བློ་རབ། རིག་པ།(༣)

མང་གཙོ་ལམ་ལུགས་ནི་དེང་གི་ཆབ་སྲིད་ལམ་ལུགས་དག་ལས་ཡག་ཤོས་སུ་བརྩི་བཞིན་ཡོད་ལ། དེ་ལྟར་བརྩི་བའི་རྒྱུ་མཚན་ཡང་མང་

གཙོའི་ལམ་སྲོལ་དུ་ཁྲིམས་ཀྱི་མདུན་སར་ཚང་མ་ཐོབ་ཐང་འདྲ་མཉམ་དང་། རྩ་ཁྲིམས་ཀྱི་གོང་ན་སུ་ཡང་མེད་པ་དེས་རེད། མི་ཚང་

མར་ཐོབ་ཐང་ཡོད་པ་ལྟར་འགན་འཁྲི་ཡང་གཅིག་མཚུངས་སུ་ཡོད་པ་རེད། དེ་ལྟར་ལག་ལེན་བསྟར་བའི་རྒྱལ་ཁབ་དག་ལ་མང་

གཙོའི་རྒྱལ་ཁབ་ཅེས་འབོད།

 

བཙན་བྱོལ་བོད་མིའི་མང་གཙོ་ནི་ཅུང་དམིགས་བསལ་ཞིག་རེད། དེ་ནི་སྐྱབས་བཅོལ་བའི་མང་གཙོ་ཞིག་རེད་ལ། བཙན་བྱོལ་བོད་མི་ཚོའི་

མང་གཙོའི་ལམ་ལ་གོམ་པ་རྒྱག་གིན་ཡོད་ཀྱང་། རང་ལ་ལུང་པ་མེད་པའི་དབང་གིས་ཚད་བཀག་ངེས་ཅན་ཡོད་པའི་མང་གཙོ་ཞིག་ཏུ་

གྱུར་འདུག ཚད་བཀག་དེས་རྒྱལ་ཁབ་ཡོད་པའི་མི་རྣམས་ལྟར་མང་གཙོ་ལག་བསྟར་དང་། མང་གཙོའི་ཁྲིམས་དང་འགལ་བ་དག་ལ་

ཁྲིམས་ལྟར་ཐག་གཅོད་བྱེད་ལ་འགོག་རྐྱེན་བཟོ་བཞིན་ཡོད།

 

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྐབས་ལྟ་བུར་མཚོན་ན། འོས་བསྡུ་ལས་ཁང་གིས་སྒྲིག་ཁྲིམས་ཇི་ལྟར་བཟོས་ནའང་། དོན་

དངོས་ལག་ལེན་དུ་སྒྲིག་ཁྲིམས་དང་འགལ་བ་དག་ལ། ཁྲིམས་ལྟར་ཐག་གཅོད་ནན་པོ་ཅི་ཡང་བྱེད་ཐུབ་ཀྱི་མེད། དེ་ལྟར་བྱེད་མ་ཐུབ་པའི་

རྒྱུ་མཚན་ཡང་སོ་སོ་ལ་ལུང་པ་མེད་པ་དེར་ཐུག་འདུག དེས་སྐབས་འཚོལ་རང་ལུགས་ཚོར་གོ་སྐབས་ཤིག་ཀྱང་སྐྲུན་གྱིན་ཡོད་ལ། འོས་

བསྡུ་ཚད་ལྡན་ཞིག་ཡོང་ལ་འགོག་རྐྱེན་ཡང་དེ་ནས་ཡོང་གིན་ཡོད།

 

བཙན་བྱོལ་བའི་མང་གཙོ་ནི་ཚད་བཀག་ཅན་གྱི་མང་གཙོ་ཞིག་ཡིན་པ་དེ་མ་ཤེས་པར། རྒྱལ་ཁབ་ཡོད་པའི་མི་རྣམས་ཀྱིས་ལོངས་དུ་

སྤྱོད་པའི་མང་གཙོ་ཡི་ཚད་ཐིག་ཅིག་བཟུང་སྟེ། བཙན་བྱོལ་བོད་མིའི་མང་གཙོ་ལ་ཚད་བརྒྱབ་ན། ཞན་ཆ་མང་པོ་ཏན་ཏན་ཡོད་

ངེས་རེད་ལ། ཞན་ཆ་དེ་དག་བསམ་བཞིན་དུ་སྐབས་སོ་སོའི་དབང་འཛིན་པ་དག་གིས་བཟོས་པ་མ་རེད་འདོད། རང་ཉིད་ལ་དབང་

བའི་གནས་ཡུལ་ངོ་མ་ཞིག་མེད་སྟབས། དེ་ལས་ལྷག་གི་ལམ་ཁ་ཞིག་མ་རྙེད་པ་རེད་འདོད།

 

མང་གཙོའི་ལམ་ལུགས་སུ་ཐོབ་ཐང་དང་འགན་འཁྲི་གཉིས་ཆ་མཉམ་དུ་ཡོད་པ་ཞིག་རེད། ཐོབ་ཐང་དགོས་ལ་འགན་འཁྲི་མི་དགོས་

ཟེར་ས་མི་འགྲོ། ཐོབ་ཐང་དང་འགན་འཁྲི་གཉིས་མཉམ་དུ་ཡོད་པ་དེས། ཐོབ་ཐང་དང་རང་དབང་ཟེར་ནས་གང་དྲན་བཤད་ཆོག་

ཆོག་ཅིག་དང་ལས་ཆོག་ཆོག་ཅིག་མ་ཡིན་པར། རང་ཉིད་ཀྱིས་གང་བཤད་དང་བྱས་པ་དག་ལ་འགན་རང་གིས་འཁྱེར་དགོས་པ་དེ།

མང་གཙོའི་འབངས་མི་ཞིག་གི་རྩ་བའི་ཆ་རྐྱེན་རེད།

 

བཙན་བྱོལ་བོད་མི་ཚོ་ཐོབ་ཐང་དང་རང་དབང་གཅིག་བུར་རྔམ་མ་བསྡད་པར། འགན་འཁྲིའི་ཆ་ནས་ངེས་པར་དུ་བོད་མིའི་གོང་བུའི་

ནུས་པ་གཅིག་གྱུར་ལ་དམིགས་བསལ་འགན་འཁྲི་ཡོད་དགོས་པར་འདོད། རང་ཉིད་ཀྱིས་ཐོབ་ཐང་དང་རང་དབང་ལ་ལོངས་སུ་སྤྱོད་

པ་དེས། སྤྱི་ཡི་མཐུན་སྒྲིལ་གྱི་གོང་བུར་ཕན་གནོད་ཅི་ཞིག་འབྱུང་མིན་ལ་བསམ་བློ་གཏོང་དགོས། བསམ་བློ་དེ་མ་འཁོར་ན་ང་ཚོའི་

མང་གཙོ་འདིས་ང་ཚོ་དུམ་བུར་གཏོང་སྲིད།

 

བཙན་བྱོལ་དུ་མང་གཙོ་འགོ་བཙུགས་སྐབས། ཁྱོན་ཡོངས་ནས་བོད་མིའི་གོང་བུ་གཅིག་གྱུར་ལ་བསམ་བློ་གཙོ་བོར་བཏང་ཡོད་པ་གསལ་

བོ་རེད། གཅིག་བྱས་ན། སྐབས་དེར་མང་གཙོའི་ལམ་ལུགས་ཀྱི་ཁྲིམས་དང་སྒྲིག་གཞི་ལ་རྒྱུས་མངའ་དེ་ཙམ་ཡོད་རྒྱུ་མ་རེད། དེ་ནས་

རིམ་པས་ཟམ་གདོང་རིན་པོ་ཆེ་གྲོས་ཚོགས་སུ་ཕེབས་ཏེ། ཁྲིམས་དང་སྒྲིག་གཞིའི་ཐད་འགྱུར་བ་མང་པོ་བཏང་སྟེ་ཚད་ངེས་ཅན་དུ་

བསླེབས་ཡོད། འོན་ཀྱང་བཙན་བྱོལ་བོད་མི་ཚོ་སྔར་བཞིན་སྐྱབས་བཅོལ་བའི་ངོ་བོར་བསྡད་ཡོད་ལ། རང་ལ་དབང་བའི་ས་ཆ་མེད་

པའི་རྐྱེན་གྱིས་ཁྲིམས་ཀྱིས་མང་གཙོ་ལག་བསྟར་བ་ཚོ་འགན་སྲུང་ཆ་ཚང་བྱེད་ཐུབ་ཀྱི་མེད། དེའི་སྟབས་ཀྱིས་ང་ཚོའི་མང་གཙོའི་

ཁྲོད་དུ་ཁ་འཐོར་གྱི་ཉེན་ཁ་སྔར་བཞིན་གནས་མུས་རེད།

 

མདོར་ན། བཙན་བྱོལ་བོད་མིའི་མང་གཙོ་ནི་ཚད་བཀག་ཅན་གྱི་མང་གཙོ་ཞིག་རེད་ལ། མང་གཙོ་ལོངས་སུ་སྤྱོད་དུས་བོད་མིའི་མཐུན་

སྒྲིལ་གྱི་གོང་བུ་ལ་བསམ་བློ་བཏང་སྟེ། འོས་ཤིང་འཚམས་པའི་ལས་ལ་ཞུགས་པ་ལས་རྒྱལ་ཁབ་ཡོད་པའི་མི་རྣམས་ལྟར་ཆ་ཚང་ལག་

བསྟར་བྱེད་མི་ཐུབ་པ་གསལ་བོ་རེད་བསམ།

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

3 thoughts on “བཙན་བྱོལ་བོད་མིའི་མང་གཙོ་ལ་ལྟ་སྟངས་ཕྲན་བུ།

  1. དགོངས་ཚུལ་གསུང་མཁན་ཚོ་ལ་ཐུགས་རྗེ་ཆེ་ཞུ། སྤྱིར་གཏང་བཙན་བྱོལ་བོད་ཀྱི་མང་གཙོའི་ཐད་ནས་་ཞིབ་ཚགས་པོ་དཔེ་དང་བཅས་འབྲི་དགོས་བསམ་ཡང་དེ་ལྟར་བྱུང་མ་སོང་། རྗེས་མ་ཞིག་ལ་ཞིབ་ཚགས་པོ་ཞིག་འབྲི་ཨེ་འཐུབ་བལྟ་དགོས། མཁོ་པ་ཧ་ཅང་གི་ཉུང་ཉུང་རེད།

  2. རྩོམ་ཡིག་ཧ་ཅང་སྣང་བར་འགྲོ་བོ་ཞིག་བྲིས་འདུག ལྷག་པར་དུ་ཚིག་སྦྱོར་སྦེལ་སྟངས་ཀྱི་བྱང་ཆ་དེ་ཡིད་འདྲེན་པ་ཞིག་རེད། ཡིན་ནའང་བརྗོད་དོན་ལྟ་བའི་ཆ་ནས་བསམ་ཚུལ་མི་མཐུན་པ་རེ་ཟུང་འདུག་མོད། རིམ་པའི་འདིའི་ཐད་བསམ་ཚུལ་འགའ་ཞུ་འདོད་བྱུང་སོང་།

  3. ཅི་ལྟ་བུ་ཞིག་ལ་དམངས་གཙོ་དང་ཡུལ་བྱོལ་གཞུང་གི་དཀའ་ངལ་སོགས་མང་དག་བྲིས་པར་དགའ་བསུ་ཡོད། ཡིན་ནའང་འོས་མིའི་གཏམ་བཤད་ས་གནསགང་ཡིན་ན་དེ་གའི་མི་དམངས་ཀྱི་འདོད་སྨོས་ཡོད་མེད་ལ་རེག་པ་ལས་གང་བྱུང་དུ་གཏམ་བཤད་བྱེད་ཆོག་ཆོག་ཅིག་མེད། ཨ་རི་ལྟ་བུར་མཚོན་ན་འོས་མི་དེའི་རྒྱབ་སྐྱོབ་པ་ཚོས་འགྲོ་གྲོན་ཆ་ཚང་བཏང་ནས་ཚོགས་ཁང་དང་རྩེད་ཐང་རྭ་བ་ཡང་ན་སྤང་ཀ་གླས་ནས་གོ་སྒྲིག་བྱེད་སྲོལ་ཡོད། ཉན་གི་ཡོང་མིན་དམངས་གཙོ་ལོངས་སུ་སྤྱད་ནས་ཅི་རིགས་ཡོད། དེར་མ་ཡོང་ན་ལ་རྒྱ་མེད་པ་དང་སེམས་ཤུགས་སོགས་སུ་ཁ་གཡར་ཏེ་སྒྲོ་འདོག་བྱེད་ས་གཏམ་ནས་མེད། ཆོས་ཁང་དང་ཚོགས་པ་གང་མི་འཕྲོད་པའི་སྐད་ཆ་དེ་བས་ཀྱང་ཡོད་སྲིད་མིན། འོས་མི་དེའི་དམིགས་ཡུལ་ཀྱང་འོས་ཤོག་གང་མང་ལེན་ཐུབ་པའི་རེ་བའི་འདོད་རྔམ་ཞིག་བཅིངས་ནས་ཡོང་ཡོད་པ་ཤ་རྟགས་ཡིན། རང་གནང་གང་ཤར་གྱིས་གཏམ་བཤད་བྱས་ན་དེ་ནི་མྱི་ས་ལས་ཁྱི་སར་དྲིད་ཅེས་པའི་དཔེ་ལྟར་དམིགས་ཡུལ་ངེས་ཅན་མེད་པར་འུར་ཅོ་བརྒྱབས་ལས་གནད་ཕུགས་ཐུབ་པའི་བྱ་བཞག་འགྲུབ་གང་ནས་ཐུབ། འོས་མི་དེ་ས་གནས་གང་དུ་སླེབས་རུང་དེ་གའི་མི་དམངས་ཀྱི་བློ་ཁ་དང་མཐུན་པའི་གཏམ་བཤད་ཅིག་ངེས་པར་བྱ་དགོས་པ་ཡིན། རྟེན་འབྱུང་གི་འཇིག་རྟེན་རྟེན་བྱུང་ཡིན་པས་དམངས་གཙོ་ཡང་དེ་ག་རང་ཡིན།

བརྙན།

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

པད་མ་ཚེ་བརྟན། སྐུ་ཚེ་བརྟན་དགོས།
བློ་རབ། རིག་པ། (༠)
ཚོགས་གཙོ་མཆོག ཐེངས་གཅིག་ཀློགས་རོགས།
བློ་རབ། རིག་པ། (༢༤)
དེ་ལས་མང་།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༩)
  • སྤྱིའི་མཆན་གྲངས། (༥༣)
  • སྤྱིའི་ཀློག་གྲངས། (༡༠༠༥)