Author Archives: བོད་ཀྱི་དུས་བབ།

བོད་ཁམས་ཉུལ་བ།

བོད་རིགས་ན་གཞོན་རྩོམ་པ་པོ་ཞིག་གསང་སྟབས་ཀྱིས་བོད་ནང་དུ་སྐྱོད་དེ། བོད་ཡུལ་མདོ་དབུས་ཁམས་གསུམ་རིག་པས་བསྐོར་ཅིང་། མཐོང་ཐོས་མྱོང་གསུམ་ཟིན་ཐོར་བཏབས་པའི་དཔེ་དེབ། བོད་ཁམས་ཉུལ་བ་ཞེས་བ་ད་ལྟ་དངོས་སུ་འགྲེམས་སྤེལ་ཞུས་ཡོད།

་་་

བོད་རྒྱལ་དང་བོད་བརྒྱལ།

ང་ཚོར་རིགས་གཅིག་རྐང་འཛིན་པ་མེད་པའང་མ་ཡིན་སྟེ། Fulbright ཐོག་ནས་ Degree  དང non degree ལ་ལོ་ལྟར་མི་གྲངས་ཉི་ཤུ་རྩ་གྲངས་གཏོང་བཞིན་ཡོད་པ་དེ་དག་བོད་བསྟན་པ་ཆབ་སྲིད་ ལ་ཕན་ཐོགས་ཡོད་མིན་ལ་མ་ལྟོས་པར་རིགས་གཅིག་རྐང་འཛིན་པ་ཤ་སྟག་ཆགས་བཞིན་པ་ནི་ཕྱི་གསལ་ནང་གསལ་རེད། འོ་ན་རིག་པའི་གཞུང་ལུགས་ཅི་འདྲ་ཞིག་གི་ཐོག་ཅེ་ན། རང་ཉིད་ཀྱི་ཕ་མ་རྒན་གོག་གྲོངས་པའི་དུས་སུའང་མིག་བལྟ་ལོང་མེད་པར་འབྲེལ་མེད་ ཕྱི་རྒྱལ་གྱི་རྒན་གོག་ལ་ལྟ་རྟོག་བྱ་རྒྱུ། རང་ཉིད་ཟས་རགས་་་

ཉིན་ཞག་ཆིག་ཁྲི་བརྒྱད་སྟོང་གི་རྗེས་དྲན།

འདས་པའི་མི་ལོ་ལྔ་བཅུ་ཐམ་པ་ནི་ཉིན་ཞག་ཆིག་ཁྲི་བརྒྱད་སྟོང་རེད། འདི་ནི་ད་བར་ཐག་མ་ཆོད་པའི་བོད་རྒྱའི་དཀའ་རྙོག་གི་རིང་ཚད་རེད། དུས་མཚམས་འདིར་བོད་རྒྱ་གཉིས་ཀྱི་འགལ་བ་ནི་མུ་མཐུད་ནས་རྒྱུན་སྲིང་གིན་ཡོད་ལ། འགལ་བའི་རྣམ་འགྱུར་ནི་ལོ་ནག་དང་དྲག་རྡུང་གི་ངོ་བོར་འཕེལ་ཡོད།

་་་

འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཆེན་མོ།

འདི་གའི་གསར་འགོད་པས་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་འཕར་ཟླ་བ་ལགས་དང་། དཔལ་འབྱོར་སྲིད་བྱུས་ཉམས་ཞིབ་པ་ཚེ་དབང་རྟ་མགྲིན་ལགས་རྣམ་གཉིས་དང་ལྷན་དུ། དེང་གི་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཆེན་མོའི་བྱུང་ལུགས་བྱུང་སྟངས་དང་། རྒྱ་དཀར་ནག་གཙོས་པའི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་གནས་བབ། དེ་བཞིན་བོད་ཕྱི་ནང་གི་དཔལ་འབྱོར་ཐད་འཛམ་གླིང་དཔལ་འབྱོར་ཉམས་ཉེས་ཀྱིས་ཤུགས་རྐྱེན་ཐེབས་རྒྱུ་ཡིན་མིན་བཅས་ཀྱི་ཐད། དྲི་བ་དྲིས་ལན་གྱི་རྣམ་པས་བགྲོ་གླེང་བྱས་པ།

་་་

ལོ་སར་ནས་དབུ་མའི་ལམ་གྱི་ལས་འགུལ་སྤེལ་དགོས།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་ས་གནས་གྲོས་ཚོགས། རང་བདེན་ཚོགས་ཆུང་བཅས་ལ་འབོད་སྐུལ་ཞུས་ཏེ། ད་ལོའི་ལོ་གསར་དང་གསུམ་བཅུའི་དུས་དྲན་བཅས་དང་བསྟུན་ཏེ། དབུ་མའི་ལམ་གྱི་སྲིད་བྱུས་དང་མ་འགལ་བའི་ཐོག་ལས་འགུལ་རྒྱ་ཆེར་སྤེལ་དགོས་པའི་ལམ་སྟོན་ཞུས་ཡོད།

་་་

ཁྲག་གི་ལས་འགུལ།

རྒྱ་གར་བོད་པའི་གྲོགས་པོ་ཞིག་གིས་རྒྱ་གར་སྲིད་བློན་གྱི་མཚན་ཐོག་ལ་ཁྲག་གི་ཡི་གེ་བྲིས་ཏེ། བོད་རང་བཙན་ལ་རྒྱབ་སྐྱོར་དང༌། ༧གོང་ས་མཆོག་རྒྱ་གར་གྲོས་ཚོགས་ནང་གདན་ཞུ་བྱ་དགོས་པའི་རེ་འདུན་བཏོན་ཡོད།

་་་

ལོ་བཞིའི་ཁྲིམས་ཆད།

ཨ་མདོ་རྔ་པའི་བོད་མི་ཞིག་ལ་ངོ་རྒོལ་སྐད་འབོད་ཀྱི་མགོ་འཁྲིད་མཁན་དང་ཉེན་ རྟོག་ཁང་གཏོར་བཅོམ་བྱེད་མཁན། རྒྱལ་དར་མེར་བསྲེག་གཏོང་མཁན་བཅས་ཀྱི་ཉེས་མིང་འོག་ལོ་བཞི་ཡི་བཙོན་འཇུག་ ཁྲིམས་ཐག་བཅད་འདུག

་་་

གཞོན་ནུའི་ལོ་སར་དོན་ཚན་ལྔ།

དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ས་གླང་ལོའི་བོད་ཀྱི་ལོ་གསར་མི་གཏོང་བར་ལོ་ནག་ སྲུང་གཙི་ཞུ་རྒྱུ་ཡིན་པ་དང༌། ཉིན་ལྔའི་རིང་ལ་ལས་འགུལ་ཁག་ལྔ་ས་གནས་སོ་སོའི་གཞོན་ནུའི་ཡན་ལག་ཁག་གི་གོ་ སྒྲིག་འོག་སྤེལ་རྒྱུ་ཡིན་འདུག

་་་