ཨེ་ཤ་ཡའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་།

འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བརྒྱད་པ་ཕྱིར་འགྱངས་གནང་སྟེ་ཕྱི་ལོ་ ༢༠༢༡ ཟླ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་འཚོག་འཆར་འདུགརྒྱ་གར་གྱི་ནུབ་བྷན་གྷལ་མངའ་སྡེའི་རྡོ་རྗེ་གླིང་གི་མི་རིགས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དུ། ༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་བློ་གྲོས་དོན་ཡོད་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག དེ་རིང་ནས་ཕྱི་ཟླ་ ༡༡ ཚེས་ ༡ བར་ཨེ་ཤ་ཡའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་ཡོད་པ་དང་། འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པ་ཕྱིར་འགྱངས་གནང་སྟེ་ཕྱི་ལོ་ ༢༠༢༡ ཟླ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་འཚོག་འཆར་འདུགཐེངས་འདིའི་ཨེ་ཤ་ཡའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་བཀའ་བརྒྱུད་སྨོན་ལམ་གྱི་ངོ་དེབ་བརྒྱུད་ཨེ་ཤ་ཡའི་རྒྱལ་ཁབ་མ་ལེ་ཤི་ཡ་ (Malaysia)དང་། སིང་གྷ་པུར་ (Singapore)།  ཧོང་ཀོང་།  ཨིན་རྡུ་ནེ་ཤི་ཡ།  ཐའེ་ཝན། ཨོ་མིན་ (Macau) སོགས་ནས་དད་ལྡན་དོན་གཉེར་ཅན་རྣམས་མཉམ་ཞུགས་གནང་གི་ཡོད་འདུག་ལ། སྨོན་ལམ་ཆེན་མོའི་ཉིན་རེའི་ཚོགས་ཐེངས་དང་པོ་སྔ་དྲོའི་ཆུ་ཚོད་ ༦ ནས་ ༨་༣༠ བར་དང་། ཚོགས་ཐེངས་གཉིས་པ་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠་༣༠ བར། ཚོགས་ཐེངས་གསུམ་པ་ཉིན་རྒྱབ་ཆུ་ཚོད་ ༡ ནས་ ༢་༣༠ བར། ཚོགས་ཐེངས་བཞི་པ་ཕྱི་དྲོའི་ཆུ་ཚོད་ ༣ ནས་ ༤་༣༠ བར་བཅས་སུ་ཐད་གཏོང་གནང་བཞིན་འདུགའདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ནས་བཀའ་བརྒྱུད་སྨོན་ལམ་གྱི་དྲུང་ཆེ་གླིང་པ་བསྟན་འཛིན་བྱང་ཆུབ་ལགས་སུ་སྨོན་ལམ་སྐོར་དྲིས་པར་ཁོང་གིས། ལྷ་སྐལ་༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་ལྟར། འཛམ་གླིང་ཤར་ནུབ་ཡུལ་གྲུ་མང་པོ་ཞིག་གི་ནང་ལོ་ལྟར་བཀའ་བརྒྱུད་སྨོན་ལམ་ཚོགས་གནང་བཞིན་པ་དེ་ལྟར་ཡང་། འདི་ལོར་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཕན་ཚུན་བདེ་འཇགས་དང་འཕྲོད་བསྟེན་སླད། དུས་དབང་གིས་གང་སྤྱིར་རྒྱུན་ལྡན་བཞིན་ཚོགས་ཐབས་བྲལ་བར་གྱུར་བས། སྨོན་ལམ་ལས་ཁུངས་ནས་གསོལ་བཏབ་རེ་བསྐུལ་ཞུས་པ་བཞིན། ཤར་ཕྱོགས་རྒྱལ་ཁབ་ཁག་གི་ནང་བཞུགས་དད་ལྡན་སློབ་ཚོགས་རྣམས་དུས་གཅིག་ལ་མཉམ་ཞུགས་ཞུ་བའི་ཆེད་དུ། དེ་རིང་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༡ བར་ཉིན་གསུམ་རིང་། ཆོས་ཚོགས་དང་། ཁྱིམ་ཚང་། སྐྱེ་བོ་སྒེར་སུ་ཞིག་མཉམ་ཞུགས་གནང་འདོད་ཡོད་ཚེ་སྨོན་ལམ་ངོ་དེབ་བརྒྱུད་ཐད་གཏོང་འཛུལ་ཞུགས་བྱ་ཐུབ་ཀྱི་ཡོད་སྐོར་གསུངས་བྱུང་།

དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༩ ཕྱི་ཚེས་ ༡༥ ཉིན་བཀའ་བརྒྱུད་སྨོན་ལམ་གྱི་དྲ་རྒྱའི་ནང་དུ། འདི་ལོར་ཏོག་དབྱིབས་རིམས་ནད་གདུག་པ་ཅན་དེ་འཛམ་གླིང་ཀུན་ཏུ་ཁྱབ་གདལ་དུ་སོང་བས་སྐྱེ་བོ་ས་ཡ་དུ་མ་ནད་ཀྱིས་མནར་བ་དང་། འབུམ་ཕྲག་དུ་མའི་ཚེ་སྲོག་ཕྲོགས་པས་རྒྱལ་སྤྱིའི་ཁྱོན་ཀུན་ཏུ་འགྲུལ་བཞུད་བཀག་སྡོམ་དང་། རྒྱལ་ཁབ་སོ་སོའི་ནང་དུའང་ཕན་ཚུན་འགྲོ་སྐྱོད་བྱ་བར་དཀའ་ཚེགས་ཤིན་ཏུ་ཆེ་བར་བརྟེན། བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་སྔོན་འགྲོའི་གསུང་ཆོས་དང་། དངོས་གཞི་སྨོན་ལམ་དེ་ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༢༡ ནས་ ༢༧ བར་དང་། མར་མེའི་སྨོན་ལམ་ཕྱི་ལོ་ ༢༠༢༡ ་ཟླ་དང་པོའི་ཚེས་༢༨ ཉིན་གནས་མཆོག་རྡོ་རྗེ་གདན་དུ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག

བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༠/༣༠

Leave a Reply