| རིག་པ་འདོན་པ། |
དོལ་སྨྱོན། ༢༠༡༡/༡༢/༣༡ ཉིན་འདོན་སྤེལ་བྱས། |
ང་རོའི་དཔེ་དེབ་རྣམ་གསུམ་དང་བཀུར་འོས་རྩོམ་པ་པོ་རྣམ་གསུམ་ལ་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་ཐུགས་རྗེ་ཆེ་ལན་བརྒྱར་ཞུ།
ཁྱབ་སྒྲགས་དང་རྒྱབ་ཤ་སོགས་ཡིད་སྨོན་ཤོར་བ་ཞིག་འདུག ནང་དོན་ཡང་དེ་ལྟར་ཡིན་པར་སྨོན། མི་རིང་བར་དེབ་གསུམ་པོ་ལག་ཏུ་ལོན་པར་སྒུག་ནས་ཡོད།
ལྕགས་པོ་རིའི་མཐོ་སློབ་ནས་ཕུལ།། |
འཆམ་ར་དྲི་མེད་རྒྱལ་མཚན། ༢༠༡༡/༡༢/༢༧ ཉིན་འདོན་སྤེལ་བྱས། |
སྙན་ངག་པ་རོགས་གཉན་པོ།
བཀུར་འོས་དྲ་གྲོགས་ཨ་འདུས་ལགས།
ས་འདི་ནས་བོར་སོང་བའི་དྲ་གྲོགས་རྙིང་པ་དབུས་ཕྲུག་ཚེ་རིང་ལགས།
རྩོམ་པ་པོ་ཀླུ་སྨྱོན་ལགས།
དྲ་གྲོགས་གཅན་ཚེ་རིང་།
རོགས་རྙིང་ཉམས་ཞིབ་པ་བོན་རྒྱ་བ།
དྲ་གྲོགས་ཕུན་ཚོགས་ཀྱིས་གཙོས་འདིར་དོ་སྣང་གནང་གིན་པའི་སྤུན་ཟླ་རྣམ་པར་བཀའ་དྲིན་ཆེ་ཞུ།
ད་དུང་ཀླུ་སྨྱོན་ལགས་མགོ་བོ་ན་བཞིན་དུ་འདིར་ཕེབས་པ་དང་དེ་མིན་སེམས་ཉེའི་དྲ་གྲོགས་གང་མང་ཞིག་གིས་སེམས་གཏམ་གནང་གིན་པར་ཁ་དྲོ་ཞུ།
|
ཕུན་ཚོགས ། ༢༠༡༡/༡༢/༢༦ ཉིན་འདོན་སྤེལ་བྱས། |
འདི་ཡག་པོ་འདུག རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། སྟབས་བདེ་བྱུང་ན་ངས་ཀྱང་དེབ་རེ་རེ་ཉོ་ཁོ་ཐག་ཡིན། འདི་ནི་ངའི་རྩོམ་པ་པོ་ཚོར་རྒྱབ་སྐྱོར་མཚོན་བྱེད་གལ་ཆེ་ཤོས་དེ་ཡིན། དེབ་ལག་ལ་རག་སོང་ན་རང་གི་ནུས་ཚོད་ཀྱིས་བསམ་ཚུལ་ཀྱང་བཤད་ངེས་ཡིན།
མ་གཞི་འུ་ཚང་གི་རྩོམ་པ་པོ་ཚོའི་རྒྱང་མིག་དང་། བློ་ཁོག དེ་བཞིན་དཔྱོད་ཤེས་སོགས་ཀྱི་རྒྱུན་མི་རིང་བ་ནི་རྩོམ་དེབ་བམ་བརྩམས་ཆོས་ཀྱི་ཚོང་ར་མེད་པས་རེད་ལ། དེ་ལས་ཀྱང་དེར་བསྟུན་ཀྱི་གཞོག་འདེག་དང་རྒྱབ་སྐྱོར་སོགས་གང་ཅིའི་ཐད་ནས་འདང་གིན་མེད་རེད།
དེ་བས་གོང་བརྗོད་རྩོམ་པ་པོ་ཚང་མར་རྒྱབ་སྐྱོར་དང་། ཁོང་ཚོའི་བསམ་བློའི་གཞུང་ཐིག་སོགས་ལ་བསམ་ཚུལ་དང་ལྟ་ཚུལ་གང་མང་ཡོང་བའི་རེ་བ་དང་འབོད་སྐུལ་བོད་པ་ཚང་མར་ཞུ་བཞིན་ཡོད་ལ།་མུ་མཐུད་རྩོམ་པ་པོ་དེ་དག་གིས་བོད་ཀྱི་སྤྱི་ཚོགས་དང་གནས་བབ། ལོ་རྒྱུས་བཅས་ཀྱིས་བསྡུས་པའི་བརྩམས་ཆོས་མི་ཉུང་བ་སྤེལ་བའི་རེ་སྐུལ་ཀྱང་ཞུ་བཞིན་ཡོད།
བྱ་བ་ལམ་དུ་འགྲོ ཞལ་དྲོ།
|
བོན་རྒྱ་བསྟན་འཛིན་རབ་རྒྱས། ༢༠༡༡/༡༢/༢༦ ཉིན་འདོན་སྤེལ་བྱས། |
གྲོགས་འཆམ་ར་བ་དང་འབའ་བ་སྐལ་བཟང་བཅས་ཀྱི་ང་རོ་རྣམ་གསུམ་གསར་དུ་ཐོན་པར་རྟེན་འབྲེལ་ཞུ།
རྒྱབ་ཤོག་ལ་བལྟས་ན་ལོས་ངར་བསམ་པ་ཞིག་རེད། ----------------------- |
མི་འགྱུར་བཀྲ་ཤིས། ༢༠༡༡/༡༢/༢༦ ཉིན་འདོན་སྤེལ་བྱས། |
ང་རོའི་དཔེ་ཚོགས་གསར་དུ་ཐོན་པར་བཀྲ་ཤིས་བདེ་ལེགས་ཞུ། ཀླུ་སྨྱོན་ཟེར་བ་འདི་ཤེས་ཡོན་ཅན་ལ་ཕྲག་དོག་བྱེད་དགའ་ཟིག་རེད། ལྗིད་ཁོག་ག་ཚོད་འདུག་ཀློག་པ་པོས་ལྟ་རྒྱུ་ཟིག་རེད། ཁྱབ་བསྒྲགས་བྱེད་སྟངས་དེ་དམིགས་བསལ་ཟིག་འདུག ནང་འདྲེན་ཡིན་ན་འདྲ། ཕྱི་འདྲེན་ཡིན་འདྲ། ངར་བ་ཟིག་བྲིས་འདུག |
ཀླུ་སྨྱོན། ༢༠༡༡/༡༢/༢༦ ཉིན་འདོན་སྤེལ་བྱས། |
གསལ་བསྒྲགས་ལ་བལྟས་ན་རི་བོ་རལ་ཞིང་ཆུ་གཏེར་འཁྲུག་པ་ཞིག་འདུག དེབ་རེ་རེར་ལྗིད་ཁོག་ག་ཚོད་ཅིག་ཡོད་དམ། ཚོང་ལས་ཁྱབ་བསྒྲགས་འཇིག་རྟེན་གྱི་རིགས་པ་གང་ཞིག་གདན་ས་ཁག་ཏུ་ནང་འདྲེན་བྱས་འདུག་ཨང་བསམས་སོང་། གྲྭ་རྐྱང་ཚོས་དེབ་དཔར་ཐུབ་པའི་སྤོབས་པ་ལ་ཡི་རངས་ཡོད། ཡིན་ཡང་རྩོམ་རིག་ཟེར་དུས་མགོ་ན་གི་ཡོད། |
དབུས་ཕྲུག་ཚེ་རིང་། ༢༠༡༡/༡༢/༢༥ ཉིན་འདོན་སྤེལ་བྱས། |
དྲ་གྲོགས་འཆམ་ར་གཙོས་ཁྱེད་རྣམས་ཀྱི་(ང་རོའི་དཔེ་ཚོགས་)ལེགས་གྲུབ་བྱུང་བར་སྙིང་དབུས་ནས་དགའ་བསུ་ཞུ། རང་གི་རིག་གཞུང་ལ་བཞག་པའི་རླབས་ཆེན་གྱི་རྐང་རྗེས་རེ་རེད། |
ཨ་འདུས་མིག་ཆུ། ༢༠༡༡/༡༢/༢༥ ཉིན་འདོན་སྤེལ་བྱས། |
དགའ་བ་འབུམ་གྱིས་རྟེན་འབྲེལ་ཞུ། ཁྱེད་ཅག་དང་ཁྱེད་ཅག་དང་འབྲེལ་བའི་མི་རིགས་ཀྱི་སྐད་ཡིག་རྒྱལ་ལོ། བོད་ཡིག་ཤེས་ལྡན་མི་སྣའི་བསྟན་པ་དར་བར་ཤོག་ཅིག་ཅེས་སྨྲས་ན་བུད་སོང་ཡོད། |
གཉན་པོ། ༢༠༡༡/༡༢/༢༥ ཉིན་འདོན་སྤེལ་བྱས། |
གྲོགས་འཆམ་ར་པ་གཙོས་པའི་ང་རོ་དཔེ་ཚོགས་ཀྱི་བྱེད་པོ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ། |