ཁཱ་བྷོལ་མཐོ་སློབ་ནང་དྲག་སྤྱོད་གཏོར་རྒོལ་ཐེངས་གཉིས་པ་བྱུང་།

ཨབ་གྷ་ནི་སི་ཐན་གྱི་མཐོ་སློབ་གྲགས་ཅན་ཁཱ་བྷོལ་མཐོ་རིམ་སློབ་གཉེར་ཁང་ (Kabul University)དུ་མི་ཁག་ཅིག་གིས་དྲག་སྤྱོད་གཏོར་རྒོལ་བཏང་སྟེ་དགེ་སློབ་ ༡༩ བསད་པ་དང་མི་ ༢༢ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུགནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཡུལ་དེའི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག ཉེན་རྟོག་པའི་ཆས་གོས་གྱོན་པའི་མི་ཁག་ཅིག་གིས། ཁཱ་བྷོལ་མཐོ་རིམ་སློབ་གཉེར་ཁང་གི་སྒོ་ཆེན་འགྲམ་དུ་གློ་བུར་དུ་འབར་རྫས་གཡུགས་སྐབས། སློབ་ཕྲུག་བརྒྱ་ཕྲག་བརྒལ་བ་ཉེན་ཁ་ལས་ཐར་ཐུབ་ཡོད་ཀྱང་། དགེ་སློབ་མང་པོ་ཞིག་འཛིན་ཁང་ནང་བཙན་བཀག་བྱས་ཏེ། དགེ་སློབ་ ༡༩ ལྷག་རྐྱེན་འདས་དང་ ༢༢ ལ་རྨས་སྐྱོན་བཟོས་ཡོད་འདུག

བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། དྲག་སྤྱོད་ཉེས་དོན་བྱུང་སྐབས་ཨབ་གྷན་གཞུང་གི་བདེ་འཇགས་མི་སྣ་དང་། ཨ་རིའི་དམག་དཔུང་གིས་དྲག་སྤྱོད་པ་ཚོར་རྒོལ་རྡུང་བཏང་ནས་དྲག་སྤྱོད་པ་གསུམ་ཡུལ་དངོས་ནས་བསད་ཡོད་པ་དང་། ཨབ་གྷན་བདེ་འཇགས་ལས་ཁུངས་ཀྱི་དྲ་རྒྱའི་ནང་དེ་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁོང་ཚོས་འཇབ་རྒོལ་ཐེངས་གཉིས་པ་བྱས་པའི་དམིགས་ཡུལ་གཙོ་བོ་ནི། ཉིན་ཤས་གོང་བཟོས་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སློབ་གྲྭ་དེའི་སྒྲིག་གཞིར་ངོ་རྒོལ་བྱས་པ་ཞིག་ཡིན་ལ། དེ་ནི་སློབ་གསོ་མྱོང་བར་བཙན་གནོན་བྱས་པ་ཞིག་ཀྱང་རེད། ཅེས་བརྗོད་འདུག

ཁ་སང་ཕྱི་ཚེས་ ༢ ཉིན་ཨབ་གྷན་གྱི་ཕྱི་དྲོ་ཙམ་ལ་ཁ་ཆེའི་དྲག་སྤྱོད་ཚོགས་པ་ (ISIS) ཟེར་བ་དེས། ཁཱ་བྷོལ་མཐོ་སློབ་ཏུ་དྲག་རྒོལ་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཨབ་གྷ་ནི་སི་ཐན་གྱི་སྲིད་གཞུང་ལ་ཁ་གཏད་གཅོག་མཁན་མཐོ་སློབ་དེའི་ཁྲིམས་དཔོན་དང་ཉམས་ཞིབ་པ་ཚོར་དམིགས་པ་ཡིན་ཞེས་ཐེངས་འདིའི་དོན་རྐྱེན་བཟོ་མཁན་ནི་ཚོགས་པ་དེའི་ཁོངས་མི་གཉིས་ཡིན་སྐོར་བརྗོད་ཡོད་འདུགཨབ་གྷ་ནི་སི་ཐན་གཞུང་གི་མཐོ་རིམ་དཔོན་པོ་ཞིག་གིས། དོན་རྐྱེན་དེ་ནི་ཐ་ལི་བྷན་ (Taliban) དྲག་སྤྱོད་ཚོགས་པས་བཟོས་པ་ཞིག་ཡིན་པའི་སྐྱོན་འཛུགས་བྱས་ཡོད་ཀྱང་། ཐ་ལི་བྷན་གྱིས་སྐྱོན་འཛུགས་དེ་ངོས་ལེན་བྱས་མེད་པ་མ་ཟད། དོན་རྐྱེན་དེ་ཨི་སི་ལ་མེག་ཚོགས་པས་ (Islamic State) བཟོས་པ་ཡིན་སྐོར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགྱུར་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་ཨབ་གྷ་ནི་སི་ཐན་གྱི་ཁཱ་བྷོལ་མཐོ་རིམ་སློབ་གཉེར་ཁང་དུ།  དྲག་སྤྱོད་པའི་གཏོར་རྒོལ་ཁྲོད་སློབ་མ་གཙོ་བོར་གྱུར་བའི་མི་གྲངས་ ༦༠ ལྷག་ལ་ཤི་རྨས་བྱུང་ཡོད་པ་དང་། ཨབ་གྷ་ནི་སི་ཐན་ནང་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚོགས་པས་རྐྱེན་འདས་དང་རྨས་སྐྱོན་བྱུང་མཁན་གྱི་ནང་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ། དྲག་སྤྱོད་པ་དང་དེའི་འབྲེལ་ཡོད་ཚོ་ངེས་པར་དུ་རྩད་གཅོད་བྱེད་དགོས་པ་མ་ཟད། ཁོ་ཚོའི་དྲག་སྤྱོད་ཀྱི་དམིགས་ཡུལ་གཏན་ནས་འགྲུབ་ཏུ་འཇུག་མི་རུང་བ་དང་། དྲག་སྤྱོད་གནོད་ཐེབས་མི་མང་གི་གནས་སྟངས་དང་འབྲེལ་བའི་ཐད་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་དགོས་སྐོར་བརྗོད་འདུག

བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༡/༠༣

Leave a Reply