ཝེ་ཐི་ནམ་ནང་རང་བྱུང་གོད་ཆག་ཆེན་པོ་བྱུང་།

ཝེ་ཐི་ནམ་གྱི་མངའ་སྡེ་ཁག་ཅིག་ནང་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་ཕོག་སྟེ་ཉུང་མཐར་མི་གྲངས་ ༩༠ རྐྱེན་འདས་དང་མི་གྲངས་འབུམ་གཅིག་ལྷག་གི་འཚོ་བར་གནོད་སྐྱོན་ཐེབས་ཡོད་འདུག  ཁ་སང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཝི་ཐི་ནམ་ (Vietnam)གྱི་རྒྱ་གྲམ་དམར་པོའི་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། ཡུལ་དེའི་ནང་ཆར་ཤུགས་ཆེན་པོ་བསྟུད་མར་བབས་པའི་རྐྱེན་གྱིས།  ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནས་བཟུང་ཆུ་ལོག་དང་ས་ཉིལ་བ་སོགས་ཀྱིས། ཁྱིམ་ཚང་ ༡༧༨༠༠༠ ལྷག་གི་ཁང་ཁྱིམ་ལ་གཏོར་སྐྱོན་བྱུང་བ་སོགས་འཛུགས་སྐྲུན་ཐད་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་མ་ཟད། མི་གྲངས་ ༩༠ རྐྱེན་འདས་དང་། མི་ ༣༤ བོར་བརླག མི་གྲངས་འབུམ་གཅིག་ལྷག་གི་འཚོ་བར་གནོད་སྐྱོན་ཐེབས་པ་དང་། སྒོ་ཕྱུགས་སེམས་ཅན་འབུམ་ ༥ ལྷག་ལ་འཆི་རྐྱེན་བྱུང་ཡོད་འདུག

ད་ལྟའི་ཆར་ཝེ་ཐི་ནམ་གཞུང་དང་རྒྱལ་སྤྱིའི་རོགས་ཚོགས་བཅས་ནས་གནོད་ཐེབས་ས་ཁུལ་དུ་མྱུར་སྐྱོབ་རོགས་རམ་བྱེད་བཞིན་པའི་སྒང་ཡིན་འདུག་ལ། དེ་རིང་ཀོང་ནམ་མངའ་སྡེའི་གནམ་གཤིས་སྔོན་བརྡ་ཁང་གིས། མ་འོངས་ཉིན་གྲངས་ ༡༤ རིང་བསྟུད་མར་ཆར་པ་འབབ་རྒྱུ་ཡིན་པའི་སྔོན་བརྡ་བཏང་འདུག

བྷི་བྷི་སིའི་གསར་འགྱུར་ལྟར་ན། རྒྱལ་སྤྱིའི་རྒྱ་འགྲམ་དམར་པོ་ཚོགས་པས་(The International Federation of the Red Cross)ཝི་ཐི་ནམ་གྱི་མི་ཁྲི་བཅུ་གྲངས་ལ་ཛ་དྲག་གི་སྡོད་གནས་དང་། འཐུང་ཆུ་དང་ཟས་རིགས་སོགས་ཀྱི་རོགས་སྐྱོར་དགོས་པ་དང་། ཕྱོགས་ཡོངས་ནས་མིའི་སེམས་ཁམས་འཕྲོད་བསྟེན་སོགས་ལ་སྔོན་འགོག་དང་ལམ་སྟོན་དགོས་སྐོར་བརྗོད་འདུག་ལ། ཚོགས་པ་དེས་ཝི་ཐི་ནམ་གྱི་མི་མང་ལ་རོགས་དངུལ་ཨ་སྒོར་ ༣༢༥༠༠༠ གནང་ཡོད་འདུགད་ལན་རང་བྱུང་གོད་ཆག་བྱུང་བ་ཚབས་ཆེ་ཤོས་ཀྱི་མངའ་སྡེ་ཁག་ནི། ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་སུ་གྱུར་བའི་ཀོང་ནམ་ (Quang Nam)དང་།  ཀོང་ཊི་(Quang Tri)།   ཐུ་ཐིན་ཧུའེ། (Thua Thien Hu་e)། བཅས་ཡིན་པ་དང་། དེ་བཞིན་མངའ་སྡེ་ཉེའི་ཨན་ (Nghe An) དང་ཧཱ་ཊན་ (Ha Tinh) སོགས་ཀྱི་ནང་དུའང་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་། འགྲིམ་འགྲུལ་འགྲོ་འོང་ཚོད་འཛིན་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༦ ཉིན་ཝི་ཐི་ནམ་གྱི་དབུས་ཁུལ་དུ་རླུང་འཚུབ་དྲག་པོ་ (Typhoon Doksuri) བྱུང་སྟེ། མངའ་སྡེ་ཧཱ་ཊན་ (Ha Tinh) དང་ཀོང་སྦིང་ (Quang Binh)ནང་མི་ ༦ འདས་གྲོངས་སུ་ཕྱིན་པ་དང་། དཔལ་འབྱོར་གྱི་གྱོང་གུད་ཨ་སྒོར་ ༡༩༣༠༠༠ ལྷག་ཕོག་ཡོད་འདུག

བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༠/༢༡

Leave a Reply