སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་མཇལ་འཕྲད་གནང་།

ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷར་ཊི་ཨེ་ཌེ་སི་ཊོ་རོ་ (Robert A. Destro) ལགས་དང་མཇལ་འཕྲད་གནང་ཡོད་འདུགབོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དབྱིན་ཡིག་དྲ་རྒྱའི་ནང་བཀོད་པའི་གནས་ཚུལ་ལྟར་ན། སྲིད་སྐྱོང་མཆོག་གིས་སྐུ་ཞབས་ཌེ་སི་ཊོ་རོ་དང་མཇལ་འཕྲད་གནང་སྐབས། ཨ་རིའི་གཞུང་ནས་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེ་གཏན་འབེབ་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང་། བོད་ནང་གི་གནས་སྟངས་ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་ཡོད་པའི་གནས་སྟངས་སོགས་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་དབུ་མའི་ལམ་གྱི་ཐོག་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱེད་དུ་འཇུག་རྒྱུའི་འབོད་སྐུལ་ཞུས་པ་དང་འབྲེལ། སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊོ་རོ་ལགས་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་སུ་གཟིགས་སྐོར་ལ་ཕེབས་རྒྱུའི་མགྲོན་འབོད་གནང་ཡོད་འདུག

ཐེངས་འདིའི་ཐུག་འཕྲད་དང་འབྲེལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ལན་གྱི་ཐུག་འཕྲད་འདི་ནི་ལོ་མང་རིང་ནས་བོད་མིའི་སྒྲིག་འཛུགས་ཀྱིས་དཀའ་ལས་བརྒྱབ་པའི་འབྲས་བུ་ཞིག་ཡིན་པ་དང་། ང་ཚོས་ད་ཐེངས་ཀྱི་གོ་སྐབས་དང་བསྟུན་ནས་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་དང་ཨ་རིའི་དཔོན་རིགས་བར་ཐད་ཀར་འབྲེལ་ལམ་འཛུགས་ཐུབ་རྒྱུའི་ཕྱོགས་སུ་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་དང་། དེ་བཞིན་སྔར་བྱུང་མྱོང་མེད་པའི་ཐུག་འཕྲད་འདིས། ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་འདི་བཞིན་སྲིད་གཞུང་གཞན་ལྟར་གཅིག་མཚུངས་སུ་ལྟ་ཡི་ཡོད་པའི་རྣམ་པ་ཤུགས་ཆེ་རུ་བསྟན་ཐུབ་ཡོད་ལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བར་མཚོན་ན་རྒྱལ་ཁ་ཞིག་ཡིན། ཞེས་གསུངས་འདུགགཞུང་འབྲེལ་གནས་ཚུལ་ལྟར་ན། ཁ་སང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་མི་འབོར་དང་སྐྱབས་བཅོལ། གཞིས་སྤོས་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་གཞོན་པ་རི་ཆར་ཌི་ཨལ་བྷ་རག་ཊི་ (Richard Albright) དང་། གཞན་ཡང་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་ཁེ་རོལ་ཐོམ་སོན་ (Carol Thompson O’Connell)། དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོའི་གནད་ཡོད་མགོ་འཁྲིད་གཞན་ལའང་མཇལ་འཕྲད་གནང་ཡོད་འདུག་ལ། ཐེངས་འདིའི་ཐུག་འཕྲད་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཞིག་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་གཞུང་འབྲེལ་ཐོག་མགྲོན་འབོད་ཞུས་པ་ཐེངས་དང་པོ་ཆགས་ཡོད་སྐོར་བཀོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གཞུང་གིས་རྒྱལ་སྲིད་ལྷན་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་ (Assistant Secretary) སྐུ་ཞབས་རོ་བྷར་ཊི་ཨེ་ཌེ་སི་ཊོ་རོ་ལགས། འདས་པའི་ལོ་ ༣ ལྷག་རིང་སྟོང་པར་ལུས་པའི་བོད་དོན་དམིགས་འབྲེལ་མཐུད་པའི་ལས་གནས་སུ་བསྐོ་གཞག་གནང་ཡོད་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲའོ་ལི་ཅན་ཟེར་བ་དེས་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟེར་བ་ཞིག་བསྐོ་གཞག་བྱས་པ་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་དང་། བོད་ཀྱི་ཡར་རྒྱས་དང་བརྟན་བརླིང་ལ་གནོད་སྐྱོན་གཏོང་ཐབས་ཀྱི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་ཡིན་པ་དང་། རྒྱ་ནག་ངོས་ནས་ད་བར་དེར་ངོས་ལེན་ཞུས་མྱོང་མེད་ལ། ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད། ཅེས་དང་། ཨ་རིའི་བོད་དོན་ཁ་ལ་ཁྱེར་ཏེ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པ་དང་། རྒྱ་ནག་ངོས་ནས་རང་གི་ཁེ་དབང་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་ཐག་གཅོད་བྱ་ངེས་ཡིན། ཞེས་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༢༠

Leave a Reply

2 thoughts on “སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་མཇལ་འཕྲད་གནང་།

  1. ༈དེང་རིང་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་གཞུང་རྫོགས་ལ་ཉེ་སྐབས་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་གནང་བ་ནི་བོད་དོན་ལ་ཕན་ལས་གནོད་པ་སྐྱེལ་བྱེད་དང་། ལོ་བཞི་ལྷག་རིང་ཁྲོ་རྒན་གྱི་སྐད་ཅོར་བརྒྱབ་པ་དེ་སྤྱིར་འཛམ་གླིང་ཡོངས་ལ་གནོད་པ་དང་ལྷག་པར་ཨ་རི་དང་རྒྱ་ནག་གཉིས་ལ་གྱོང་རྒུད་ཕོགས་ནས་མི་མང་གི་ངོ་རྒོལ་བྱེད་བཞིན་ཡོད་པ་ཕྱི་གསལ་ནང་གསལ་རེད། ཟླ་གཅིག་རྗེས་ནས་བོད་དོན་འབྲེལ་མཐུད་པའི་ཚེ་ཚད་ཀྱང་རྫོགས་འགྲོ་གི་རེད། དེ་སྐབས་རྡ་སའི་བོད་གཞུང་དང་སྲིད་སྐྱོང་སླར་ཡང་བོད་དོན་འབྲེལ་མཐུད་པ་འཚོལ་བ་ལ་ལོ་བཞི་ལྷག་འགོར་གི་རེད། ཧ་ཧ་ཧ་ཧ་ཧ་ཧ་་་་་་ངོ་མ་ཡིན་མིན་རྗེས་མ་མི་མང་ཚོའི་གཟིགས་རོགས་ཞུ་ཞུ།