Author Archives: བོད་ཀྱི་དུས་བབ།

ནང་ཆོས་ངོ་སྤྲོད།

ལོ་འདིའི་ཕྱི་ཟླ་ ༦ པའི་ཚེས་ ༢༤ དང་ ༢༥ ཉིན་གྲངས་གཉིས་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངྷ་སྟེང་བོད་ཁྱིམ་ ཚོགས་ཁང་དུ་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག

་་་

རྒན་དཔལ་འབྱོར་ནོར་བུ་ལ་དཔར་སྐྲུན་གྱི་གཟེངས་རྟགས།

རང་ལོ་ ༨༡ ལ་སོན་པའི་ཆབ་སྲིད་བཙོན་པ་དཔལ་འབྱོར་ནོར་བུ་ལགས་ལ་ཨ་རིའི་དཔར་སྐྲུན་མཐུན་ ཚོགས་ཀྱི་གཟེངས་རྟགས། རྒྱལ་སྤྱིའི་དཔར་སྐྲུན་རང་དབང་། ཞེས་པ་དེ་ཐོབ་ཡོད་ཅིང་། གཟེངས་རྟགས་དེ་ཟླ་འདིའི་ཚེས་ ༢༨ ཉིན་ནེའུ་ཡོག་གྲོང་ཁྱེར་གྱི་རང་བྱུང་ལོ་རྒྱུས་འགྲེམས་སྟོན་ཁང་དུ་སྨྱུག་ ཚོགས་ཀྱི་ལོ་འཁོར་དུས་སྟོན་སྐབས་འབུལ་རྒྱུ་ཡིན་འདུག

་་་

Windows Xp བཟོ་སྐྲུན་མཚམས་འཇོག

ད་ནས་བཟུང་ Windows Xp བཟོ་སྐྲུན་ཁང་གིས་མུ་མཐུད་ Windows Xp མཉེན་ཆས་བཟོ་སྐྲུན་བྱ་རྒྱུ་མཚམས་འཇོག་བྱས་ཡོད་པ་དང་། དེ་ནི་གསར་དུ་ཐོན་པའི་ Windows Vista བཀོལ་སྤྱོད་ཁྱབ་གདལ་དུ་གཏོང་ཆེད་ཡིན་འདུག 

་་་

བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་གསར་པ།

དཔལ་འབྱོར་འཚོལ་སྒྲུབ་ནི་གལ་ཆེན་པོ་ཡིན་ནའང། དཔལ་འབྱོར་གྱིས་ང་ཚོའི་རྩ་དོན་ཉོ་ཐུབ་པ་ཞིག་གཏན་ནས་མིན་པས། དཔལ་འབྱོར་དེ་བུད་མེད་ཀྱི་ནུས་པ་སྐྱེད་སྲིང་ཐད་བཏང་སྟེ། བོད་ཀྱི་བུད་མེད་རྒྱལ་སྤྱིའི་སྒང་ལ་སླེབས་ཐུབ་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཟེར།

་་་

སྐུ་ངོ་ཨ་ཏི་ཤཱས་གཞུང་དང་མི་དམངས་ཁ་ཁ་ཡིན་ཟེར།

༧གོང་ས་མཆོག་དང་བཀའ་ཤག་གི་གསུང་འཕྲིན་དུས་ཐོག་ཏུ་འབྱོར་གྱིན་མེད་པས་ལོ་ སྔོན་མ་དང་། ད་ལོ། མ་འོངས་བ་ཡིན་ན་ཡང་དེ་ལྟར་རེད། མི་དམངས་ལ་སྒྲོགས་སྦྱང་བྱེད་ཐུབ་གི་མ་རེད་ཟེར།

་་་

བཙོན་པ་ཁྲིད་ནས་ཁྲོམ་སྐོར་བྱས།

རྒྱ་གཞུང་གིས་དཀར་མཛེས་ས་ཁུལ་གྱི་བོད་མི་ ༡༥ ལྷག་འཇུས་ཏེ། ཁོང་ཚོ་མི་རིགས་ཁ་བྲལ་བ་ཡིན་རབས་བཤད་དེ་ཡུལ་སྡེ་སོ་སོའི་ཁྲོམ་སྐོར་དུ་ཁྲིད་ ཡོད་འདུག

་་་

མདོ་སྨད་དགེ་ལུཌ་ལོ་རྒྱུས་ཆེན་མོ་ཡིན་ནམ།

ཧོར་གཙང་གིས་མདོ་སྨད་ཀྱི་ས་ཁོངས་སུ་ཡོད་པའི་དགེ་ལུགས་པ་མ་གཏོགས་པའི་ཆོས་བརྒྱུད་གཞན་པ་ཁག་གི་ལོ་རྒྱུས་ནག་སུབ་གཏོང་གི་ཡོད་པ་དེ་ནི་རྒྱ་ནག་གི་སྲིད་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་བྱེད་བཞིན་ཡོད་པའི་སྲིད་བྱུས་དེ་ཁོ་པས་བོད་ནང་ཁུལ་ལ་བེད་སྤྱོད་བྱས་པ་ཞིག་རེད།

་་་

བོད་ཡིག་གི GSM ལག་འཕྲིན་ཐོག་མ།

GSM ལག་འཕྲིན་ཁ་པར་གསར་བར་བོད་རྒྱ་དབྱིན་གསུམ་གྱི་འཆར་ངོས་བརྗེ་སྒྱུར་དང་། འཕྲིན་ཐུང་འབྲི་བ། ལག་འབྲིའི་བྱེད་ནུས་ལྡན་པར་བཟོས་ཡོད་འདུག

 

་་་