སྡེ་དགེ་བའི་སྙིང་གཏམ་ཚིག་གསུམ།

༡༡༤༽ བཙན་བྱོལ་བོད་པར་ཚུགས་ཀ་མི་འདུག

༈ བཙན་བྱོལ་སྤྱི་ཚོགས་ནང་དེང་སང་བཀའ་ཁྲིའི་སྐོར་ལ་ཁ་ཕྱོགས་འགྱུར་ཀྱིན་པའི་མཐོང་སྣང་ཅིག་ཡོང་གི་འདུག
འདི་ནི་ད་དུང་གཏིང་ཟབ་ཏུ་འགྲོ་ངེས་པ་དང་། གཞི་རྒྱ་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པས་ཁྱེད་ལ་ལྟ་ཚུལ་གང་འདྲ་ཡོད་དམ།

ངས་བཤད་དོན། དེ་སྔོན་ང་ཚོའི་སྤྱི་ཚོགས་ནང་བཀའ་ཁྲིའི་སྐོར་ནས་གླེང་ཡོང་དུས། མང་ཤོས་ཀྱིས་མི་རབས་གསར་བ་ཞིག་དང་། དེའི་ནང་ནས་ཀྱང་མནའ་དེང་གི་ཤེས་ཡོན་ལྡན་ཞིང་། རྒྱལ་སྤྱིའི་ཆབ་སྲིད་རིག་པའི་ཐོག་རྒྱུས་ཆེན་པོ་ཡོད་མཁན་ཞིག་དགོས་ཀྱི་འདུག་ཅེས། དེ་རིང་ཁ་སང་བར་འུར་བརྒྱབ་སོང་ཟེར་ནའང་ཆོག་པ་ཞིག་རེད།
འོན་ཀྱང་མདོ་སྨད་ཀྱི་འོས་གཞིའི་ས་བོན་དང་། དབུས་གཙང་གི་འོས་གཞི། མདོ་སྟོད་ཀྱི་འོས་གཞི་སོགས་བོད་ཀྱི་ཚོགས་སྡེ་ཆེ་ཤོས་གསུམ་གྱིས། འོས་གཞི་གཏོན་པའི་གཅིག་རྗེས་གཉིས་འཐུད་དུ། རང་རང་གི་སྲིད་དོན་རིག་པའི་ཆོ་འཕྲུལ་སྟོན་སྟངས་རེ་རེས། རང་རང་གི་ཕྱོགས་གཏོགས་ཁམས་གཙང་རེར་གདམས་གསེས་གནང་བཞིན་པ་ནི་གསལ་པོ་རེད།
དེ་འདྲའི་བརྒྱུད་རིམ་ནང་། ཕྱོགས་སྡོམ་བྱས་ནས་ལྟ་ཡོང་དུས། འགྱུར་བ་གང་ཞིག་དང་། འཕོ་འགྱུར་ཅི་ཞིག་འགྲོ་གིན་འདུག དཔེར་ན་མདོ་སྨད་ཀྱི་བཀའ་ཁྲིའི་འོས་གཞིའི་ས་བོན་མི་༡༦ གི་ཁྲོད་ལ་བློ་བཟང་སེང་གེ་ཡོད་པ་རེད། དེ་ནི་ཁོང་ལ་དམིགས་བསལ་འོས་གཞིར་བདམ་པ་ཞིག་མཚོན་མི་ཐུབ། གང་ཡིན་ཟེར་ན་དེའི་ནང་མི་གྲངས་ཧ་ཅང་མང་པོ་ཞིག་ཡོད་པས་ཡིན། དེ་མིན་ནའང་བཙན་བྱོལ་ནང་གི་མདོ་སྨད་ནི། མི་འབོར་ཆེས་ཉུས་ཉུང་ཅིག་རེད།
དེ་ལས་ལྡོག་སྟེ། བཙན་བྱོལ་ནང་གི་ཆོལ་ཁའི་མི་འབོར་མང་ཤོས་དབུས་གཙང་གིས་བཀྲས་མཐོང་གཅིག་པུ་ལས་བཏོན་མེད། དེ་བཞིན་མི་འབོར་འབྲིང་ཙམ་གྱི་སྟོབས་ཤུགས་ལྡན་པའི་མདོ་སྟོད་ཀྱིས་ཀྱང་འོས་གཞི་མི་གསུམ་བཏོན་པའི་ནང་བློ་བཟང་སེང་གེ་བཏོན་གནང་མེད། དེ་བརྟེན་གནད་དོན་འདི་ཚོས་ཅི་ཞིག་འགྱུར་བ་འགྲོ་བཞིན་པའི་ཐད་ནས་ཁ་གསལ་རུ་གཏོང་བཞིན་ཡོད།
དེ་འདྲའི་བརྒྱུད་རིམ་ཁྲོད་བོད་མི་ཚོའི་ཐོག་མའི་ཁ་ཕྱོགས་དང་། རང་རང་གིས་གདམས་གསེས་བྱས་པའི་བཀའ་ཁྲི་དེར། ཅི་ཞིག་གི་ཤུགས་རྐྱེན་དང་། གང་ཞིག་གི་བག་ཆགས་ལངས་ནས་གོ་འཕོ་འགྲོ་བ་ཞིག་ངས་མཐོང་སོང་
དེ་ཡང་ཐོག་མའི་ཆར་ཡོངས་ཁྱབ་ཀྱིས་ད་རེས་ཀྱི་བཀའ་ཁྲི་དེ་མཁས་དབང་བློ་བཟང་སེང་གེ་ཡིན། ཟེར་ནས་མང་ཚོགས་མང་པོ་ཞིག་གིས་སྐད་གསང་མཐོན་པོའི་ངང་འབོད་ཀྱིན་འདུག་མོད། དེང་སང་ཆོལ་ཁོངས་སོ་སོའི་འོས་མི་དག་ལ་ཅི་ཞིག་གི་རྒྱུ་མཚན་རེ་བགྲངས་ནས།
དོན་དག་ཞིག་ཡོད་མདོག་སྟོན་ཀྱིན་འདུག
འདིའི་འགྱུར་བ་འདི་ད་ལྟའི་ཆར་འཕེལ་རྒྱས་དང་། ཡོངས་ཁྱབ་ཏུ་འགྲོ་བཞིན་པའི་སྒང་ཞིག་རེད་འདུག་སྙམ།
འོན་ཀྱང་གནད་དོན་འདིའི་རིགས་ཀྱི་ཡོལ་ལའི་རྒྱབ་ནས་ལྐོག་གྱུར་མཐོང་མཁན་དེ་དཀོན་པོ་ཡིན་སྟབས།
ཡང་སྙིང་སུ་ཞིག་བཟང་མིན་དེ། ལྗིད་ཚད་ཅིག་འཇལ་ནས། མ་འོངས་པའི་གྱོང་གོད་དེ་གླེང་ན་དེ་ནི་བོད་སྤྱི་དང་
རང་རང་གི་མི་ཚེ་དེ་མིན་ནའང་སོ་སོའི་གཉེན་ཉེ་དང་བརྒྱུད་པའི་སྟེང་བབ་ཡོང་བ་ཞིག་ལས་སྡུག་གྱོང་དེ་ཁྱེར་མཁན་གཞན་པ་ཞིག་མེད།
ངས་འདི་འདྲའི་རྒྱང་བལྟ་བྱེད་པ་འདིའང་། ང་རང་སྒེར་གྱི་རེ་བ་དང་། རྨི་ལམ་མངོན་འགྱུར་གྱི་ཆེད་དུ་མིན་པ། ཡོངས་ཁྱབ་ཀྱི་ལྟ་ཚུལ་ཙམ་ཞིག་བཤད་པ་ཡིན།

འདོན་སྤེལ།: ༢༠༡༠/༠༧/༢༨
རིག་པ་འདོན་པ།
འཆམ་ར་དྲི་མེད་རྒྱལ་མཚན།
༢༠༡༠/༠༧/༢༨ ཉིན་འདོན་སྤེལ་བྱས།
ཁྱེད་ཀྱི་ཚགས་ཀ་མི་འགྱུར་བ་སྨོན།།
ཧཧཧ

བཟོད་རྒྱམ་ལགས།
ཁྱེད་ལ་ཡོད་པའི་འོས་ཤོག་གི་ཐོབ་ཐང་དེ་གཅིག་རང་རེད།
བྱས་ན་ཁྱེད་ཀྱི་རང་ལ་དབང་བའི་འོས་ཤོག་གཅིག་རང་དེ
འོས་མི་གཉིས་ལ་ཇི་ལྟར་འཕེན་ཐབས་ཡོད་དམ།
གཅན་བཟོད་རྒྱམ།
༢༠༡༠/༠༧/༢༨ ཉིན་འདོན་སྤེལ་བྱས།
སྤྱིར་ངས་བཀའ་ཁྲིའི་འོས་བླུགས་འདོད་མེད་མོད། གལ་སྲིད་ལྡུགས་དགོས་པ་བྱུང་ན། བློ་བཟང་སང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཡིན།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
འཆམ་ར་དྲི་མེད་རྒྱལ་མཚན། ཕ་གཞིས་དཀར་པོ་དགྲ་བོའི་ལག་ཏུ་ཤོར།། བྱམས་ལྡན་ཕ་མ་རྒྱང་རིང་ཡུལ་དུ་གྱེས།། དྲིན་ཆེན་བླ་མ་དག་པའི་ཞིང་ལ་ཕེབས།། མི་ཚེ་མིག་ཆུས་བང་བའི་འཆམ་ར་བ།། བོད་ཀྱི་གཞས་ཚིག་དྲ་བའི་བྱང་བུ། www.shetsik.blogspot.com རྩོམ་ཡིག་བདག་པོར་མ་དྲིས་པ་བཤུ་འདྲེན་མི་དབང་