Leave a Reply

2 thoughts on “རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས།

  1. འདིར་གསལ་བསྒྲག་གནང་མཁན་དང་གསར་འགོད་པའི་བར་ལ་ཡི་གེའི་དག་ཆ་མི་མཐུན་པ་གཅིག་འདུག དེ་ནི་་་རེས་མེད་་དང་་་རིས་མེད་་་ཅེས་པ་དེ་རེད། དེ་གཉིས་སྒྲ་གདངས་གཅིག་ཀྱང་ཡིག་ཐོབ་མི་གཅིག་པ་ནང་བཞིན་ནང་དོན་ཡང་མི་གཅིག རིས་་ཞེས་པ་ནི་ཆོས་དེ་དང་དེའི་དབྱེ་བ་དང་། ཡང་ན་ཆོས་དེ་དང་དེའི་ཁྱད་པར་ལ་བྱེད། དེ་ལ་མིང་གཞན་ནི་ཤན་འབྱེད་ཅེས་པའི་ཤན་དང་དོན་གཅིག་ཡིན། རེས་ཞེས་པ་ནི་རེས་མོས་ཞེས་གོ་སྐབས་དང་གོ་རིམ་ལ་བྱེད། དེས་ན་རྒྱལ་སྤྱིའི་བོད་ཀྱི་ཆོས་བརྒྱུད་ཀུན་འདུས་བགྲོ་གླེང་འདི་ལ་་་རེས་མེད་་ཅེས་ཟེར་ན་རེས་མོས་མེད་པའམ་ཡང་ན་ཆོས་བརྒྱུད་གཞན་ལ་གོ་སྐབས་མེད་ཅེས་པར་སོང་འདུག་པས་རིས་མེད་ཀྱི་དོན་དང་རྒྱབ་འགལ་དུ་སོང་འདུག ཚུལ་དེ་གསར་འགོད་པ་རྣམས་ཀྱིས་ཐུགས་འཇག་ཞུ་ཞུ།།