བོད་རིགས་ལུས་རྩལ་བ་བཞི་ལ་རྒྱལ་ཡོངས་རྒྱལ་ཁ་ཐོབ།

ཕྱི་ལོ་ ༢༠༢༠ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་བསྡུར་ཁྲོད་བོད་རིགས་ལུས་རྩལ་བ་ ༤ ཡིས་ཨང་དང་པོའི་བྱ་དགའ་གཉིས་དང་ཨང་གཉིས་པ་གསུམ་པ་རེ་རེ་བླངས་འདུག
 ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཕྱི་ལོ་ ༢༠༢༠ ལོའི་རྒྱལ་ཡོངས་ཀྱི་རྒྱུགརྩལ་འགྲན་བསྡུར་གྱི་སྐྱེས་པའི་སྤྱི་ལེ་ ༥༠ ཡི་རྟིང་རྩོད་འགྲན་བསྡུར་ཁྲོད། བོད་མཚོ་སྔོན་ཞིང་ཆེན་རྐང་ཚ་ནས་ཡིན་པའི་བོད་རིགས་རྒྱུག་རྩལ་བ་བཀྲ་ཤིས་གཡང་འབུམ་ལགས་ཀྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་ཡོད་པ་དང་། དེ་བཞིན་བུད་མེད་ཀྱི་སྤྱི་ལེ ༡༠ ཡི་འདུར་རྒྱུག་འགྲན་སྡུར་ཁྲོད། མཚོ་སྔོན་གྱི་འགྲན་ཞུགས་པ་ཉིག་སྒྲོལ་མ་གཡང་སྐྱིད་ཀྱིས་སྐར་མ་ ༤༤ དང་སྐར་ཆ ༥༥ ལས་མ་འགོར་བར་ཨང་དང་པོ་བླངས་པ་དང་། འགྲན་ཞུགས་པ་ཤེས་རབ་མཚོས་སྐར་མ ༤༥ དང་སྐར་ཆ་ ༠༨ ཀྱི་གྲུབ་འབྲས་ལས་ཨང་གཉིས་པ་བླངས་ཡོད་པ་རེད།
དེ་བཞིན།  སྐྱེས་པའི་རྨིད་ ༡༠༠༠༠ གི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་བོད་དབུས་གཙང་ཕྱོགས་ནས་ཡིན་པའི་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ཀྱིས། དུས་ཡུན་སྐར་མ་ ༣༠ དང་སྐར་ ༠༢ གྲངས་ཆུང་ ༦༧ གྱི་གྲུབ་འབྲས་བླངས་ཏེ་རྒྱ་ནག་རྒྱལ་ཡོངས་ཀྱི་ཨང་གསུམ་པ་ཐོབ་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༢༢

Leave a Reply