Author Archives: བོད་ཀྱི་དུས་བབ།

པཱ་ནཱ་མཱས་ཐའེ་ཝན་ལ་རྒྱབ་གཏད་དེ་རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་སྙེག

པཱ་ནཱ་མཱ་གཞུང་གིས་ཡུན་རིང་གི་མཛའ་གྲོགས་རྒྱལ་ཁབ་ཐའེ་ཝན་བློས་བཏང་སྟེ་འཛམ་གླིང་ཐོག་རྒྱ་ནག་གཅིག་ལས་མེད་པའི་རྩ་དོན་ཁས་བླངས་ནས་རྒྱ་གཞུང་དང་མཉམ་འབྲེལ་བྱས།་་་

ནང་པའི་གྲྭ་རྐྱང་ཞིག་གིས་ཕྲུ་གུ་ཉམ་ཐག་ཚོར་སློབ་སྦྱོང་གོ་སྐབས་བསྐྲུན།

སྐྱབས་བཅོལ་བའི་གྲྭ་རྐྱང་དཀྱུས་མ་ཞིག་གིས་ནང་ཆོས་ལ་སློབ་གཉེར་གནང་བའི་གྲུབ་འབྲས་ལས་ངེས་འབྱུང་ཟབ་མོ་སྐྱེས་ཏེ་ཉམ་ཐག་པའི་རྒྱ་གར་ཡུལ་མིའི་བྱིས་པ་མང་པོ་ཞིག་ཤེས་རིག་གི་ལམ་དུ་ཁྲིད་དེ་འོད་སྟོང་ལྡན་པའི་མི་ཚེ་བསྐྲུན།་་་

སྤྱི་པ་དང་རྒྱ་ཆེ་ས་ལ་ཕན་ཐོཊ་ཡོད་པའི་ལས་དོན་ཞིག་སྒྲུབ་ཐུབ་ན་དཔལ་འབྱོར་ཡོད་པས་གོ་ཆོད་པ་རེད།

ཟླ་འདིའི་ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་། དྷ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག དྷ་སའི་རི་སྒང་གི་ཡོངས་གྲགས་ལ་སུད་སིའི་སྤང་ཞེས་པར། མདོ་སྨད་དབྱར་སྐྱིད་ཆེན་མོ་བཏང་བའི་སྟེང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་པ་ལྟར་ཕེབས་ཏེ། བཙན་བྱོལ་ནང་གི་བོད་མི་གཞོན་སྐྱེས་ཚོས་ཕྱིའི་ཀུན་སྤྱོད་དང་ནང་གི་ཀུན་སློང་འཁྱེར་ཕྱོགས་དང་། བོད་ནང་གི་བོད་མི་ཚོས་ཐུགས་གཟབ་གནང་དགོས་པའི་དོན་གནས་འགའ་བཅས་ཀྱི་ཐོག་ལམ་སྟོན་གནང་སོང་།་་་

བུ་མོ་ ༨༠༠ ཅན་གྱི་ཨ་མ་རྒན་མོ་ཞིག

རྒྱ་གར་གྱི་བུད་མེད་ཅིག་གིས་རྐྱེན་འདས་སུ་ཕྱིན་པའི་རང་གི་བུ་མོ་རྗེས་དྲན་ཆེད་དྭ་ཕྲུག་དང་ཕ་མས་དོར་བའི་བུ་མོ་ ༨༠༠ གཉོར་སྐྱོང་བྱས་ཏེ་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཡོད་པ་རེད།་་་

སྨན་བཅོས་ལྟ་སྐྱོང་ལས་གཞིར་མི་མང་གིས་ཡིད་ཆེས་དང་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་འདུག

འཕྲོད་བསྟེན་བཀའ་བློན་མཆོག་གིས་ད་ལྟ་སྨན་བཅོས་ལྟ་སྐྱོང་གཞིའི་ནང་རོགས་དངུལ་འབུམ་གཅིག་ལྷག་འབུལ་བཞིན་ཡོད་ནའང་། མ་འོངས་པར་འཛུལ་ཞུགས་མི་གྲངས་གཞིར་བཟུང་གིས་རོགས་དངུལ་དེ་ལས་མང་བ་གཏོང་རྒྱུ་ཡིན་སྐོར་དང་། ད་ཆར་མི་མང་གིས་སྨན་བཅོས་ལྟ་སྐྱོང་ལས་གཞིར་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།་་་

རྒྱ་ནག་གི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྐྱོན་ཤོར་།

ཨོ་སི་ཊོ་ལེ་ཡ་ནས་ཧྲང་ཧེ་ལ་འཕུར་བཞིན་པའི་རྒྱ་ནག་གི་གནམ་གྲུ་ཞིག་ལ་ཆག་སྐྱོན་བྱུང་སྟེ་འགྲུལ་བཞུད་པ་རྣམས་ལ་འཇིགས་སྣང་ཆེན་པོ་བྱུང་ཡོད་ཀྱང་མཐའ་མར་ཕྱིར་གནམ་ཐང་དུ་འབབ་ཐུབ་ཙམ་བྱུང་ཡོད་འདུག་་་

དྲུག་བཞིའི་དོན་རྐྱེན།

དྲུག་བཞིའི་དོན་རྐྱེན། གཅིག ཅི་ཞིག་ལ་དྲུག་བཞིའི་དོན་རྐྱེན་ཟེར།  སྤྱི་ལོ་ (༡༩༨༩ ། ༠༤ ། ༡༥ ནས་༡༩༨༩ ། ༠༦ ། ༢༤)བར་དྲུག་བཞིའི་དོན་རྐྱེན་གྱི་དུས་ཡུན་ལ་ངོས་འཛིན་ཞིང་། ༠༦། ༠༣ མཚན་གྱི་དུས་ཚོད་བཅུ་པ་བཅུ་གཅིག་ཙམ་ནས་ ༠༦། ༠༤ ཐོ་རངས་བར་ཏུ་ལས་འགུལ་སྤེལ་ཡུལ་གྱི་ལྟེ་བ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་སློབ་ཕྲུག་ངོ་རྒོལ་བ་རྣམས་དྲག་གནོན་དང་དམར་གསོད་བྱས་པས་དྲུག་བཞི་དོན་རྐྱེན་དུ་གྲགས།་་་

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་ལ་རྗེས་དྲན་ཞུས།

ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་པར་རིས་མང་པོ་འགྲེམས་སྟོན་བྱས་ཏེ་ཁོང་གིས་བོད་བསྟན་སྲིད་ཐོག་བཞག་པའི་མཛད་རྗེས་ལ་རྗེས་དྲན་ཞུས་སོང་།་་་