤད་ནང་། ༧གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ནས་ཆབ་སྲིད་ཀྱི་ཐུགས་འགན་ཅམ་བཞག་གནང་བ་ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་ལས་རིམ་ནང་ཐེ་བྱུས་གནང་གི་མེད་པ་ཀུན་གྱིས་མཁྱེན་གསལ་དང་། དེ་སྔོན་ཡང་བཀའ་ཡིག་ཕྱག་རྟགས་ལྗགས་རྩོམ་སོགས་རྫུན་བཟོས་ཀྱིས་མང་ཚོགས་ལ་མགོ་སྐོར་གཏོང་ཐབས་བྱེད་མཁན་རེ་ཟུང་བྱུང་ཡོད་ཅིང་། ད་ལན་ཡང་གནས་ཚུལ་འདི་བཞིན་བྱུང་བ་དང་། འབྱུང་འགྱུར་ཡང་འདི་རིགས་ཡོང་སྲིད་ན། མང་ཚོགས་ནས་སྤྱང་གྲུང་དང་ཚོར་སྣང་སྐྱེན་པོས་ཐུགས་གཟབ་གནང་དགོས། ཞེས་གསུངས་འདུགཁ་སང་ཕྱི་ཚེས་ ༢༠ ཉིན་སྤྱི་ཚོགས་བརྒྱུད་ལམ་ཁག་ཏ་སྤེལ་བའི་བཀའ་ཡིག་རྫུན་མའི་ནང་དུ། སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སུ་མི་མང་རང་ཉིད་ནས་ཆ་ཤས་ལེན་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་ཡང་། སྲིད་སྐྱོང་ལས་ཐོག་པ་བློ་བཟང་སེང་གེ་ལགས་ནས་ད་བར་ལྷག་བསམ་རྣམ་དག་གིས་ཕྱག་ལས་རླབས་ཆེན་དེ་དག་ལ་བཀའ་དྲིན་དྲན་པའི་སྒོ་ནས་ཉིས་སྟོང་ཉེར་ཅིག་གི་སྲིད་སྐྱོང་དེ། ད་ལྟའི་སྲིད་སྐྱོང་གི་ལས་མཇུག་སྐྱོང་མཁན་མི་བུ་རྣམ་དཔྱོད་དང་ལྡན་པ་ཞིག་འོས་འདེམས་བྱེད་དགོས་པ་ལས། ལབ་གླེང་དང་རྩོད་གཞི་ཅན་གྱི་མི་ཞིག་ནམ་ཡང་འོས་མིའི་གྲལ་དུ་མེད་པ་བྱེད་རྒྱུ་དེ་བོད་མི་ཚང་མའི་འགན་འཁྲི་ཡིན་པས་ལྷོད་པ་མེད་པ་དགོས་སྐོར་བྲིས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༢༡

Leave a Reply

4 thoughts on “བཀའ་ཡིག་རྫུན་བཟོའི་རིགས་ལ་ཡིད་གཟབ་དགོས།

  1. གནད་དོན་འདི་རིགས་ལ་བོད་མིའི་སྒྲིག་འཛུགས་ལ་འགན་ཡོད་པ་རེད་ལ། ཚོགས་པ་དང་མི་སྒེར་སུ་ཡིན་ཡང་མགོ་རུལ་སྣ་ཡི་མ་ཚོར་བ་མ་ཡིན་པར་ས་འཕྱར་ན་རྡོ་ལྷུང་ལ་འབུད་ཟེར་བ་ལྟར་རྩད་གཅོད་ནན་མོ་བྱེད་རྒྱུ་གལ།

  2. བསོད་ནམས་རྒྱལ་མཚན།

    ལས་ཤོག་རྫུས་མ་ བཟོས་པས་མ་ཚད་ དགོན་པའི་ནང་་་ ད་ལན་སྲིད་སྐྱོང་ (སྐལ་རྡོར་) ཡིན་ཡིན་པ་རེད། ཁོ་མ་བླུག་ན་ སུ་བླུག་དགོས། ཁོ་ལ་སློབ་སྦྱོང་ནི་ཡོད། འཇོན་ཐང་ནི་ཡོད་ ད་ལྟ་ནས་་་ དགོན་པའི་ནང་འོས་སྡུས་་་ གསལ་བསྒྲགས་ སྤེལ་མཁན་མི་མ་སླེབ་གོང་ནས་ གསལ་བསྒྲགས་ད་ལྟ་ནས་འགོ་ཚུགས་བཞིན་འདུག བོད་པའི་ལས་དབང་། ལུང་པ་མེད་པས་སྒང་ལ་་་ ཕྱི་ནས་རྒྱ་གར་་་་ བོད་པ་རྒྱ་གར་རྒྱབ་ལ་ལང་དགོས་ཡོད་དོག་དོག ནང་ནས་ སྲིད་སྐྱོང་གིས་དཀའ་རྙོག

    1. ཁྱེད་ཀྱིས་ཅི་ཞིག་གསུང་གི་ཡོད་ཤེས་མ་སོང་། ཕལ་ཆེར་དགོན་པ་ཚོར་སྐྱོན་བརྗོད་བྱེད་ཀི་ཡོད་པ་འདྲ། ཧཧཧཧ།