རང་དབང་སྒུམ་པ། རིག་པ། (༤)
ཉེ་ཆར་ངས་སྤྱི་འཐུས་གྲོས་ཚོགས་ཀྱི་བརྙན་པར་ཞིག་ལ་བལྟས་པ་ཡིན།  སྲིད་སྐྱོང་བློ་སེང་གིས་གྲོས་ཚོགས་ལ་གཏམ་བཤད་ཅིག་བྱེད་ཀྱིན་འདུག  དེར་ཁོང་གིས་ཉེ་ཆར་གྱི་འོས་འདེམས་སྐོར་ལ་སྐད་ཆ་བཤད་ཀྱིན་འདུག   ཚོགས་གཙོས་འོས་འདེམས་སྐོར་མ་བཤད་ཅེས་སྐུལ་མ་ཡང་བྱས་སོང་།  གྲོས་ཚོགས་རྭ་བ་དེ་ན་བློ་སེང་ངར་ནས་འདུག   ཁོང་གི་ཚིག་ཇི་བཞིན་མི་དྲན་མོད།  བཤད་དོན་གཙོ་བོ་ནི་ཐེངས་འདིའི་འོས་འདེམས་ལ་ཁོང་ལ་རྒྱལ་ཁ་ཐོབ་པ་དེར་དམིགས་བསལ་དགའ་བ་ཞིག་མེད་ཟེར།  དེ་ནས་ཧིན་དཱིའི་ཚིག་ཅིག་བེད་སྤྱོད་བྱེད་ཆོག་པ་ཞུ་ཞེས་གསུངས་ནས་ Izzat གསུངས་སོང་།  “ངའི་Izzat ཐར་སོང་ངམ་བསྐྱབས་བྱུང་”ཟེར་བ་ལྟ་བུ་ཞིག་རེད། ངའི་གོ་བ་ལེན་ཕྱོགས་བྱས་ན། ཐེངས་འདིའི་འོས་ཤོག་ལ་བརྟེན་ནས་ཁོ་རང་གི་མཚན་སྙན་མ་ཉམས་ཙམ་བྱུང་ཟེར་བའམ་ཡང་ན་ཁོང་གི་སྙན་གྲགས་དང་མཚན་མཐོང་སྐྱོབ་ཐུབ་ཙམ་བྱུང་ཟེར་བ་འདྲ་ཞིག་རེད།   ང་ཚོས་མི་རིགས་ཤིག་རྩ་དོན་སྐོར་སྐད་ཆ་བཤད་བཞིན་ཡོད་པ་ལས་བློ་བཟང་སེང་གེའི་མཚན་མཐོང་བཤད་ཀྱིན་མེད།  བློ་བཟང་སེང་གེ་སེང་གེ་དང་ཁྱི་ཡིན་ཁྱད་པར་མི་འདུག  འོན་ཀྱང་རྐུབ་ཀྱག་དེའི་ཐོག་བསྡད་ནས་བོད་མི་རིགས་ཀྱི་ལས་ཀ་ཁོ་ན་བྱེད་ཐུབ་ན་ང་ཚོའི་བསོད་ནམས་རེད།  སྐད་ཆ་ཆུང་ཆུང་འདི་ལ་བརྟེན་ནས་བློ་བཟང་སེང་གེར་རྒྱལ་ཁ་ཐོབ་པ་དེ་མི་རིགས་ཀྱི་ཕམ་ཁ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་པ་འདུག  ཅིའི་ཕྱིར་ཞེ་ན།  དུས་རབས་ཉེར་གཅིག་པའི་ནང་བོད་ལ་འགྱུར་ལྡོག་སྔར་བྱུང་མ་མྱོང་བ་ཞིག་འགྲོ་བཞིན་ཡོད།  སེམས་ཁུར་ཡོད་མཁན་ཚོས་ད་ནི་མི་རིགས་འདི་ཧ་ཅང་མགྱོགས་པོར་ཉམས་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད།  པད་མ་ཚེ་བརྟན་གྱི་གློག་་་
རང་དབང་སྒུམ་པ། རིག་པ། (༠)
ཨ་རིའི་གཞུང་གི་ཕྱི་སྐད་སློབ་གྲྭ་(the Foreign Service Institute (FSI) ཞེས་པའི་དྲ་ཐོག་ན་འཛམ་གླིང་གི་སྐད་གང་ཞིག་སློབ་བདེ་བ་དང་གང་ཞིག་སློབ་དཀའ་བའི་ཚད་ལ་རོབ་རྩིས་བྱས་ཏེ་་གནས་ཚུལ་བཀོད་ཡོད། དྲ་བ་འདི་ན་གསལ་བ་ལྟར་བྱས་ན། སྐད་ལ་སྡེ་ཁག་ལྔར་དབྱེ་སྟེ་དེ་སློབ་རྒྱུར་གཟའ་འཁོར་དང་ཆུ་ཚོད་ག་ཚོད་དགོས་མིན་བཤད་ཡོད། དེ་དག་གི་རྣམ་གཞག་ཞིབ་ཚགས་པ་ཤོད་རྒྱུར་ང་ཚོར་ད་དུང་རྙོག་འཛིང་ཡོད། འོན་ཀྱང་ཨ་རིའི་མི་ཞིག་གིས་སྡེ་ཁག་དང་པོའི་གྲས་ཀྱི་ཧྥ་སྐད་སྦྱོང་རྒྱུ་ལ་ཆུ་ཚོད་༡༡༠༠ དང་ཡང་ན་བདུན་ཕྲག་ ༤༤ ཙམ་གཏོང་དགོས། སྡེ་ཁག་གཉིས་པའི་གྲས་ཀྱི་སྐད་དཔེར་ན་འཇར་མན་སྐད་ལ་བདུན་ཕྲག་ ༣༠ དང་ཆུ་ཚོད་བདུན་བརྒྱ་ལྔ་བཅུའི་ཡུན་གཏོང་དགོས། སྡེ་ཁག་གསུམ་པའི་དཔེར་ན་ཨིན་དུ་ནི་ཤེ་ཡའམ་ཨ་ཧྥི་རི་ཀའི་སི་ཝ་ལི་སྐད་ལྟ་བུ་སྦྱོང་རྒྱུ་ལ་ཆུ་ཚོད་ ༩༠༠དང་ཡང་ན་བདུན་ཕྲག་ ༣༦ ཙམ་གཏོང་དགོས། སྡེ་ཁག་བཞི་པའི་ཁྲོད་སྐད་ཧ་ཅང་མང་ཞིང་དེའི་ནང་གི་དཔེར་ན་ རྒྱ་གར་གྱི་ཧིན་སྐད་དང་ཁ་ཆེའི་འུར་རྡུ་སྐད་ལྟ་བུ་ལ་ཆུ་ཚོད་ ༡༡༠༠ དང་ཡང་ན་བདུན་ཕྲག་ ༤༤ གཏོང་དགོས། སྡེ་ཁག་མཐའ་མ་དེར་རྒྱ་སྐད་དང་ཉི་ཧོང་གི་སྐད་ཡོད་ཅིང་ དེ་དག་སློབ་པ་ལ་ཆུ་ཚོད་ ༢༢༠༠ དང་ཡང་ན་བདུན་ཕྲག་ ༨༨ དགོས་པར་བཤད་ཡོད། བོད་རིགས་ལྟ་བུས་ཨིན་སྐད་སློབ་པ་ལ་ཆུ་ཚོད་ག་ཚོད་དགོས་སམ་ཞེས་པ་ལའང་དྲི་ལན་སྣ་ཚོགས་པ་འདུག འདིར་ལུང་དྲངས་པའི་དཔྱད་རྩོམ་འདིར་་  “The overriding conclusion emerging from these data sets is that even in districts that are considered the most successful in teaching […]་་་
རང་དབང་སྒུམ་པ། རིག་པ། (༠)
འདིར་བོད་ཀྱི་དུས་བབ་གསར་ཁང་གིས་ཕྲན་ལ་ཟིན་བྲིས་ཀྱི་གོ་སྐབས་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ད་ནས་བཟུང་རང་གི་དྲན་ཚད་དང་ཐོས་ཚད་ཀྱི་ཐོག་ནས་རིག་པ་སྒུམ་དུ་འགྲོ ཟིན་བྲིས་འདེབས་མཁན་བདག་གི་མིང་ལ་ རང་དབང་སྒུམ་པ་ ཞེས་བཏགས་ཡོད། དེ་ནི་རང་དབང་སྤྱད་ནས་རིག་པ་སྒུམ་དུ་འགྲོ་རྒྱུ་དང་། རིག་པ་སྤྱད་ནས་རང་དབང་སྒུམ་དུ་འགྲོ་རྒྱུའི་དོན་ཡོད་པ་ཡིན། ཐོག་མར་ལེའུ་གསར་པའམ་ཟིན་བྲིས་གསར་པ་འདིའི་སྒོ་འབྱེད་ཀྱི་ཚུལ་དུ་ཟླ་བ་གཅིག་ཙམ་རིང་སྐད་ཡིག་གི་སྐོར་གླེང་སློང་བྱེད་འདོད་བྱུང་། ཉེ་ཆར་བཙན་བྱོལ་ནང་གི་མཁས་པ་གྲགས་ཅན་རྒན་པད་མ་འབུམ་ལགས་རྒྱ་གར་དུ་ཕེབས་ཏེ་རིག་གཞུང་དང་རིག་གནས་སྲུང་སྐྱོབ་ཅེས་པ་འདི་ཡང་སྙིང་ཅི་ཞིག་ཡིན་མིན་སྐོར་ལ་གསུང་བཤད་གནང་བ་རེད། གསུང་བཤད་ཀྱི་ནང་དོན་ནི་རིག་གཞུང་གི་ཁག་ཅིག་ནི་སྐྱོབ་ཏུ་མེད་པའམ་བསྐྱབས་ནས་ཕན་ཐོགས་མེད་པར་གྱུར་ཟིན་པ་དང་། ཁག་ཅིག་ནི་ད་ཆ་སྐྱོབ་རན་ཡོད་མོད་དེ་དག་ལ་ངོས་འཛིན་གསལ་པོ་ཞིག་བྱས་པའི་ཐོག་ནས་སྲུང་སྐྱོབ་བྱེད་འོས་པའི་དགོངས་འཆར་བཏོན་པ་རེད། ཚུལ་འདི་ནི་སྐད་ཡིག་སྲུང་སྐྱོབ་ཅེས་པའང་སྦྱོར་འོས་པ་ཞིག་རེད། བོད་སྐད་དང་བོད་ཡིག་ཕུན་སུམ་ཚོགས་པ་ཡིན་པ་མ་ཟད་འཛམ་གླིང་གི་ནོར་བུ་ཞིག་ཡིན་པ་དང་།  ཐ་ན་འཛམ་གླིང་གི་སྐད་ཡོད་དོ་ཅོག་གི་གྲས་ནས་ཀྱང་ཨང་གཉིས་པའམ་གསུམ་པ་ལྟ་བུ་ཡིན་པའི་གླེང་སློང་གོ་བཞིན་འདུག  འདི་ལ་ང་ཚོ་རང་ཉིད་སྣང་བ་དག་པའི་རྣམ་པ་ཞིག་ཏན་ཏན་ཡོད་རེད་བསམས་ཀྱི་འདུག  སྐད་ཡིག་གི་སྐོར་བཤད་སྐབས་བརྗོད་གཞི་འདི་ལ་ཟུར་སྣ་ཚོགས་པ་ཞིག་་་

རང་དབང་གི་ཐོག་ནས་རིག་པ་སྒུམ་དུ་འགྲོ། རིག་པའི་ཐོག་ནས་རང་དབང་སྒུམ་དུ་འགྲོ།

བརྙན།

No videos

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

ངའི་ Izzat
རང་དབང་སྒུམ་པ། རིག་པ། (༤)
དེ་ལས་མང་།

རིག་པ་གསར་ཤོས།

བློ་བཟང་།
འབྲོང་དར་མ།
བཙན་པོ།
པདྨ་འབུམ་རྒྱལ།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༣)
  • སྤྱིའི་མཆན་གྲངས། (༤)
  • སྤྱིའི་ཀློག་གྲངས། (༥༩༠)