Notice: Undefined offset: 9 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 10 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 11 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 12 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 13 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 14 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 15 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 16 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 17 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 18 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 19 in /home/tibettim/public_html/includes/functions/browser.detection.php on line 446

ཟིན་བྲིས

སྤྱིའི་བརྙེད་སོན་ ༢༧༩ ཡོད་པའི་ཁྲོད་ཀྱི་ ༡༠༡ ནས་ ༡༢༠ བར་བསྟན་ཡོད། ཤོག་གྲངས་: [སྔོན་མ།] .. [༦] ..༡༤[རྗེས་མ།]
རྟོག་འགྱུའི་རླབས། - རྒྱ་རགས།
ང་ལ་ལྟ་བ་ཟེར་བ་དང་། ལང་ཕྱོགས་ཟེར་བ་ཞིག་མེད། ང་ལ་ཆང་དྲི་འཐུལ་བའི་འཆལ་བོ་ཞིག་གི་གཤིས་ཀ་ལྡན། ང་ལ་གནས་ལུགས་འཚོལ་བའི་སྒོམ་ཆེན་པ་ཞིག་གི་སེམས་གཤིས་ཡོད། ང་ལ་མིག་ཤེལ་མཐུག་པོ་གྱོན་པའི་ཚན་རིག་པ་ཞིག་གི་བག་ཆགས་ཡོད། འདིར་ཕེབས་དང་། ངས་ནམ་ཡང་ཁྱོད་ཀྱི་རྣ་ནང་ལ་ཚོར་བ་དངོས་མའི་ཨག་རྒྱངས་རེ་བྱེད་ཆོག
མགར་གྱི་ཁྱིམ། གྲོལ་ཧེ་རུ་ - མགར་རྡོ་རྗེ །
ཨ་རོགས་ཚོ།འུ་ཚོ་མི་བུ་ཞིག་གི་བརླ་རྐང་ཨེ་ཉན་ནམ། ས་སྐྱེས་རྡོ་སྐྱེས་བྱས་པའི་དེ་རིང་གི་འཇིག་རྟེན་ཁམས་འདི་ལ་ལྟ་འདོད་ཆེ་བའི་མི་བུ་བདག་ལྟ་བུ་ལ་སྐྱེས་ཆེན་ཚོ་ལྟར་ལེགས་སྐྱེས་མེད་ལ་བླང་འོས་བའི་ལེགས་བཤད་ཀྱང་མེད་པས། ཡུལ་མི་ཚོས་སེམས་རྒྱ་ཆེར་བསྐྱེད་དེ་བཟོད་སྒོམ་གནང་རོགས་ཞུ།
ཨ་བཙན་པོའི་བསམ་གཞིག་གི་གླིང་ - ཨ.བཙན་པོ།
ཁོ་བོས་གཞིས་ཁྱིམ་ཆུང་ཆུང་ཞིག་བཟུང་ནས་འདི་ལྟར་བརྩེ་དུང་གི་གོད་ཆག་ལ་ཕྱི་མིག་གཟིགས་དུས། ཆེས་བརྗེད་མི་ཐུབ་པའི་དྲན་ཤིང་ལྕི་མོ་ཞིག་གིས་ཟ་དང་ཟུར་ཀུན་ནས་ཁོ་བོ་གཏན་ནས་སོས་དལ་ངང་སྡོད་དུ་མི་འཇུག་གི ངོ་མ་འཇིག་རྟེན་གྱི་བྲོ་ར་འདི་ཇི་འདྲའི་དགོད་བྲོ་བ་ཞིག་རེད་འདུག གང་ལྟར་ལམ་ལ་མ་ཆས་པའི་སྔ་རོལ་དུ་ཁོ་བོས་ཀྱང་ལྟ་གོན་ཞིག་བྱས་ན་འགྲིག་ཁ་རེད།
རྣམ་ཤེས་ཕྲ་མོ་འཇུ་ཐག - སྒོམ་སྡེ་དོན་གྲུབ་རྒྱལ་མཚན།
ཆུ་ཚོད་འཁོར་ལོའི་སྐར་ཆ་ཡི་ཚག་སྒྲ་རེ་རེའི་གསེང་དུ་ ལོ་ཟླ་ཞག་གི་གོམ་སྟབས་རེ་རེའི་ལྷན་དུ་ ང་ཚོ་ནི་འདི་འདྲ་ ཁྱོལ་དཀའ་བའི་ས་མཐའ་ཞིག་ཏུ་ ཨུ་ཚུགས་དང་སྡུག་རུས་ཁོ་ནས་སྒུར་དུས ཅིའི་ཕྱིར་སྐྱོ་མི་ཡོང་མཛེས་སྡུག་གི་རྩྭ་ཐང་དྲན་བཞིན། བྱམས་ལྡན་གྱི་གཉེན་ཉེ་བསམ་བཞིན ་
བོད་རང་བཙན་ཟིན་བྲིས། - དཀོན་མཆོག
འཇིག་རྟེན་འཚོ་སྡོད་པ་ཞིག་གི་མི་ཚེའི་ཐད་ན་གླེང་ན། དམིགས་ཡུལ་དང་ལག་ལེན་གཉིས་ནི་རང་ཉིད་ཀྱི་མི་ཚེ་རླབས་ཆེན་དུ་བསྒྱུར་བྱེད་ཀྱི་གལ་ཆེའི་མ་ལག་དེ་ཡིན་ལ། རང་ཉིད་ཀྱི་མི་ཚེ་ལ་ཁ་དོག་བསྐྲུན་གྱེད་ཀྱི་ཚོན་རྩི་ངོ་མ་དེ་ཡིན་པས། དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ལ་ལག་ལེན་གནད་དུ་འཁེལ་བ་ཞིག་བསྟར་རྒྱུ་ཧ་ཅང་གལ་ཆེ་ལ། ག་དུས་ཡིན་ཡང་དམིགས་ཡུལ་དང་ལག་ལེན་བར་གྱི་ཁ་ཐག་ཉེ་རུ་གཏོང་བར་ངེས་པར་དུ་འབད་བརྩོན་བྱེད་དགོས་ཡིན།
ཞི་བདེ་གླིང་ - དོན་འགྲུབ་བཀྲ་ཤིས།
མུ་གེ་དང་ནད་ཡམས་མེད་པའི་རྒྱལ་ཁམས་ཤིག དམག་འཁྲུག་དང་འགྲན་རྩོད་མེད་པའི་རྒྱལ་ཁབ་ཅིག དབུལ་ཕྱུག་དང་བཙན་སྙོམ་མེད་པའི་སྤྱི་ཚོགས་ཤིག གཡོ་སྒྱུ་དང་བསླུ་བྲིད་མེད་པའི་མི་རིགས་ཤིག ངས་ གླིང་ཆེན་རེ་རེར་འཚོལ་བཞིན་པའི་ཕུགས་བསམ་གྱི་གྲོང་ཚོ་ཡིན། ངས་ཉི་མ་རེ་རེར་འབྲི་བཞིན་པའི་འཆར་ཡན་གྱི་བརྗོད་བྱ་ཡིན། འདིར་ཕེབས་དང་། རྟག་བརྟན་གྱི་བརྩེ་བ་ཞིག ཟག་མེད་ཀྱི་བདེ་བ་ཞིག མཐར་ཐུག་གི་བདེན་པ་ཞིག་ལ་བགྲོ་གླེང་བྱེད་ཡ།
དབྱངས་ཅན་རོལ་པའི་འོ་མཚོའི་ཟིན་བྲིས། - སྨར་དྷཱིཿཟེར།
ཕ་ས་དགྲ་ལག་ཏུ་ཤོར་བའི་གངས་ཕྲུག་སྡར་མ། ལྟེ་ཁྲག་གངས་འདབས་སུ་ཐིམ་པའི་འབྲོག་ཕྲུག་ཉོམ་ཆུང་
རྐང་རྗེས། - ནགས་མེ།
རྒྱ་ནག་པོ་འདིས་གནམ་གྱིས་ས་བཀབ་པ་བཞིན་ང་དང་ཁྱོད་ཀྱི་རྩོད་གླེང་མེད་པར་སྟོད་གངས་དཀར་ཏི་སེ་ནས་སྨད་མཆོད་རྟེན་དཀར་པོའི་བར་ཧྲིལ་གྱིས་མནན་འོང་དུས། ང་ཚོ་ནང་ཁུལ་དུ་ཕྱོགས་འཐེན་སྣ་ཚོགས་པ་ལ་མགོ་རྒྱག་བཞིན་སྨོད་བཞིན་པ་འདི་ནི་དོན་དམ་པར་ཁ་བ་ལ་དུང་བ་རྣལ་མ་ཞིག་མེད་པའི་དན་རྟགས་བསྙོན་མེད་ཅིག་དང་བསམ་བློ་ནར་མ་སོན་པའི་མཚན་མ་སྟོབས་ལྡན་ཞིག་ཀྱང་རེད་འདོད།
སྐྱེད་མོས་ཚལ། - ཤ་ཀླན་འཇམ་དབྱངས་གྲགས་པ།
འདི་ནི་དགའ་ཚལ་ཞིག་ཡིན་ལ་གླིང་ག་ཞིག་ཀྱང་ཡིན།ཁྱེད་ཀྱིས་འདི་ནས་གསོལ་ཇ་ལྷོད་བཞེས་གནང་སྟེ་དོན་སྙིང་ཅན་གྱི་སྐད་ཆ་མང་པོ་ཞིག་ཕར་བཤད་ཐུབ་ངེས་ལ་ཚུར་ཉན་ཐུབ་ངེས།དེ་ནི་ངའི་རེ་བ་ཡིན།ངའི་འདུན་པ་ཡིན།
སྦྲ་ནག་ཚང་གི་སྙན་ངག་གི་ཕ་ས། - སྦྲ་དཔལ་ལྡན།
ཁྱོད་ཀྱིས་བཤད་ན་སྦྲ་ནག་གི་འདབས་ཁ་རླུང་གི་སྤུར་བའི་མཚན་མོ། ཏག་ཏག་ཁྱོད་དང་ཟླ་བའི་ལྷ་མོ་གཉིས་འདི་ལྟར་རྒྱང་རིང་རྒྱང་རིང་ཞིག་ཏུ་བཞུད་དགོས་བྱུང་སོང་བ་མ་ཟད། ཨ་མ་དང་ཨ་ཕ་ད་དུང་སྤུན་ཉེ་ཡོད་ཚད་དེ་ལས་ཀྱང་མི་ཚད། ཁྱོད་ཀྱི་བྱིས་དུས་ཀྱི་རྩེ་རོགས་དང་གཡང་དཀར་འབའ་སྒྲ་སོགས་མང་བོ་མང་བོ་ཞིག་མཐའ་ཡས་པའི་རྩ་ཐང་ནས་བཞག་སྟེ་བཞུད་དགོས་བྱོང་སོང་ཟེར། ངོ་མ་བཤད་ན་ང་རང་ཅི་ཡང་མེད་པའི་སློང་མོ་བ་ཞིག་ཡིན་ལ། ང་ལ་ཡོད་པ་ངའི་ཡོད་ཚད་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ཆེད་དུ་ཕུལ་ན་འདོད། ཤུ་རུ་ཀོ་བསམ་བློ་འདི་ཆུང་ཆུང་ཞིག་གཏན་ནས་མ་རེད།
མིག་མཐའ་ནས་འཛུམ་པའི་ང་ - ཁ་བ་སྐམ་པོ།

ཤར་གྱི་སྐྱ་རེངས་སྨག་གིས་ཟོས་ཀྱང་།།
དྭངས་གཙང་བཞུར་རྒྱུན་ཁྲག་ཏུ་འགྱུར་རུང་།།
མེས་པོའི་ཕྱག་གི་ཐོ་བ་བརྗིད་པོ།།
མཆོག་མ་གཉོམ་པོའི་རྒྱན་དུ་ལོས་བཀུར།།

འགྲུལ་བཞུད་པའི་གཏམ། - རྔ་བ་བསོད་དེ།
རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་རེ་བཤད་ན་འདོད་པ་དེ་ཡིན།
བྱང་གི་ཁུག་རྟ། - ནམ་མཁའ་བསྟན་འཛིན།
བརྡ་འཕྲིན་གྱི་གླེང་སྟེགས་འདི་བརྒྱུད་དེ་དུས་བབ་ཀྱི་སྒེའུ་ཁུང་ནང་ནས་སྐེ་བསྲིངས་དོན་གང་ཟག་སྒེར་བའི་བར་ལ་དགའ་ཉེས་ཕྲག་དོགས་ཀྱི་ཅ་ཅོ་སྒྲོག་འདོད་མིན་ལ། སྤྱི་ཚོགས་སྟེང་འགན་མེད་ཀྱི་འཆལ་གཏམ་བཤད་འདོད་དེ་བས་ཀྱང་མིན་པར། རང་དང་ལས་སྐལ་མཉམ་པའི་རྒྱལ་ཁབ་ཕྱི་ནང་གི་དྲ་གྲོགས་ཚོར་རང་གིས་མི་ཤེས་བ་དོགས་འདྲི་བྱེད་ས་དང་མཚམས་རེར་རང་གི་སེམས་ཀྱི་འཆར་སྣང་འགའ་གླེང་མོལ་བྱེད་ཆེད་ཡིན།
འབྲོག་རུ་བའི་རྟོག་འཆར་ལས་གྲུབ་པའི་འཇིག་རྟེན། - འབྲོག་རུ་ཆོས་དར།
བསམ་བློའི་སྤང་ལྗོངས་ཡངས་ས་ཞིག་ན་འཛུམ་མདངས་ཀྱི་མེ་ཏོག་མོད་པའི་ནེའུ་གསིང་དེར། འབྲོག་རུ་བས་སྦྲ་ནག་གྲུ་བཞི་འདི་རུ་ཁྱེད་ཀྱིས་གླེང་མོལ་བྱ་བར་སྒུག་ཡོད། འབྲོག་རུ་བར་མཁོ་བ་ནི་ཁྱེད་ཀྱི་བསམ་ཚུལ་རང་སྐྱ་བ་དེ་ཡིན་པས་ཉག་ཉོག་བསྲེས་པ་ལ་དགའ་བསུ་མེད་ལ། ཨུ་ཚུགས་དང་མཁྲེགས་འཛིན་ལ་དེ་བས་ཀྱང་ངོ་
རང་དབང་གི་སྨུག་ཁ-༠༨ - རོ་བདག
ལུང་བསྟན་འཁྲུལ་མེད་ཅིག་དང་ བཅོས་མའི་བརྩེ་བ་ཞིག་གི སྐྱབས་འོག་ནས་བུད་དེ སྙིང་ཉེ་བའི་གཉེན་ཉེ་ཚོ བདེན་དོན་དངོས་མ་ཞིག་དང་ བརྩེ་བ་ངོ་མ་ཞིག་གི་དཀར་ངོགས་སུ་འཁྲིད་འདོད།།
སྦྲ་ནག་གི་ཕ་གཞིས། - སྨྲ་བརྗོད་རང་དབང་
གངས་ལྗོངས་ཀྱི་ཁམས་འདིར་སྐྱེས་པ་ནས། ངས་རང་ཉིད་ཀྱི་མགོ་བོ་བཀྱགས་ནས་འཇིག་རྟེན་འདིར། རང་ཉིད་ལ་དབང་བའི་གླུ་ཞིག་ལེན་ན་འདོད། དེའི་ཕྱིར་ངས་རང་གི་གཞིས་ཁྱིམ་འདི་བཟུང་བ་ཡིན་
རྟུལ་ཕོད་ཀྱི་གཡུལ་ས། - རྟུལ་ཕོད།

ངས་གླེང་སྟེགས་འདིའི་གོ་སྐབས་བཟུང་སྟེ་རང་ཉིད་སྒྱིད་ལུགས་དང་བག་འཁུམས་ཀྱི་ནང་དགྲ་འདི་དག་ལ་འགོག་རྒོལ་སྤྲད་ཕྱིར་དང༌། རང་ཉིད་ལ་སྦྱང་བརྡར་ཐེངས་ཤིག་འཐོབ་ཆེད་སྐུལ་ལྕག་ཅིག་གི་ཚབ་ཏུ། ཟིན་བྲིས་ཀྱི་གྲས་སུ་འཚང་ག་བརྒྱབ་པ་ཡིན་པ་ལས། སྤྱི་ཚོགས་དང་ཀློག་པ་པོ་སོགས་ཀྱི་ཕྱིར་དུ་མིན་པར་ཡོད་ཚད་རང་ཉིད་ཀྱི་སླད་དུ་ཡིན་པས། རྫིག་བཤད་མཁན་དང་གཞན་ཕན་མཁན་པོ་ཚོ་དགོངས་འགལ་མེད་པར་ཞུ།

ཨ་མཆོག་པའི་ཁེར་བཤད། - འདྲེ་ལྡག
རྣ་རྒྱན་དང་སྐེ་རྒྱན་འོས་སེ་ཡོད། གོས་ལྭ་དང་ཚར་ལྭ་ཁྲིགས་སེ་ཡོད། སྙིང་གཏམ་དང་མལ་ཁྲི་ལྟེམས་སེ་ཡོད། བླ་སྲོག་གི་ཕྱེད་ཀར་འབོད་པའི་བུ་མོ་ཡ། བརྩེ་འདང་ཞེས་པའི་ནོར་བུ་ཞིག་སྐྱོར་ནས་ཕེབས་དང་། ཚེ་གཅིག་སྐྱ་ཡ་ཟེར་བ། བུ་རྒོད་ང་ལས་སུ།
རིག་འཛིན་སེམས་ལྗོངས། - རིག་འཛིན།
འཇིག་རྟེན་འཚོ་གནས་དང་འཕེལ་རྒྱས་མདུན་བསྐྱོད་སོགས་ནི་ལྟོས་པའི་སྒོ་ནས་གྲུབ་ཆ་ཞིག་རེད། དེས་ན་ང་ཚོ་ངེས་པ་དུ་མདུན་བསྐྱོད་དང་འཕེལ་རྒྱས་ཀྱི་གོམ་འགྲོས་སྤོ་འདོད་ན་ དང་ཐོག་ཕྱོགས་ལྷུང་དང་རྙིང་ཞེན་གྱི་བག་ཆགས་འདིའི་འབྱུང་རྩ་དབྱེ་ཞིབ་ལམ་ལས་བཙལ་ཏེ་མཐའ་གཅིག་ཏུ་ངོ་རྒོལ་དང་འཐབ་རྩོད་ཕན་མེད་ཀྱི་བརྒྱུད་རིམ་ཞིག་འཛིན་ཏེ་དེང་རབས་ཚན་རྩལ་གྱི་གླིང་གར་སླེབས་ཐུབ་ན་བདེ་སྐྱིད་པདྨོའི་འཛུམ་ཞལ་གཞིས་ནས་མངོན་ཐུབ་པའི་རེ་བ་ཡོད།
ཞུམ་མེད་ཀྱི་ཚེ་སྲོག - ནོར་བུ་རྒྱལ་མཚན།
རང་རིགས་གངས་ཅན་པའི་རྒྱལ་ཁབ་དང་རིག་གཞུང་སྤུན་ཟླ་མི་རིགས་བཅས་ཀྱི་ ཆེད་དུ་གཏོང་ཕོད་ཆེ་བའི་སྤུན་ཟླ་ཚོ་གཤིགས་ཤུལ་དེར་ང་ཡང་འགྲོ་འདོད་ཆེ།
སྤྱིའི་བརྙེད་སོན་ ༢༧༩ ཡོད་པའི་ཁྲོད་ཀྱི་ ༡༠༡ ནས་ ༡༢༠ བར་བསྟན་ཡོད། ཤོག་གྲངས་: [སྔོན་མ།] .. [༦] ..༡༤[རྗེས་མ།]