Author Archives: བོད་ཀྱི་དུས་བབ།

ཉན་ཞིབ་ཚོགས་འདུའི་ཐོག་རྒྱ་ནག་གཞུང་ལ་༧སྐུའི་ཡང་སྲིད་ཐག་གཅོད་བྱེད་པའི་དབང་ཆ་མེད་སྐོར་གསུངས།

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་དང་འཇར་མན་གྱི་གྲོས་ཚོགས་འོག་མའི་ཉན་ཞིབ་ཚོགས་འདུའི་ནང་རྒྱ་ནག་གཞུང་གི་ཤུགས་རྐྱེན་དང་རྒྱ་ནག་ནང་གི་གྲངས་ཉུང་ཆོས་དད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་།་་་

ཉིན་གྲངས་བཞིའི་རིང་གི་བཀའ་ཁྲིད་དབུ་འཛུགས་མཛད།

༧གོང་ས་མཆོག་གིས་དེ་རིང་ཁ་སང་རྒྱ་གར་ལྷོ་ཕྱོགས་སུ་སོག་པོའི་གྲྭ་རྒྱུན་བརྒྱ་ཕྲག་ཁ་ཤས་ཤིག་ཡོད་པ་དེ་རྣམས་མ་འོངས་པར་ཏན་ཏན་བསྟན་པ་ལ་ཕན་ཐོགས་བྱེད་མཁན་གྱི་མི་ཆགས་བསྡད་ཡོད་སྐོར་གསུངས་སོང་།་་་

ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཨོ་གླིང་ནང་མཛད་འཕྲིན་སྐྱོང་བཞིན་འདུག

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་༧སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དུས་ཡུན་ཟླ་གཅིག་དང་ཉིན་གྲངས་ ༢༠ ལྷག་རིང་ནེའུ་ཛི་ལན་ཌི་དང་དེ་ནས་ཨོ་སི་ཊོ་ལི་ཡ་འི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་འདུག་་་

དབྱར་རྩྭའི་དཀའ་རྙོག་སེལ་བར་གནད་དོན་ལྔ་ངེས་པར་དུ་ཤེས་དགོས།

བོད་ནང་དབྱར་རྩྭ་ཡག་པོ་བརྐོ་རྒྱུ་ཡོད་པའི་ས་ཆ་རྣམས་རྒྱ་རིགས་ཚོང་པ་ཚོས་སྡེབ་ཉོ་བྱས་པ་དང་ས་རིན་ལོ་རེ་བཞིན་འཕར་བཞིན་ཡོད་པས་ས་གནས་བོད་མི་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་འདུག་་་

ཨ་རུ་ན་ཅལ་མངའ་སྡེ་ཞེས་འབྲི་མི་ཆོག

རྒྱ་ནག་གི་དྲ་ཐོག་འགྲིམ་འགྲུལ་ཞབས་ཞུ་ཁང་ཆེ་ཤོས་ཤིག་གིས་ཨ་རུ་ན་ཅལ་མངའ་སྡེ་ཞེས་བྲིས་པའི་རྐྱེན་གྱིས་ཁུལ་དེར་འགྲུལ་སྐྱོད་ཞབས་ཞུ་མེད་པར་བཟོས།་་་

རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་དབུ་འཛུགས་གནང་།

ཡུ་རོབ་རྒྱལ་ཁབ་ལཱ་ཊི་ཝིའི་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་འཚོག་བཞིན་པའི་ཐོག་༧གོང་ས་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཚོ་བོད་མིར་དགའ་མཁན་ཁོ་ན་ཞིག་མ་ཡིན་པར་དྲང་བདེན་ལ་དགའ་མཁན་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུང་འཕྲིན་བསྩལ་འདུག་་་

ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་སྤྱི་མོས་གྲོས་ཆོད་བཞག

ཐའེ་ཝན་རང་སྲུང་གི་ནུས་པ་རྒྱ་སྐྱེད་གཏོང་ཆེད་རྒྱ་ནག་གི་གནོན་ཤུགས་ལས་བརྒལ་ཏེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་མཉམ་ཞུགས་བྱེད་པར་ཨ་རིའི་གཞུང་ནས་རམ་འདེགས་གནང་དགོས་པའི་གྲོས་ཆོད་བཞག་་་