གསང་མྱུལ་བ་རྩད་ཞིབ་ཆེད་བོད་རྒྱའི་སྐད་ཡིག་ཤེས་མཁན་བསྡུ་འཆར་འདུག

གསང་མྱུལ་བའི་གནད་དོན་རྩད་ཞིབ་ཆེད་ཧི་མ་ཅཱལ་མངའ་སྡེའི་དྷ་རམ་ས་ལ་དང་ཀུ་ལི་མ་ནཱ་ལི། སིམ་ལ་སོགས་ཀྱི་གསང་བའི་ལས་ཁུངས་ནང་བོད་སྐད་དང་རྒྱ་སྐད་ཡག་པོ་ཤེས་མཁན་གསར་འཇུག་གནང་འཆར་འདུག

རྒྱ་གར་ཊི་བྷོན་(tribune)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ཉེན་རྟོག་ཁང་ནས་གསང་མྱུལ་དང་འབྲེལ་བའི་གསལ་འགོད་གསལ་བསྒྲགས་ཤིག་དང་བསྟུན། ཧི་མ་ཅཱལ་མངའ་སྡེའི་ནང་གསང་མྱུལ་བའི་གནད་དོན་རིམ་པར་བྱུང་གི་ཡོད་སྟབས། བོད་པའི་གནད་དོན་དང་རྒྱ་ནག་གི་ཉེན་ཁ་བཅས་ལ་བརྟེན་ནས་ཉེན་རྟོག་ཕྱོགས་ནས་ཡིད་གཟབ་དང་། གསང་མྱུལ་གྱི་གནད་དོན་རྩད་ཞིབ་ཆེད་བོད་སྐད་དང་རྒྱ་སྐད་ཡག་པོ་ཡོད་མཁན་བསྡུ་འཆར་ཡོད་འདུག

འདི་གའི་གསར་འགོད་པས་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་སུ་གནད་དོན་དེ་བོད་པ་དང་འབྲེལ་བ་ཆགས་ཡོད་དུས། བདེ་སྲུང་ངོས་ནས་ལས་དོན་དེའི་ནང་ཆ་ཤས་བཞེས་ཀྱི་ཡོད་མེད་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་བདེ་སྲུང་ངོས་ནས་དམིགས་བསལ་འཆར་གཞི་གང་ཡང་མེད་ལ། ཉེན་རྟོག་ཕྱོགས་ནས་ལས་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལ་སྙན་སེང་གང་ཡང་ཞུས་མ་སོང་། གསང་མྱུལ་ཐད་ནས་བདེ་སྲུང་ཕྱོགས་ནས་དེ་སྔ་ནས་དོ་ནན་ཆེན་པོ་བྱེད་བཞིན་ཡོད་པ་ལྟར། མུ་མཐུད་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

རྒྱ་གར་ཊི་བྷོན་(tribune)གསར་ཁང་གི་དེ་འབྲེལ་གནས་ཚུལ་ནང་ཧི་མ་ཅཱལ་ཉེན་རྟོག་དཔོན་སན་རྗེ་ཁཱན་དྷོ(DGP Sanjay Kundu)ལགས་ཀྱིས། ཧི་མ་ཅཱལ་མངའ་སྡེའི་ཁུལ་དུ་གསང་མྱུལ་གྱི་གནད་དོན་ཆེན་པོ་ཡོང་གི་ཡོད་པས། ཉེན་རྟོག་ཕྱོགས་ནས་དབུས་གཞུང་ལ་གསང་མྱུལ་དང་འབྲེལ་བའི་བསམ་ཚུལ་ཡིག་ཆ་ཞིག་ཕུལ་ཡོད་པ་དང་། དབུས་གཞུང་ནས་ངོས་བཞེས་འཐོབ་པ་ཡིན་ན་གསང་མྱུལ་གྱི་གནད་དོན་རྩད་ཞིབ་ཆེད་དྷ་རམ་ས་ལ་དང་ཀུ་ལི་མ་ནཱ་ལི། སིམ་ལ་སོགས་ཀྱི་ཉེན་རྟོག་པའི་གསང་བའི་སྡེ་ཚན་ནང་བོད་སྐད་དང་རྒྱ་སྐད་ཡག་པོ་ཤེས་མཁན་གསར་འཇུག་བྱས་ཏེ། གསང་མྱུལ་ཀྱི་ནད་དོན་རྩད་ཞིབ་ཐོག་སྔར་ལས་ཤུགས་སྣོན་དང་རྒྱ་བསྐྱེད་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་ཁོང་གིས་གསང་བའི་སྡེ་ཚན་ནང་བོད་སྐད་དང་རྒྱ་སྐད་ཤེས་མཁན་ཡོད་ན། གསང་མྱུལ་བའི་གནས་ཚུལ་དང་རྩད་གཅོད་རིགས་ལས་སླ་བོའི་ངང་བྱེད་ཐུབ་པར་སྟབས་བདེ་སྐྲུན་ཡོད་པ་མ་ཟད། ས་གནས་དེ་དག་གི་གསང་བའི་སྡེ་ཚན་ནང་བོད་རྒྱའི་སྐད་ཡིག་ཤེས་མཁན་གསར་འཇུག་བྱ་ཐུབ་པ་ཡིན་ན། ཁོ་ཚོས་ས་མཚམས་ཀྱི་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་པར་དགོས་ཕན་ཡོད་སྐོར་དང་། དེ་བཞིན་ཧི་མ་ཅཱལ་མངའ་སྡེའི་ནང་གསང་མྱུལ་བ་གཙོའི་བདེ་འཇགས་དང་། འགྲིམ་འགྲིལ་ཁྲིམས་འགལ་རིགས་སོགས་མི་ཡོང་ཆེད་དེང་རབས་འཕྲུལ་ཆས་དང་། གསང་བའི་བརྙན་མིག་རིགས་འབོར་ཆེན་ཆེད་འཛུགས་ཀྱིས་ཉེན་རྟོག་པར་སྟབས་བདེ་བསྐྲུན་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་གར་གཞུང་དང་ཧི་མ་ཅཱལ་མངའ་སྡེའི་ངོས་ནས་དུས་རྒྱུན་གསང་མྱུལ་བའི་གནད་དོན་ཐད་་དོགས་ཟོན་ཤུགས་ཆེན་གནང་བཞིན་ཡོད་པ་ལྟར། འདི་ལོར་དམིགས་བསལ་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་དང་བསྟུན། རྒྱ་གར་ངོས་ནས་རྒྱ་ནག་གི་གསང་མྱུལ་བ་ཁག་ཅིག་འཛིན་བཟུང་དང་། དེ་དག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་པའི་གནས་ཚུལ་སྐོར་ལ་གསང་བའའི་མྱུལ་བཞིན་བྱེད་བཞིན་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་དང་། དེ་དག་དང་འབྲེལ་བའི་མི་སྣ་མང་པོར་འདྲི་རྩད་དང་ཞིབ་བཤེར་བྱས་དང་བྱེད་བཞིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན། རྒྱ་གར་ཊི་བྷོན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་གར་གཞུང་གིས་ད་བར་གསང་མྱུལ་བ་འཛིན་བཟུང་བྱས་པའི་ཁྲོད།  ཕྱི་ལོ་ ༢༠༠༨ ལོར་དྷ་རམ་ས་ལའི་རཱ་ཀར་(Rakkar)ཁུལ་དུ་རྒྱ་ནག་གི་དམག་དོན་དང་འབྲེལ་བའི་གསང་མྱུལ་བ་ལའེ་ཞན་(Ley Xuan)ཟེར་བ་ཞིག་དང་།  ཕྱི་ལོ་ ༢༠༡༣ ལོར་ཆབ་མདོ་ས་ཁུལ་སྲིད་ཁྲིམས་ཐིང་གི་དྲུང་ཆེ་དང་། ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའུ་ཡི་དྲུང་ཆེ་ལིའི་དབྱིས་ཆོན་གྱིས་ཆེད་གཏོང་བྱས་པ་དྷ་ས་མེག་གྷན་ནས་བོད་མི་སྤེན་ཚེ་རིང་ཟེར་བ་ཞིག་དང་། དེ་བཞིན་ཕྱི་ལོ་ ༢༠༢༠ ལོར་རྒྱ་མི་ལའོ་སང་དང་། རྒྱ་གར་གྱི་གསར་འགོད་པ་ཤར་མ་དང་འབྲེལ་བའི་རྒྱ་མོ་ཆིན་ཧྲི་སོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐོར་ལ་གསང་བའི་མྱུལ་ཞིབ་བྱས་ཡོད་པའི་གནས་ཚུལ་ཡོངས་བསྒྲགས་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༢༨

Leave a Reply

2 thoughts on “གསང་མྱུལ་བ་རྩད་ཞིབ་ཆེད་བོད་རྒྱའི་སྐད་ཡིག་ཤེས་མཁན་བསྡུ་འཆར་འདུག

  1. བསོད་ནམས་རྒྱལ་མཚན།

    དེང་སང་ཨ་རི་དང་རྒྱ་གར་གཉིས་ རྒྱ་དམར་ལ་ཁ་གཏད་བཅག་ཡ་ བོད་དོན་ཆེད་དུ་རྒྱ་མི་གསང་ཉུལ་ འཇུ་བཟུང་བྱེད་ཀྱི་ཡོད་དོག་དོག 😂 😂 😂 😅 སྔ་སྟོད་ ལ་དྭགས་ལ་ རྒྱ་གར་ ཅོ་ མོ་དིའི་ གཏམ་བཤད་སྐབས་ ༣༽ ཡང་ཁོང་གིས་་་ སྟོབས་ཤུགས་དང་དཔའ་སྤོབས་མེད་མཁན་ཚོས་དུས་ནམ་ཡང་ཞི་བདེ་ལ་འབད་པར་མི་བརྩོན་པ་དང་།-> འདི་སྐད་ཆ་དེ་ ང་ཚོ་བོད་པ་བཙན་བྱོལ་གཞུང་ལ་གོ་དགོས། ༧གོང་ས་མཆོག་ཁུ་སིམ་མེར་བཞུགས་ཀྱི་འདུག ཟེར་ཡ་དེ་རེད། ༧༽ ཡང་ཁོང་གིས་་་ ང་ཚོས་ས་མཚམས་སྲུང་སྐྱོབ་ཀྱི་བྱེད་ཐབས་དང་གཤིས་སྤྱོད་མང་པོ་ཞིག་དུས་དང་མཐུན་པ་བྱུང་ཡོད་པ་རེད་ལ། སྟོན་པ་གཽ་ཏམ་མཆོག་གིས་ སྙིང་སྟོབས་ནི་བྱམས་བརྩེ་དང་། སྙིང་སྟོབས་བསྐྱེད་པ་ནི་བདེན་པའི་ལམ་དུ་ཕྱོགས་པ་ཡིན་སྐོར་གསུངས་བ་ལྟར།-> མོ་དི་ཟེར་མཁན་མི་དེ་གང་འདྲ་ཞིག་ཡོད་ས་རེད་ སངས་རྒྱས་ཆོས་ནང་ ས་མཚམས་སྲུང་སྐྱོབ་ཀྱི་བྱེད་ཐབས་ སྐོར་ལ་ཡོད་རེད་པས་ ? དོར་སྡུད་ན་་་ ༧གོང་ས་མཆོག་ནས་འཛམ་གླིང་ནང་ ནང་པ་དད་ལྡན་པ་ཚོ་ལ་ བྱམས་བརྩེ་ནུས་སྟོབ་ཀྱང་ཀྱང་བཤད་ནས་ ས་མཚམས་ཐོག་ལ་དོ་སྣང་བྱས་ཀྱི་མིན་འདུག་དོག་དོག་རེད་པ་ ! བཅོམ་ལྡན་འདས་ལ་མཐོང་ཆུང་དང་། ༧གོང་ས་མཆོག་ལ་ཟུར་ཟ།། གལ་ཏེ་རྒྱ་གར་བདེན་པའི་ལམ་དུ་འགྲོ་གི་ཡོད་ན་ བོད་རང་བཙན་ཡིན་པ་ཧ་གོ་བཞིན་དུ་ ཁ་གྲག་མི་དགོས་དོན་ཅི་ཡིན་ ? རྒྱ་གར་བཅའ་ཁྲིམས་ནང་ TIBET IS PART OF CHINA འགྱུར་བཅོད་བཏང་མི་དགོས་དོན་ཅི་ཡིན་ ? So India Silence is Violence.

  2. བསོད་ནམས་རྒྱལ་མཚན།

    ༼གསང་མྱུལ་བ་རྩད་ཞིབ་ཆེད་བོད་རྒྱའི་སྐད་ཡིག་ཤེས་མཁན་བསྡུ་འཆར་འདུག༽ བོད་པའི་གནད་དོན་དང་རྒྱ་ནག་གི་ཉེན་ཁ་བཅས་ལ་བརྟེན་ནས་ཉེན་རྟོག་ཕྱོགས་ནས་ཡིད་གཟབ་དང་། གསང་མྱུལ་གྱི་གནད་དོན་རྩད་ཞིབ་ཆེད་བོད་སྐད་དང་རྒྱ་སྐད་ཡག་པོ་ཡོད་མཁན་བསྡུ་འཆར་ཡོད་འདུག } ཧ ཧ བོད་པ་ཚང་མཁྱེན་སོང་ངམ། རྒྱ་གར་གྱི་ ང་ཚོ་བོད་པའི་ ལྟ་བའི་མིག་དང་། ཁོག་པའི་སྙིང་ ༧གོང་ས་མཆོག་ལ་ བཀའ་དྲིན་རྗེས་དྲན་ ཕར་བཞག ༧ཁོང་ལ་ཡ་ ལག་པ་ཕྱིས་ས་ཐབ་ཕྱིས་ཀྱི་འདུ་ཤེས་མ་གཏོགས་མིན་འདུག་ག ང་ཚོ་བོད་པ་རྒྱ་གར་ལ་བཞག་ཡ་འདི་སྡུག་ཡུས་ག་ཚད་འདུག བོད་པ་རྒྱ་གར་ལ་བཞག་ཡ་འདི་ ༡༩༥༤ དང་ ༡༩༥༥ ཡིས་ རྒྱ་གར་ལ་རྒྱལ་སྤྱིའི་སྟེང་ལྟ་སྟངས་ངན་པ་ཡོང་གི་ཡོད་པའི་རྐྱེན་གྱི་བཞག་པ་རེད་པ། དེང་སང་རྒྱ་གར་ཁོ་རང་ཚོ་རྒྱ་དམར་ བོད་ས་ཧབ་བརྩོད་ས་མཚམས་དཀའ་ངལ་འདི་ཀྱིས་ ༧གོང་ས་མཆོག་གི་བདེ་འཇགས་ལ་ཉེན་ཁ་འདུག་དོག་དོག ང་ཚོ་བོད་པ་རྒྱ་གར་གྱི་ཆེད་ བྲན་གཡོག་དང་ Hunting Dog 🐕 བེད་སྤྱོད་གཏོང་ཡ་དམིག་ཡུལ་བཤམས་ཀྱི་འདུག་ག ང་ཚོ་བོད་པ་དན་འདྲ་རང་ད་ལྐུག་པ་ཨེ་ཡིན་ ! ༧ཁོང་གིས་ལམ་བསྟོན་བཀའ་སློབ་ལ་རྟེན་ནས་ སྙེམ་ཆུང་བྱེད་ནས་སྡོད་ཀྱི་ཡོད་རེད་པ། དངུལ་ པད་ཤག་མ་གཏོགས་བསམ་རྒྱུ་མེད་ན་བརྗོད་མེད་རེད། དེ་མིན་ན་མགོ་བསྐོར་མ་འཐེབ་པ་གནང་རོགས།