Leave a Reply

10 thoughts on “བོད་ཀྱི་དུས་བབ་དྲ་བའི་མཉེན་ཆས་གསར་པ་བསླེབ་གྲབས་ཡོད།

  1. ཉིན་གྲངས་ 100 ་ཐམས་པའི་གོ་སྐབས་དེ་མ་ཤོར་བ་བྱེད་རྒྱུ་ཡིན།
    བོད་ཀྱི་དུས་བབ་ཀྱིས་བོད་མི་རིགས་ལ་བྱས་རྗེས་རླབས་ཆེན་བཞག་དང་འཇོག་བཞིན་པར་སྔགས་བརྗོད་ཞུ།

  2. ༄༅། བོད་ཀྱི་དུས་བབ་གསར་ཁང་ནས་རྗེས་ཟླའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་
    བརྙན་ཆས་གསར་པ་ཞིག་ཕབ་ལེན་གནང་རྒྱུའི་གསལ་བསྒྲགས་གནང་འདུག་པར་་ཐོག་མར་དུས་བབ་ཀྱི་ལས་བྱེད་ཡོངས་
    ལ་བཀྲིས་བདེ་ལེགས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།
    ང་ནི་དུས་ནམ་ཡང་ཆད་མེད་ཁྱེད་ཚོའི་གསར་གྱུར་ཉན་པ་དང་ཀློག་གི་ཡོད་།
    ཡག་པོ་དང་་་གསལ་པོ་། ཐུགས་རྗེ་ཆེ།
    བོད་རྒྱལ་ལོ། བྱམས་བརྕེ་རྒྱལ་ལོ། འཚེ་མེད་ཞི་བདེ་རྒྱལ་ལོ། མཐུན་སྒྲིལ་རྒྱལ་ལོ།།

  3. འདམ་སྐྱེས།

    ༄། །བོད་ཀྱི་དུས་བབ་གསར་ཁང་སྒེར་བ་ཞིག་ནས་ཐུགས་སྣང་ཆེན་པོས་གལ་ཆེའི་གནས་ཚུལ་རྣམས་དུས་ཐོག་ཡིག་ལམ་དང་བརྙན་འཕྲིན་གྱི་ལམ་ནས་སྤེལ་བ་དང་། ད་ལམ་བརྙན་ཆས་གསར་པར་འབད་བརྩོན་ཆེན་པོས་འདི་བཞིན་སྲོལ་འབྱེད་གནང་འཆར་ལ་ཆེས་བསྔགས་བརྗོད་ཡོད། མ་ཟད་སླད་ཀྱང་བྱ་བ་གོང་འཕེལ་གནང་ཐུབ་པའི་རེ་སྨོན་དང་ལེགས་བརྗོད་ཡོད།།

  4. བོད་ཀྱི་དུས་བབ། ཐུགས་རྗེ་ཆེ། བཀའ་དྲིན་ཆེ། ཕབ་ལེན་བྱེད་པའི་དྲ་གནས་ཤིག་ངོ་སྤྲོད་གནང་རོགས།

    1. བོད་ཀྱི་དུས་བབ།

      དྲ་གྲོགས་ལགས། བོད་ཀྱི་དུས་བབ་ཀྱི་མཉེན་ཆས་གསར་པ་འདི་ད་དུང་ཤར་གཏོང་བྱས་མེད་པར། ཟླ་རྗེས་མའི་ཚེས་ ༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དང་བསྟུན་ཏེ་དབུ་འབྱེད་བྱ་རྒྱུ་ཡིན་པས། ཉིན་དེའི་ཞོགས་པའི་ཆུ་ཚོད་ ༦།༠༠ ནས་བཟུང་ལག་ཐོག་ཁ་པར་དང་ལག་འཁྱེར་ཀློག་དེབ་སོགས་ཀྱི་ Apple store དང་ play store སོགས་ནས་ཕབ་ལེན་བྱེད་ཐུབ།

  5. བོད་ཀྱི་དུས་བབ་ཀྱི་མགོ་ལས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ་དང་འབྲེལ་ཏེ། ད་རེས་མཉན་ཆས་གསར་པ་དེ་བཟོས་པ་ནི་དུས་ལ་བབ་པའི་ཆར་གཞི་ལྟ་བུ་ཞིག་ཆགས་ཡོད་པས་བོད་དོན་བདེན་པའི་འཐབ་རྩོད་དང་བོད་པའི་སྐད་ཡིག་རིག་གཞུང་ལ་རླབས་ཆེན་གྱི་ཞབས་འདེགས་ཞུས་དང་ཞུ་བཞིན་པར་ཐུགས་རྗེ་ཆེ་གྲངས་མེད་ཞུ།།

  6. བོད་ཀྱི་དུས་གྱིས་གཉེན་ཆོས་གསར་པ་སྒོ་འབྱེད་བྱེད་པར་བཀའ་དྲིན་ཆེ་ཞུ། དྲ་ཤུག་ཞེ་དྲག་མེད་ས་ཞིག་ཡིན་རུང་ལྟ་ཀློག་བྱེད་ཐུབ་པའི་རེ་བ་ཡོད།

    1. བོད་ཀྱི་དུས་བབ།

      དྲ་གྲོགས་ལགས། བརྒྱུད་ཁུངས་གསར་པའི་མཉེན་ཆས་འདིའི་ཁྱད་ཆོས་གཙོ་བོ་དྲ་རྒྱར་ལྟ་ཀློག་སྟབས་བདེ་བ་དང་། དྲ་ལམ་སྐྱོ་ཡང་ཐད་ཀར་འཆར་ཐུབ་པ་སོགས་ཀྱི་ཁྱད་ཆོས་ཡོད་པ་དེ་རེད།