སློབ་གསོ་བ་བརྒྱ་ལྷག་གིས་ཧོང་ཀོང་གི་སློབ་གསོའི་རང་དབང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས།

འཛམ་གླིང་རྒྱལ་ཁབ་ ༡༦ གི་སློབ་གསོའི་ལྟེ་གནས་ཁང་ ༧༡ དང་སློབ་གསོ་བ་ ༡༠༣ མཉམ་རུབ་ཀྱིས་ཧོང་ཀོང་གི་སློབ་གསོའི་རང་དབང་ལ་དམིགས་བསལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུགཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཟེར་བ་ལག་བསྟར་བྱས་ཏེ། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་དམིགས་བསལ་འཛིན་སྐྱོང་གི་གནས་བབ་བརླག་གི་ཡོད་པ་དང་། དམིགས་བསལ་དམངས་གཙོ་དང་རང་དབང་འདྲ་མཉམ། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་སོགས་ཉམས་དམས་སུ་འགྲོ་ཡི་ཡོད་པ་མ་ཟད། ད་ལྟའི་ཆར་བྱེ་བྲག་ཏུ་ཧོང་ཀོང་གི་སློབ་གསོའི་རང་དབང་ཐོག་དྲག་གནོན་ཡོང་གི་ཡོད་སྟབས། འཛམ་གླིང་རྒྱལ་ཁབ་ ༡༦ གི་སློབ་གསོའི་ལྟེ་གནས་ཁང་ ༧༡ དང་སློབ་གསོ་བ་ ༡༠༣ མཉམ་རུབ་ཀྱིས།  ཧོང་ཀོང་གི་སློབ་གསོའི་རང་དབང་ལ་དམིགས་བསལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག

སློབ་གསོ་བ་ ༡༠༣ གྱི་མཉམ་འབྲེལ་བསྒྲགས་གཏམ་ནང་། ད་ལྟ་ཧོང་ཀོང་གི་སློབ་གསོའི་ཁོར་ཡུག་ཏུ་འཕྲད་བཞིན་པའི་དཀའ་ངལ་རྣམས་གཙུག་ལག་སློབ་ཆེན་ཁག་གཅིག་པུ་ཡིས་སེལ་ཐུབ་ཐབས་མེད་པས། ད་ལྟ་དཀའ་ངལ་འདི་སེལ་བར་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་དང་གཞུང་གི་ལས་བྱེད་རྒན་པ། དེ་བཞིན། གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་གཙོ་འཛིན་རྣམས་དང་སློབ་གསོ་བ་སོགས་མཉམ་འབྲེལ་གྱིས་སློབ་གསོ་དང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

ཡང་བསྒྲགས་གཏམ་ནང་། རྒྱ་ནག་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཟེར་བའི་ནང་གསེས་དོན་ཚན་ ༣༨ རྒྱལ་སྤྱིའི་རང་བཞིན་དམིགས་འབེན་བཟུང་སྟེ། ཧོང་ཀོང་དུ་ཡོད་པའི་ཕྱི་ནང་གི་སློབ་གསོ་བ་ཆེན་མོ་མི་སྒེར་དང་སློབ་གསོའི་ཁོར་ཡུག་ཀུན་ལ་དམར་ཤོག་གི་སློབ་གསོའི་དབང་སྒྱུར་དང་། དེ་བཞིན། སློབ་མའི་གཉེན་འབྲེལ་སོགས་ལ་གནོན་ཤུགས་སྤྲད་དེ་ཧོང་ཀོང་གི་སློབ་གསོའི་ཁོར་ཡུག་ནང་གསང་མྱུལ་བ་འཇོག་ཐབས་དང་འབྲེལ། སློབ་གསོ་གཙོས་པའི་སློབ་གསོ་བ་དང་ཁོར་ཡུག་ཀུན་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་པ་སོགས་ཀྱི་ཉེན་ཁ་ཡོད་སྐོར་བརྗོད་པ་རེད།

དབྱིན་ཡུལ་གྱི་རྒྱའི་རིག་གནས་འབྲེལ་མཐུད་ཁང་གིས། ཧོང་ཀོང་གི་ས་གནས་མགོ་འཁྲིད་ཚོས། སློབ་གྲྭ་ཆེན་མོ་ཁག་གི་སློབ་གསོ་ནི་རྒྱལ་ཁབ་མགོ་རྟིང་སློག་བྱེད་ཡིན་པའི་ངོས་འཛིན་འོག སློབ་མ་དང་དགེ་རྒན་ཚོར་ཉེས་ཆད་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་པ་དང་། ཐེངས་འདིའི་འབོད་སྐུལ་ཞུ་མཁན་ཁྲོད། འདས་ལོར་ཨ་རིའི་གྲོས་ཚོགས་ལ་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཟེར་བ་ཞུ་གཏུག་གནང་མཁན་ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཌན་གྷ་རེ་ཊི་ (Dan Garrett) ལགས་དང་ལི་ཁི་ཧྲུན་(Li Ka Shing)གཉིས་གཙོས་པའི་ལོ་རྒྱུས་དང་ཁྲིམས། ཆབ་སྲིད་རིག་པ་སོགས་ཀྱི་སློབ་དཔོན་ཆེན་མོ་རྐྱང་རྐྱང་ཡིན་འདུག

ཡང་བསྒྲགས་གཏམ་ནང་སློབ་གསོ་བ་དེ་དག་གིས། ཨ་རི་དང་ཡུ་རོབ། དབྱིན་ཡུལ། དེ་བཞིན། ཨོ་གླིང་དང་ནེའུ་རྫི་ལན་ཌི་སོགས་ཀྱི་ཚད་མཐོའི་ངོས་འཛིན་ལྡན་པའི་གཙུག་ལག་སློབ་གཉེར་ཁང་ཁག་གིས། རྒྱ་ནག་གིས་ཧོང་ཀོང་ནང་བདེ་འཇགས་ཁྲིམས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༠/༡༥

Leave a Reply

One thought on “སློབ་གསོ་བ་བརྒྱ་ལྷག་གིས་ཧོང་ཀོང་གི་སློབ་གསོའི་རང་དབང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས།

  1. བསོད་ནམས་རྒྱལ་མཚན།

    དུད་བབ་ཚང་ཡག་རྟགས་མིན་འདུག་ད། གནས་ཚུལ་སྦེད་སྐུང་བྱེད་ཀྱི་འདུག་ད། བོད་ཀྱི་དཔེ་ལ་་་་ བསྟན་པ་སྒང་ནས་ཤིག བློ་བཟང་སེང་གེའི་ བསྟན་པ་སྒང་ནས་ཤིག་ཚར། སྔ་སྟོད་ བཙན་བྱོལ་ཁྲིམ་ཞིབ་ཁང་ལ་མཐོང་ཆུང་དང་གཡབ་ཆུང་བཏང་། དེ་དང་ ཀཱཤ་མི་རི་ཡི་སྤྱི་ཆབ་བློན་ཆེན་ཟུར་པ་ མེཧ་བུབ་ མུག་ཏི་མཆོག་ལ་ Good 👍 ཀཱཤ་མིར་དང་ བོད་གཉིས་གཅིག་པ་རེད། གཅིག་ལ་རྒྱ་གར་གྱི་དམ་བསྒྲགས་དང་། གཅིག་ལ་རྒྱ་དམར་གྱི་དམ་བསྒྲགས། དམ་བསྒྲགས་ཡིན་པ་གཅིག་པ།། རིག་པས་ཏག་ཏག་བཀོད་ཀྱི་མིན་འདུག་ད།