Author Archives: བོད་ཀྱི་དུས་བབ།

གཞན་ཁོ་ན་མཐོང་བའི་མིག འཕན་ཕྲུག་ངག་དབང་རྒྱལ་མཚན།

ཁོང་ཚོས་བདུན་ཕྲག་གཅིག་གི་ནང་ནས་གཟའ་སྤེན་པ་གཅིག་པུར་བོད་དོན་གྱི་ཆེད་དུ་ལས་འགུལ་ཞིག་སྤེལ་གྱི་ཡོད་ན། འོ་ན་ཁྱོད་ཀྱིས་ཞག་མ་སུམ་བརྒྱ་དྲུག་ཅུ་དང་ཆུ་ཚོད་བཞི་སྟོང་ལྔ་བརྒྱ་ལྷག་ཙམ་ ནང་བོད་དོན་ཆེད་དུ་ལས་འགུལ་ལམ་རྩོམ་ཡིག་གང་འདྲ་ཞིག་སྤེལ་མྱོང་ཡོད་དམ།

་་་

ཚིག་གསུམ། སྲུང་སྐྱོབ་ཀྱི་འོས་འགན་རེད་དམ་བྱུས་གཏོཌ་ཀྱི་ཐོབ་ཐང་རེད།

དབྱར་གཞུང་འདིར་རྒྱལ་ཁབ་ ༤༠ ཡི་སྐུ་ཚབ་རྣམས་ཀྱིས་ནེའུ་ཡོག་ཏུ་བསམ་ཚུལ་གསར་པ་ཞིག་གི་ཐོག་རྣོ་ངར་རང་བཞིན་ གྱི་བགྲོ་གླེང་བྱེད་ཀྱིན་ཡོད། བགྲོ་གླེང་འདིའི་སྐབས་རྒྱལ་ཁབ་དེ་དག་གི་ཁྲོད་བློ་དོགས་ཆེན་པོ་ཡོད་མཁན་དང་ རྒྱབ་སྐྱོར་ཆ་ཚང་ཡོད་མཁན་བཅས་ཕྱོགས་གཉིས་སུ་གྱེས་ཡོད།

་་་

ཇི་ནེ་ཝའི་བོད་དོན་ཚོགས་ཆེན།

བོད་རིགས་དང་རྒྱ་རིགས་ཤེས་ཡོན་པ། རྩོམ་པ་པོ། གསར་འགོད་པ། ཁྲིམས་རྩོད་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མི་གྲངས་ ༡༠༠ ལྷག་བརྒལ་བའི་ཚོགས་ཆེན་ཞིག་ཇི་ནེ་ཝར་འཚོགས་རྒྱུ་རེད།

་་་

དགོན་པ་ནས་ཕྱིར་འབུད།

རྒྱ་གཞུང་གིས། བྱ་ཁྱུང་དགོན་པའི་གྲྭ་མང་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ཚོགས་ འདུར་མ་ཞུགས་པར་རྐྱེན་བྱས་ཏེ་དགོན་པའི་དགེ་བསྐོས་བློ་བཟང་ཚུལ་ཁྲིམས་དགོན་པ་ ནས་ཕྱིར་འབུད་བཏང་ཡོད་འདུག

་་་

བདག་གིས་འདི་བཤད་ཅིང་འདི་ལྟར་ཟེར་གྱི་ཡོད། ཐེ་བོ་ཤེས་རབ་རྒྱ་མཚོ།

དེ་རིང་ང་ཚོས་དེ་རིང་གི་སྐད་ཆ་ཤོད་དགོས་ཀྱི་འདུག་ཟེར་གྱི་ཡོད། གལ་སྲིད་རྙིང་ནས་ཟད་སོང་བའི་ཁ་རྩང་གི་སྐད་ཆ་ཞིག་དྲུད་ཡོང་ནས་དེ་རིང་གི་སྐད་ ཆ་གསར་པ་དང་མཉམ་དུ་གླེང་སློང་བྱས་ཚེ་དེས་མི་རྣམས་ལ་གོ་འཛོལ་ཐེབས་ནས་མགོ་ རྨོངས་རྒྱུ་རེད་ཟེར་གྱི་ཡོད།དེ་ལ་དངོས་ཐོག་བདེན་འཚོལ་ཟེར་གྱི་མ་རེད་ཟེར་གྱི་ཡོད།

་་་

བོད་ནང་དྲག་ཆར་གྱི་དོན་རྐྱེན།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་རྫོང་དུ་ཆར་ཞོད་དང་ས་ཉིལ་སོགས་རང་བྱུང་གནོད་འཚེ་ཚབས་ཆེན་འོག མི་ ༤ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་ ༥༣ གར་སོང་ཆ་མེད་དུ་གྱུར་ཡོད་འདུག

་་་

༸གོང་ས་མཆོག་ལ་མི་སེར་མཚན་མཐོང་།

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་ལ་པོ་ལེན་ཌིའི་རྒྱལ་ས་ཝཱར་སའོ་རུ་ཡུལ་དེའི་མི་སེར་མཚན་མཐོང་གི་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་གནང་གཏན་འཁེལ་ཡོད་འདུག  

་་་

སྲིད་དབང་སྒེར་འཛིན་པས་མང་གཙོ་གླེང་བར་ལྟ་བ།

སྲིད་དབང་སྒེར་འཛིན་པས་མང་གཙོ་གླེང་བར་ལྟ་བ་ཞེས་པའི་དཔེ་དེབ་འདི་ནི། སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༤ བར་བཞུགས་སྒར་ངྷ་རམ་ས་ལའི་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ནས་དཔར་སྐྲུན་དང་འགྲེམ་སྤེལ་བྱས་ཡོད། དཔེ་དེབ་འདིར་གཙོ་བོ་དཔྱད་རྩོམ་དང་དགག་སྒྲུབ་རྩོམ་ཡིག་ཁག་ཅིག་བསྡུ་སྒྲིག་བྱས་ཡོད་པ་དང་། སྡོམ་པའི་ཤོག་ངོས་ ༡༡༨ དང་རྩོམ་ཡིག་ ༤ ཙམ་བདམས་བཀོད་བྱས་ཡོད།

་་་