བོད་ཧིན་ས་མཚམས་བར་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་གནང་།

དྷ་རམ་ས་ལ་ནས་བོད་ཧིན་ས་མཚམས་ཁུ་ནུ་བར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༦༥ ཡིས་རྒྱ་ནག་གཞུང་གི་ནག་ཉེས་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་ཅིག་བྱེད་བཞིན་འདུགདེ་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དང་། ཁྲིམས་འགལ་གྱི་རྒྱ་སྐྱེད་བཙན་འཛུལ་རིང་ལུགས་ལག་བསྟར་བྱེད་བཞིན་པ། དེ་བཞིན་རྒྱ་ནག་ནས་མཆེད་པའི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཡོངས་ལ་གོད་ཆག་ཆེན་པོ་བཟོས་པ་བཅས་རྒྱ་ནག་གཞུང་གི་ནག་ཉེས་ཐེར་འདོན་གྱི་ཆེད་དུ། བཞུགས་སྒར་དྷ་རམ་ས་ལ་ནས་བོད་ཧིན་ས་མཚམས་ཁུ་ནུ་བར་བོད་མིའི་འདུས་སྡོད་ས་གནས་ ༧ ནས་ཡིན་པའི་སྦག་སྦག་སྐོར་སྐྱོད་པ་ ༥༠ དང་། ཀུ་ལུ་མ་ན་ལི་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་རོ་ཐང་སྦག་སྦག་སྐོར་སྐྱོད་ཚོགས་པ་ (Rothang Riders)སོགས་ཁྱོན་མི་ ༦༥ ཡིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་མགོ་བཙུགས་སོང་།

སྦག་སྦག་སྐོར་སྐྱོད་ཀྱི་མཛད་སྒོའི་སྟེང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། དགོས་འདུན་གསུམ་གཞིར་བཞག་གི་ཐོག་ནས་ང་ཚོ་བོད་རྒྱ་གཉིས་ཀྱི་ས་མཚམས་ལ་འབྱོར་དུས། གཞིས་བཞུགས་བོད་མི་རྣམས་ལ་སྨོན་ལམ་དང་སྐུལ་མ་གཏོང་རྒྱུ་རེད། རྒྱ་ནག་གིས་སྡུག་སྦྱོང་ག་ཚོད་བཏང་པ་ཡིན་ན་འདྲ། དཔལ་འབྱོར་གྱི་འཁྲབ་སྟོན་ཇི་ཙམ་བྱས་ནའང་། བྱེས་སུ་ཡོད་པའི་ང་ཚོ་བོད་རིགས་ཚོ་དཔའ་ཞུམ་མེད། གཉའ་ཞུམ་མེད། སྤོབས་པ་ཆགས་མེད། སེམས་ཤུགས་ཆགས་མེད། མི་ཐོག་བརྗེ་འགྲོ་ཡི་ཡོད་ཀྱང་ང་ཚོས་མུ་མཐུད་ནས་འཐབ་རྩོད་དང་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་གཞིས་བཞུགས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་སེམས་ཤུགས་སྤར་རྒྱུའི་ལས་འགུལ་ཞིག་ཆགས་ཡོད། ཅེས་དང་། ལས་འགུལ་འདི་བརྒྱུད་ནས་རང་དབང་གི་ལུང་པར་གྱར་བསྡད་པའི་བཙན་བྱོལ་མི་མང་ཚོས་རང་གི་རང་དབང་ལ་སྣང་བ་དག་ནས་མ་བཞུགས་པར། བོད་དོན་འཐབ་རྩོད་ཀྱི་དོན་དུ་འགན་འཁུར་དང་མཉམ་ཞུགས་བྱ་དགོས་པའི་དགོས་འདུན་འདོན་གྱི་ཡོད། ཅེས་བརྗོད་སོང་།དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤཱན་ཀཱ་པུར་ (Kishan Kapoor) མཆོག་གིས། ད་ཐེངས་བཞུགས་སྒར་ནས་མགོ་བརྩམས་པའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་འདི་ཧ་ཅང་ཡག་པོ་རེད། རྒྱལ་ཁབ་གང་རུང་ཞིག་ནང་དྲག་གནོན་བྱས་ཚེ། དེར་ན་གཞོན་མི་རབས་ཚོས་འགོག་རྒོལ་བྱེད་ངེས་པ་ནི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཡིན་སྐོར་དང་། འདི་ལོར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འདིས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་གནོད་འཚེ་ཆེན་པོ་ཐེབས་པའི་རྐྱེན་གྱིས། ད་ལྟའི་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་ཁ་གཏད་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་འབྱུང་གིན་ཡོད་པ་དང་། རྒྱ་ནག་གིས་འཛམ་གླིང་ཡོངས་ལ་དབང་བསྒྱུར་བྱེད་པའི་ཧམ་སེམས་འཆང་ཡོད་ཀྱང་། དོན་དངོས་ཐོད་ད་ལྟ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚང་མས་རྒྱ་ནག་ལ་ཁ་གཏད་གཅོག་མུས་ཡིན་པ་དང་། རྒྱ་ནག་གིས་རྒྱལ་ཁབ་ཆུང་ཆུང་ཚོར་བརྙས་བཅོས་བྱེད་ཀྱི་ཡོད་ཀྱང་། ད་ལྟ་པཱ་ཀི་སི་ཐན་དང་བལ་ཡུལ་གཙོས་པའི་རྒྱལ་ཁབ་མང་པོས་དེར་མི་དགའ་བའི་རྣམ་པ་སྟོན་གྱི་ཡོད་སྐོར་དང་། གྲོས་ཚོགས་འཐུས་མི་རང་ཉིད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ནཱ་ (Bharat Ratna) འབུལ་རྒྱུའི་དགོས་འདུན་འདོན་སྐབས། གལ་ཏེ་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིན་ཚེ། ད་ལྟ་བོད་དེ་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད་པ་དང་། རྒྱ་ནག་གིས་དྲག་གནོན་བྱ་མི་སྲིད་པ་ཞིག་ཡིན་སྐོར་བརྗོད་ཡོད་སྐོར་དང་། ད་ཐེངས་སྦག་སྦག་སྐོར་སྐྱོད་ལས་འགུལ་བ་རྣམས་བོད་ཧིན་ས་མཚམས་སུ་འགྲེངས་ཏེ་རྒྱ་ནག་གཞུང་ལ་བོད་དེ་བོད་མིའི་ཡིན་པའི་འབོད་སྒྲ་བསྒྲག་ངེས་ཡིན་སྐོར་གསུངས་སོང་།གཞོན་ནུ་ལྷན་ཚོགས་ཀྱི་བསྒྲགས་གཏམ་ལྟར་ན། ད་ལན་གྱི་སྦག་སྦག་སྐོར་སྐྱོད་ལས་འགུལ་འདིའི་བརྒྱུད་ནས་འདི་ལོར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འདིས་ད་བར་འཛམ་གླིང་ཁྱོན་ཡོངས་ནང་མི་གྲངས་ས་ཡ་ ༡།༢ ལྷག་རྐྱེན་འདས་དང་། བྱེ་བ་ ༥ དང་ཕྱེད་ཀ་ལྷག་ནད་མནར་བྱུང་བ། དེ་བཞིན་འཛམ་གླིང་གི་དཔལ་འབྱོར་ཉམས་ཉེས་སུ་བཏང་བར་བརྟེན། རྒྱ་ནག་གི་ཅ་དངོས་ཉོ་འཚོང་བྱ་རྒྱུ་མཚམས་འཇོག་དགོས་པ་དང་། རེ་འདུན་གཉིས་པ་དེ། རྒྱ་ནག་གཞུང་གི་བཙན་འཛུལ་དང་རྒྱ་སྐྱེད་རིང་ལུགས་ལ་འགོག་རྒོལ་དང་རྒྱ་གར་གྱི་བདེ་འཇགས་ཀྱི་ཆེད་དུ། རྒྱ་གར་གཞུང་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་བོད་ཀྱི་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པ། དེ་བཞིན་རེ་འདུན་གསུམ་པ་དེ། ཉེ་ལམ་བོད་འབྲི་རུ་རྫོང་དུ་འཛིན་བཟུང་བྱས་པའི་བོད་མི་གླུ་བ་ལྷན་གྲུབ་གྲགས་པ་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་དགོས་པ་བཅས་ཀྱི་རེ་འདུན་བཏོན་འདུགད་ལན་གྱི་སྦག་སྦག་སྐོར་སྐྱོད་ལས་འགུལ་ནང་། ཀུ་ལུ་མ་ན་ལི་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་རོ་ཐང་སྦག་སྦག་སྐོར་སྐྱོད་ཚོགས་པ་ (Rothang Riders) དང་། བོད་མིའི་འདུས་སྡོད་ས་གནས་ ༧ ནས་ཡིན་པའི་སྦག་སྦག་སྐོར་སྐྱོད་པ་ ༥༠ མཉམ་ཞུགས་བྱས་པའི་ཐོག སྨན་ཞབས་པ་དང་། སྦག་སྦག་ཞིག་བཟོ་བ། དེ་བཞིན་གཞོན་ནུའི་ལས་བྱེད་བཅས་ཁྱོན་མི་གྲངས་ ༦༥ བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་ནས་མངའ་སྡེའི་ཧ་མིར་པུར་རྫོང་། དེ་ནས་ཇ་ཝ་ལཱལ་མུ་ཁི་རྫོང་དང་། བྷི་ལ་སི་པུར་རྫོང་། མཐར་ཁུ་ནུ་རྫོང་གི་བོད་ཧིན་ས་མཚམས་བར་བསྐྱོད་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༡༨

Leave a Reply

2 thoughts on “བོད་ཧིན་ས་མཚམས་བར་རྒྱ་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་སྐྱོད་གནང་།

  1. རྒྱ་གར་ ༼བོད་དོན་རྒྱབ་སྐྱོར་ཚོགས་པ།༽ 😂 😂 😂 😅 ཨ་རི་གྲོས་ཚོགས་ ༼བོད་དོན་རྒྱབ་སྐྱོར་ཚོགས་པ།༽ 😂 😂 😂 😅 དབྱིན་ཇི་ ༼བོད་དོན་རྒྱབ་སྐྱོར་ཚོགས་པ།༽ 😂 😂 😂 😅 ཀེ་ན་ཌ་ ༼བོད་དོན་རྒྱབ་སྐྱོར་ཚོགས་པ།༽ 😂 😂 😂 😅 ཡུ་རོ་གྲོས་ཚོགས་ ༼བོད་དོན་རྒྱབ་སྐྱོར་ཚོགས་པ།༽ 😂 😂 😂 😅 ཕ་རཱནྶ་ ༼བོད་དོན་རྒྱབ་སྐྱོར་ཚོགས་པ།༽ 😂 😂 😂 😅 ཨཱས་ཊ་ལི་ཡ་ ༼བོད་དོན་རྒྱབ་སྐྱོར་ཚོགས་པ།༽ 😂 😂 😂 😅 སྟོང་པའོ། སྟོང་པ་ཉིད་ལ་གཟུགས་མེད། སྒྲ་མེད། དྲི་མེད། མིག་མེད། ཁ་མེད། རྣ་བ་མེད་དོ།། ད་ རྒྱ་གར། དབྱིན་ཇི། ཨ་རི། ཇ་པན་སོགས་ཀྱི་ སྙིང་རྗེ་ངོ་ཤེས་ནས་རྒྱལ་སྤྱི་སྟེང་ བོད་དེ་ཚོང་འབྲེལ་ཐོག་ བོད་རྒྱ་ཁོངས་ལ་བཞག་པ་མ་ཏོག སྤྱིར་བོད་འདི་སྔ་མོ་ནས་རང་བཙན་རྒྱལ་ཁབ་རེད་བཤད་སོང་ན་ ཏོག་ཙམ་བོད་དོན་ཐོག་འགུལ་སྐྱོད་ཐེབས་མི་ཡོང་ངས། 😂 😂 😂 😅 དེ་མིན་ བོད་དོན་ལ་འགུལ་སྐྱོད་ཁྱོན་ནས་ཐེབས་ཡ་མེད་པ་ བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ། ཨམ་ཅོག་ཚ་ཡ་དང་ གྲོད་ཁོག་འདྲ་རྒྱག་མ་སོང་ངས་ ? ང་ནི་གྲོད་ཁོག་རྒྱག་ནས་ད་གྲོད་ཁོག་སྦོས་ཀྱི་འདུག ད་མཚམས་བཞག་ན་ཡག་པོ་ཡོང་བ་འདུག

  2. བསོད་ནམས་རྒྱལ་མཚན།

    ཐུ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག སྦག་སྦག་སྐོར་སྐྱོད་འགྲོ་མཁན་ཚོ་ལོང་བ་ཡིན་ན། བོད་ཧིན་ས་མཚམས་ངོ་མ་ག་པ་ཡིན་མས་ངོ་མི་ཤེས་པར། རྣམ་རྟོག་སློང་མཁན་ཚོ་ སྦག་སྦག་ངོམ་གསོ་དང་ ཊུར་ཡག་པོ་འགྲོ་ཤོག་ཨ། ལྟས་ངན་པ་ཚོ། Natak ཡག་པོ་འཁྲབ་ཤོག་ཨ། བོད་པ་ཆེ་གླེན་ལྐུགས་ཚོ་གཞོན་ནུས་འབྲས་དཀར་ལ་མགོ་སྐོར་མ་ཐེབས་ལ། བོད་དོན་ཐོག་རང་ལུས་མེར་སྲེག་དེ་མི་མང་སྐྱུད་མ་ལ་བཏང་བཅུག སྐྱིད་པོ་དེ་ཁོང་ཚོས་བཏང་གི་རེད། སྦག་སྦག་ཊུར།