རླུང་མིག

ཆོས་པ་ཚོས་གང་འདོད་དུ་འཁྲིག་སྤྱོད་བྱས་པ།


དེ་རིང་ངའི་གྲོགས་མོ་མགོ་སེར་ཞིག་གིས་ང་ལ་འཕྲིན་ཡིག་ཅིག་བསྐུར་འདུག  མོ་ནི་རྗལ་མི་ནེའུ་ནས་རེད། མོ་བོད་པའི་སྤྱི་ཚོགས་ལ་དེ་འདྲའི་རྒྱུས་མངའ་མེད་ལ། ཡིན་ནའང་བོད་དོན་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན། དེ་རིང་གི་མོའི་འཕྲིན་ཡིག་དེ་མོའི་རྒྱལ་ཁབ་ཀྱི་ནང་ན་བྱུང་བའི་གྱོད་དོན་གནས་ཚུལ་ཛ་དྲག་ཅིག་རེད།ཟླ་བ་གཅིག་གི་གོང་ནས་བྱུང་བའི་གསར་འགྱུར་ཚ་ཤོས་ཀྱི་གྲས་ཀྱང་རེད་ཟེར་འདུག ད་དུང་གསར་འགྱུར་དེ་མུ་མཐུད་དུ་ཉིན་རེའི་གསར་འགྱུར་བརྒྱུད་ལམ་ཁག་ན་མཚམས་ཆད་རྒྱུ་མི་འདུག་ཟེར། 

དེ་ལྟ་བུའི་གསར་འགྱུར་ནི་ཁ་ཐོ་ལེ་ཁུ་ཡེ་ཤུའི་སློབ་གྲྭ་ཁག་ན་ཆོས་པ་ཚོས་ན་ཆུང་སློབ་མ་མང་པོར་གང་འདོད་ཀྱིས་འཁྲིག་སྤྱོད་བྱས་པའི་གྱོད་དོན་རེད་འདུག  དོན་རྐྱེན་འདི་ལོ་ཉི་ཤུ་སུམ་བཅུའི་ཡར་སྔོན་ན་བྱུང་བ་ཡིན། འོན་ཀྱང་རྗལ་མི་ནེའི་རྒྱལ་ཁབ་ཀྱི་ཁྲིམས་འོག་ནས་ཉེས་ཅན་པ་དག་ལ་ཉེས་ཆད་གང་ཡང་བཏང་ཐུབ་མི་འདུག་ཟེར།
ཡེ་ཤུའི་ཆོས་པ་ཚོས་སློབ་ཕྲུག་ལ་ཧམ་སྤྱོད་བྱས་པའི་གནས་ཚུལ་འདི་ཕྱི་ལོ་༡༩༦༠ ནས་༡༩༨༠ ལོའི་བར་བྱུང་ཡོད་ཅིང༌། ཕལ་ཆེར་ད་ལྟའང་འབྱུང་བཞིན་པ་ཡིན་རྒྱུ་རེད། ཚབས་ཆེ་བའི་དོན་རྐྱེན་འདི་རྗལ་མི་ནེའུ་གཅིག་པོའི་ནང་ལ་བྱུང་བ་མ་ཡིན་པར། འ་རེའི་ལན་སྒྲི་དང་ཨ་རིའི་ནང་ལ་ཡང་བྱུང་ཡོད།

ཁོ་ཚོ་བྱིས་པ་ཡིན་དུས་དོན་རྐྱེན་འདི་བྱུང་ཞིང༌།  ཁ་ཐོ་ལེའུ་ཁིའི་སློབ་གྲྭ་ན་ཡོད་དུས་ཁོ་ཚོ་ལ་ཧམ་སྤྱོད་ཀྱི་གྱོང་གུད་འདི་ཐེབས་པ་རེད། ཁོ་ཚོའི་ཁྲོད་ཀྱི་ཁ་ཤས་ད་ལྟ་གཞོན་སྐྱེས་ཡིན་པ་དང་དོན་རྐྱེན་དེ་བཤད་པའི་མགོ་བརྩམས་འདུག རིམ་གྱིས་མང་ཚོགས་ཀྱིས་ཁོ་ཚོའི་སྒྲུང་དེ་བཤད་ཅིང་བདུན་ཕྲག་ཁ་ཤས་ཀྱི་སྔོན་ནས་ཧམ་སྤྱོད་ཀྱི་དོན་རྐྱེན་གནས་ཚུལ་དེ་ཡོངས་ཁྱབ་ཆགས་སོང༌།

དོན་རྐྱེན་དེས་རྗལ་མི་ནེའུ་མི་མང་ཤུགས་ཀྱིས་དཀྲོགས་པ་དང༌། ཆབ་སྲིད་ཚོགས་པ་མང་པོས་མ་འོངས་པར་ཧམ་སྤྱོད་དོན་རྐྱེན་དེ་རིགས་འགོག་ཐབས་དང་གྱོང་གུད་ཐེབ་མཁན་དག་ལ་གུན་གསབ་སྤྲོད་ཐབས་བཅས་ཀྱི་ཐད་ལ་ཕྱག་ལས་གནང་གི་འདུག ཡིན་ནའང་གྱོང་གུད་ཆགས་སྒོ་ཐེམ་མཁན་ཚོས་དོན་རྐྱེན་དེ་རིགས་སྒྲིག་ཁྲིམས་ཀྱི་ནང་དུ་ག་འདྲ་བྱས་ནས་བྱུང་ཐུབ་སོང་བའི་སྐོར་ལ་ཤེས་འདོད་ཆེན་པོ་ཡོད་པར་བཤད།
དོན་རྐྱེན་འདིའི་ཐད་ལ་བགོ་གླེང་བྱེད་མཁན་རིགས་ཤིག་གིས་ཉེས་ཅན་པ་དག་ཉེས་ཆད་གཅོད་དགོས་པའི་བསམ་ཚུལ་བཏོན་ཅིང༌། ཤོག་ཁག་གཞན་ཞིག་གིས་དོན་རྐྱེན་འདི་རིགས་མ་འོངས་པར་འགོག་ཐབས་སྐོར་ལ་བགྲོ་གླེང་བྱེད་ཀི་འདུག  གང་ལྟར་དོན་རྐྱེན་འདི་རིགས་ཐེངས་མང་པོར་བྱུང་བར་བརྟེན། དོན་རྐྱེན་འདི་འབྲེལ་གྱི་གནད་ཡོད་མི་སྣ་དག་གིས་ཡོངས་ཁྱབ་ཀྱིས་གསལ་བཤད་བྱེད་དགོས་པའི་བསམ་ཚུལ་ཀྱང་བཏོན་འདུག
ས་ཆ་ཞིག་ན་ཡེ་ཤུའི་སློབ་དཔོན་ཞིག་གིས་ཆོས་སྤེལ་མཁན་ཞིག་གིས་བྱིས་པ་རྣམ་ལ་འཁྲིག་སྤྱོད་བྱེད་ཀི་ཡོད་པ་ཧ་གོ་བཞིན་དུ་འབྲེལ་ཡོད་ལས་ཁུངས་ལ་མ་བཤད་པ་མ་ཟད། གྲོང་བརྡལ་ཁག་ལ་ཆོས་སྤེལ་བར་བཏང་འདུག་པས་ཆོས་པ་ཚོས་བྱིས་པ་རྣམ་ལ་གང་འདོད་དུ་ཧམ་སྤྱོད་བྱེད་ཐུབ་པ་བྱུང་ཡོད་པ་ནི་བློ་ཕམ་གྱི་གནས་ཡིན་པར་བཤད་འདུག

རྗལ་མི་ནེའུ་ནང་ལ་ཡོད་པའི་ཡེ་ཤུའི་ཆོས་དཔོན་བྷ་ནས་སྒྲེ་ཀེ་ཌི་ཁོ་ཆོས་དཔོན་ཡིན་པའི་སྐབས་ཆོས་སྤེལ་མཁན་ཚོས་བྱིས་པ་རྣམ་ལ་གང་འདོད་དུ་འཁྲིག་སྤྱོད་བྱེད་ཀི་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང༌། ཁོས་བྱ་ངན་དེ་སྔོན་འགོག་བྱེད་པར་ལས་ཀ་གང་ཡང་བྱས་མེད་པར་མང་ཚོགས་ཀྱིས་ཁོ་ལ་སྐྱོན་བརྗོད་བྱེད་ཀི་འདུག་ ཨ་རིའི་ནང་ལ་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་བྱིས་པ་རྣམ་ལ་ཧམ་སྤྱོད་བྱེད་ཀི་ཡོད་པའི་དོན་རྐྱེན་ཆོས་དཔོན་དེས་ཤེས་རྟོགས་བྱུང་ཡོད་ཀྱང༌། དེ་མཚམས་འཇོག་བྱེད་པར་འབད་བརྩོན་གང་ཡང་བྱས་མེད་པའི་ལྟ་ཚུལ་ཤུགས་ཆེན་སྤེལ་བཞིན་ཡོད།

  རྗལ་མི་ནེའུ་མི་མང་གིས་རྗལ་མི་ནེའུ་ནང་ཡེ་ཤུའི་ཆོས་ཁང་གི་སློབ་གྲྭ་ན་བྱུང་བའི་ཚབས་ཆེའི་དོན་རྐྱེན་དེའི་སྐོར་ལ་ཆོས་དཔོན་དེས་གསལ་བསྒྲགས་ཅིག་སྤེལ་བར་རེ་སྒུག་བྱས་ཀྱང༌། ཆོས་དཔོན་དེས་རང་ངོས་ནས་ཧམ་སྤྱོད་དོན་རྐྱེན་ཞུ་གཏུགས་ཀྱི་སྐོར་ལ་སྐད་ཆ་གང་ཡང་བཤད་མི་འདུག ཆོས་དཔོན་དེས་འ་རིས་ལན་སྒྲའི་ནང་ལ་བྱུང་བའི་ཧམ་སྤྱོད་སྐོར་ལ་འཕྲིན་ཞིག་བྲིས་འདུག  ཡིན་ནའང་རྗལ་མི་ནེའུ་ནང་བྱུང་བའི་དོན་རྐྱེན་ལ་སྐད་ཆ་ཙམ་ཡང་བཤད་མི་འདུག ཆོས་དཔོན་དེས་བྲིས་པའི་འཕྲིན་ཡིག་གི་ནང་དུ། ཡེ་ཤུའི་ཆོས་སྤེལ་མཁན་ཚོས་བྱིས་པ་རྣམ་ལ་ཧམ་སྤྱོད་བྱས་པ་དང༌། ཁོ་རང་ཚོའི་གནས་བབ་ལོག་སྤྱོད་བྱས་པར་ངོས་རང་ངོ་ཚ་དང་བློ་ཕམ་བྱུང་སོང་ཞེས་བྲིས་འདུག ཆོས་དཔོན་དེས་ཆགས་སྒོ་དང་གྱོང་གུད་ཐེབ་མཁན་རྣམ་ལ་དགོངས་དག་ཞུས་ཤིང༌། བརྟག་དཔྱད་ཀྱིས་ལོག་སྤྱོད་དོན་རྐྱེན་དེ་ཕྱིར་བཏོན་བྱེད་ཀི་ཡིན་པར་བཤད་འདུག  གང་ལྟར་གནས་ཚུལ་འདི་ཅུང་ཛ་དྲག་ཡིན་པ་དང་བརྗོད་གཞི་ཆེན་པོ་དེ་འདྲ་རེད།  འདིའི་སྐོར་མང་པོ་ཤེས་འདོད་ཡོད་ན། དྲི་བ་མང་པོ་གཏོན་ཤོག་དང་གང་ཐུབ་ཀྱིས་ལན་འབྲི་གི་ཡིན། 

མཇུག་མཐར་མོས།ནང་བའི་ཆོས་པ་རྣམས་ཀྱི་ནང་ལ་གནས་ཚུལ་སྐྱོ་བོ་འདི་རིགས་བྱུང་མེད་པ་ནི་ཡིད་དབང་འཕྲོག་པ་ཞིག་རེད་འདུག་ཅེས་བཤད་འདུག

འདོན་སྤེལ།: ༢༠༡༠/༠༣/༣༡
རིག་པ་འདོན་པ།
ཁང་མུན་གྲོལ།
༢༠༡༡/༠༣/༠༥ ཉིན་འདོན་སྤེལ་བྱས།
དྲ་གྲོགས་མེ་འོད་ལ་ལོ་གསར་གྱི་འཚམས་འདྲི་ཡོད། ཁོ་བོ་དྲ་ནང་དུ་འཛུལ་ནས་ཟླ་འགའ་ལས་མ་སོང་བས། དྲ་ཚིགས་འདི་ཚོའི་མགོ་མཇུག་ཀྱང་ལེགས་པོ་ཞིག་ཉུལ་མི་ཤེས་ནའང་། དེ་རིང་ཐོལ་བྱུང་དུ་མེ་འོད་ཅེས་པའི་ཁ་བྱང་ཞིག་རྙེད་བྱུང་། དེ་མ་ཐག་དྲྭ་ཚིགས་སུ་འཛུལ་བ་ཡིན། རྩོམ་ཡིག་གི་ཁ་བྱང་རྣམས་རིམ་པར་ཀློག་བཞིན་པའི་སྐབས་སུ་སྤྱི་ཚོགས་སྐྱོན་བརྗོད་དང་འབྲེལ་བའི་མིང་བྱང་ཞིག་མངོན་པ་ནི། ཆོས་པ་ཚོས་གང་འདོད་དུ་འཁྲུག་སྤྱོད་བྱས་པའི་སྐོར་དེ་རེད། འདི་འདྲ་གླེང་བར་དགའ་བསུ་ཡོད། སྤྱིར་རང་རེའི་ཆོས་ལུགས་པའི་མིང་འཛིན་པ་ཚོའི་ནང་དུའང་ཡེ་ཤུ་ཆོས་པ་ཚོ་ལྟར་གང་འདོད་དུ་འཁྲུག་བདེ་ལོངས་སྤྱོད་བྱེད་མཁན་གྱི་གྲྭ་གཟུགས་འཛིན་པ་མང་དུ་ཡོད་ནའང་། དེ་དག་ནི་རྨོག་རུས་བཤད་པ་ལྟར་དོ་བདག་རང་ཉིད་ཀྱིས་མ་འཁྱོངས་པ་ཞིག་ལས་ཆོས་ལ་འཁེལ་ས་མེད་པའི་གནས་ལུགས་དེ་ཁྱོད་ཀྱིས་ཀྱང་ལོས་ཤེས། གྲོགས་པོ་ལགས། ཁོ་བོའི་དྲྭ་ཚིགས་སུའང་ཉག་ཉོག་འགའ་རེ་བྲིས་ཡོད་པས། དུས་ཚོད་བྱུང་ན་བསམ་ཚུལ་རེ་འབྲི་བའི་རེ་བ་ཡོད།
མྱི་ལྟིག
༢༠༡༠/༠༨/༠༥ ཉིན་འདོན་སྤེལ་བྱས།
དགེ་རྒན་མེ་འོད་ལགས།སྙན་ངག་དངོས་གནས་སྙན་པོ་བྲིས་འདུག

རྡ་སའི་གཡས་གཡོན་གྱི་ཨཁུ་རེ་འགའ་དང་ཨ་ནེ་རེ་ཟུང་ལ་ཕོགས་ཡོད་ནོ་ཁོ་ཐག་ཡིན་རྒྱུ་རེད
ཧཧཧ་ཧཧཧཧཧཧཧཧཧཧཧ་ཧཧཧཧཧཧཧཧཧཧཧཧ
བློ་བཟང་མདོ་སྔགས།
༢༠༡༠/༠༤/༠༧ ཉིན་འདོན་སྤེལ་བྱས།
མེ་འོད་ལགས། སྐུ་ཁམས་བཟང་། སྐུ་ཉིད་ཀྱིས་བཀོད་པའི་གོང་གསལ་ཟིན་བྲིས་དེ་ནི་དམིགས་བསལ་གནས་ཚུལ་གསར་བ་དེ་འདྲ་གང་ཡང་ཡིན་རྒྱུ་མ་རེད། སྤྱིར་འགྲོ་བ་མི་མ་ཟད་དུད་འགྲོ་སྲོག་ཆགས་ཚུན་ཆད་ལ་ཡང་གཡེམ་སྦྱོར་བྱེད་པའི་ཆགས་སེམས་དེ་ཡོད་ལ། དེ་བས་ཀྱང་སྐྱེས་པས་སྐྱེས་པར་སྤྱོད་པ་དང་བུད་མེད་ཀྱིས་བུད་མེད་ལ་སྤྱོད་པ་ནི། ལོ་རྒྱུས་ཀྱི་ཐོག་ནས་བསམ་ན་ཡང་ལོ་ངོ་སྟོང་ཕྲག་མང་བོའི་ཡར་སྔོན་ནས་དར་སྲོལ་ཡོད་པ་མ་ཟད། ཆོས་པ་རྣམ་དག་ཚོས་དེ་ལ་ཚུལ་མིན་འཁྲིག་སྤྱོད་ཀྱི་ངོ་བོར་བསམས་ཏེ་འགོག་ཐབས་སྣ་ཚོགས་བྱས་ཡོད་ཀྱང་། མི་ནི་འདོད་ཆགས་ཀྱི་རང་བཞིན་ཅན་ཞིག་ལས་མ་འདས་སྟབས་ད་བར་ཡོངས་སུ་མཚམས་འཇོག་ཐུབ་མེད། མ་གཞི་ནས་ཡེ་ཤུ་ཆོས་ལུགས་མ་དར་བའི་ཡར་སྔོན་ནས་མཚན་མཐུན་ཆགས་སྤྱོད་དེ་སྤྱི་ཚོགས་ཁྲོད་དུ་མངོན་གསལ་དོད་པོས་དར་ཁྱབ་ཆེ་བར་མཐོང་ལ། དེ་བཞིན་ཡེ་ཤུ་ཆོས་ལུགས་ཀྱི་གསུང་རབ་རྙིང་པའི་མདོ་དང་པོ་བཀོད་པ་ཞེས་པར་ཞིབ་ལྟ་བྱས་པ་ཡིན་ན། མདོ་དེ་མཛད་པ་པོ་མྰོ་ཟེ་མཆོག་ནས་མཚན་མཐུན་ཆགས་སྤྱོད་ནི་དཀོན་མཆོག་གི་དགོངས་ཚུལ་དང་འགལ་བས། དེ་ལྟར་བྱེད་མི་རུང་ཚུལ་ཡང་དང་བསྐྱལ་དུ་གསུང་འདུག དེ་རྗེས་ལོ་ངོ་གཅིག་སྟོང་ལྷག་གི་རྗེས་སུ་སྟོན་པ་ཡེ་ཤུ་མ་ཤི་ཀ་པ་མཆོག་གི་ཐུགས་སྲས་ཀྱི་སློབ་མ་ཕོོལོལ་མཆོག་གིས་བྲིས་པའི་ཕྱག་འཕྲིན་ ཀོ་རིན་ཐེན་པ་དང་པོ་ཞེས་པའི་ལེའུ་དང་པོ་ནས་ཞིབ་ཏུ་ཀླག་པ་ཡིན་ན། ཁོང་གིས་ཀྱང་མཚན་མཐུན་ཆགས་སྤྱོད་ནི་ཚུལ་མིན་གྱི་སྤྱོད་པ་ཞིག་ཡིན་པ་མ་ཟད་དེ་ནི་དགའ་བྱ་གཙོ་བོ་ཞིག་ཏུ་གཟིགས་ཏེ་སྐབས་ཐོག་དེའི་ཆོས་པ་རྣམས་ལ་ཡོངས་ཁྱབ་བཀའ་ཡིས་བསྐུལ་ཡོད། འོན་ཀྱང་། ཆོས་པའི་ནང་དུ་ཆོས་པའི་གཟུགས་སུ་འཛིན་པ་དག་གིས་མུ་མཐུད་དེ་མཚན་མཐུན་ཆགས་སྤྱོད་དེ་ཆོས་ཁྲིམས་དང་མི་མཐུན་པ་ཤེས་བཞིན་དུ་ལག་བསྟར་བྱེད་བཞིན་པ་མངོན་གསལ་རེད། དེ་བས་ཀྱང་རོམ་ཀཐིལིག་གི་བཙུན་པ་དག་གི་ནང་དུ་སྐྱེས་དམན་དང་བུ་ཕྲུག་ཡོད་པ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་མཐོང་རྒྱུ་མང་། དེ་བཞིན་ནང་པའི་དགེ་འདུན་པ་དག་གི་ནང་དུ་ཡང་གནས་ཚུལ་འདི་རབས་རིམ་པ་བཞིན་ཏུ་ཡོང་གི་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་སྟོན་པ་བཅོམ་ལྡན་འདས་ནས་བཟུང་ནང་པའི་སྐྱེས་ཆེན་དམ་པ་དག་གིས་དགེ་ཚུལ་སློང་གི་ཁྲིམས་མང་པོ་ཞིག་བཟོ་དགོས་པར་གཞིགས་ན་ནང་པའི་དགེ་འདུན་པ་ཚང་མ་ཡང་རྣམ་དག་ཡིན་པའི་ངེས་པ་གཏད་ནས་མི་འདུག མ་གཞི་ནས་གཟན་ཤམ་གྱོན་པ་ཙམ་གྱིས་དགེ་འདུན་པར་སྐྱབས་སུ་འཛིན་པ་ནི་གང་ཟག་རང་ངོས་ནས་བརྟག་དཔྱད་མ་བྱས་པའི་སྐྱོན་ཡིན་ཏེ། སྟོན་པ་གང་ཉིད་ཀྱིས་ཀྱང་བརྟག་ཅིང་དཔྱད་ནས་སྐྱབས་སུ་འཛིན་དགོས་ཚུལ་གསུང་ཡོད། དེར་བརྟེན་ཆོས་པ་རེ་གཉིས་ཀྱིས་ཚུལ་མིན་གྱི་ལས་བྱས་པ་དེས་ཆོས་པ་སྤྱི་ལ་མཚན་དམས་བྱེད་ག་ལ་རུང་། འོན་ཀྱང་། ཞིབ་ཏུ་བསམ་ན། ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཀྱང་རེད། ཆོས་པ་ཡིན་ཁུལ་གྱིས་ཆོས་པ་ནང་ཁུལ་ལ་ཁྱིམ་པ་བས་ཀྱང་ཐབས་རྡིག་གི་ལས་བྱས་པ་ཡིན་ན། གང་ཟག་དེ་ཅི་ནས་ཀྱང་ཆོས་པའི་གྲལ་དུ་མི་གཏོགས།
རྨོག་རུ་བསྟན་པ།
༢༠༡༠/༠༤/༠༥ ཉིན་འདོན་སྤེལ་བྱས།
ྔདགེ་མཐོང་ནག་པོ་ཆེན་པོ། ཤག་ཁང་ནང་དུ་ངག་འཆལ་སྐོར་འཁྱེར་ནས་ག་རེ་བྱས་པ་ཡིན། ཡང་དགེ་བསྐུལ་ཚོས་བསྔོག་གཤེར་བཏང་ན་ཚར་བ་རེད་ད། དེ་ལས་ལན་ཡོད་ན་ཁ་ཐུག་ལ་རྒྱོབ། ནམ་རྒྱུན་ཁྱོད་དཔའ་རྒོད་ཞིག་ཡིན། དོན་དག་ལ་རེར་ཁྱེད་ཀྱིས་ཤག་ཁང་ནང་ནས་བསམ་བློ་གཏོང་དགོས་པ་དེ་འདྲ་ག་རེ་ཡིན་ནམ། ཀུ་རེ་ཡིན།
ཆོས་བའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས་གསུངས་བ་ལྟར་དེང་སང་ཡང་དག་པའི་བསྟན་པ་ལ་བསླད་སྐྱོན་མང་པོ་ཞིག་འགོས་ཡོད་པ་རེད། འདི་ནི་གསེར་སྦྱངས་གཙོ་མ་ལྟ་བུའི་བསྟན་པ་དང་སྟོན་པའི་སྐྱོན་མིན་པར་ཆོས་གཟུགས་ཚོས་རང་སྣང་གང་དྲན་བྱས་པ་ཞིག་རེད། དཔེ་མཚོན་ཞིག་བཤད་ན། ཉེ་ཆར་ང་རང་ར་ཤི་ཡའི་ལུང་བ་ཞིག་ཏུ་སོང་བ་ཡིན། དེ་ན་བོད་པའི་ཞབས་བརྟན་ཁང་ཞིག་འདུག་ཟེར། ང་རང་བསམ་བཞིན་ལྟ་རུ་སོང་བ་ཡིན། དེ་ན་བོད་པའི་ཞབས་བརྟན་པ་ལྔ་འདུག ཁོ་ཚོས་གྲྭ་ཚང་དང་མིང་ཚང་མ་གསལ་པོ་ཤེས་ཀྱིན་ཡོད། ཡིན་ནའང་ཕན་གནོད་གང་ཡིན་མི་ཤེས་པས་འདིར་བཀོད་མེད། ཁོ་ཚོས་ནང་ན་གྲྭ་བ་ཡིན་མདོག་པ་གཅིག་འདུག དེ་མིན་ཚང་མར་སྐྱེ་སྨན་ཡོད་པ་མ་ཟད་བུ་ཕྲུག་གི་བདག་པོ་རྐྱང་རྐྱང་རེད། འོན་ཀྱང་ཞོགས་པ་ཞབས་བརྟན་ཁང་དུ་ཡོང་སྐབས་གཟམ་ཤམ་གཙང་མ་གྱོན་གྱིན་འདུག དགོང་དྲོ་གཟན་ཤམ་ལྟེབ་རྩིས་བརྒྱབ་ཏེ་ལོག་འགྲོ་གིན་འདུག ཞབས་བརྟན་གྱི་ཁང་པའི་སྒོ་ཁར་དགེ་བཤེས་ཞེས་འཁོད་པའི་ཁོ་ཚོའི་མིང་གསལ་པོ་བྲིས་འདུག་པ་མ་ཟད། སྟོད་འགག་སེར་པོ་གྱོན་པའི་འདྲ་པར་རེ་ཡང་སྦྱར་འདུག

ང་ཚོས་བལྟས་ན་ཡ་མཚར་ཞེ་དྲག་རེད་མོད། ལུང་པ་དེའི་ཡུལ་མི་ཞིག་གིས་འགྲེལ་བརྗོད་བྱེད་དོན་ནི། གྲྭ་བའང་མི་རེད། མི་ཞིག་ཡིན་ཕྱིན་རང་གི་འཚོ་གནས་ལས་གལ་ཆེ་བ་ཞིག་མེད་པ་རེད། དེ་ཡིན་དུས་ང་ཚོ་ལུང་པའི་གོམས་སྲོལ་དེར་མི་ཚང་མས་དགའ་བོ་བྱེད་ཀྱིན་ཡོད་རེད་ཟེར།

ད་དུང་བོད་པའི་གྲྭ་གཟུགས་རེ་ཟུང་གིས་འགྲེལ་ལོག་བརྒྱབ་ཏེ་བོད་པའི་གྲྭ་བར་སྔགས་ཕྱོགས་ཀྱི་ནུས་པའམ་བདེ་བ་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་བརྗོད་ཀྱིན་ཡོད། དེའི་ཕྱིར་བུ་མོ་འདོད་ཞེན་ཅན་རེ་ཟུང་ནས་དངོས་གྲུབ་གནང་རོགས་ཟེར་བའི་རེ་སྐུལ་ཀྱང་བྱེད་པ་རེད།

མདོར་ན་ཆོས་དང་ཆོས་མིན་བསྲེས་པའི་བྱ་སྤྱོད་ཀྱི་དབང་གིས་ངོ་མ་དེ་རྫུན་མར་འགྱུར་བཞིན་པ་རེད། འདི་ཚང་མ་གང་ཟག་རེ་ཟུང་གིས་རང་རང་གི་ཁམས་དང་བསྟུན་པའི་བྱེད་སྒོ་ཞིག་སྤེལ་བ་ལས་སངས་རྒྱས་ཀྱི་བཀའ་ལུང་ངོ་མ་ཞིག་ག་ལ་ཡིན། འདི་དང་འདི་ལྟ་བུའི་གང་ཟག་རེ་ཟུང་གི་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་དགོས་དགེ་འདུན་པའི་སྡེ་ལ་སྐྱོན་ཕོག་གིན་ཡོད་པ་རེད།

ཡིན་ནའང་། རྒྱ་མཚོ་ཆེན་པོའི་ནང་དུ་སྦྲུལ་དང་སྦལ་ལྕོང་སོགས་ཀྱང་མང་བ་དཔེ་རུ་བཞག་སྟེ་གང་ཟག་རང་ངོས་ནས་བསམ་གཞིགས་ཀྱིས་བྱེ་བྲག་པའི་སྐྱོན་དེ་སྤྱི་ལ་ཁྱབ་པར་བསྒྲུབ་ན་མི་འགྲིག་གི་བསམ་གྱིན་ཡོད།

སྔོན་ཆད་ངས་ཀྱང་མི་ལ་འགྲེལ་བཤད་བརྒྱབ་མྱོང་། གལ་སྲིད་ང་རང་དགོན་པའི་ནང་གི་དོན་དངོས་ཀྱི་དགེ་བཤེས་དང་། དཔེ་ཆ་བ་ཚོར་རྒྱུས་ཤིག་མེད་ན་དགེ་འདུན་པར་དད་ལོག་སྐྱེས་ཐག་ཆོད་རེད་ཅེས་བརྗོད་མྱོང་། རྒྱུ་མཚན་ནི། ངའི་ལས་ཁུངས་ཡོད་སའི་གཞིས་གྲོང་གསུམ་པར་གྲྭ་བ་ཚོས་མཛུབ་རྩེད་རྩེ་བ་དང་། བུ་མོར་སྐད་ཆ་བཤད་པ་སོགས་ཡ་མཚར་གྱི་གནས་ཚུལ་མང་པོ་ཡོད། དེ་བྱེད་མཁན་ནི་ནམ་རྒྱུན་སྤྱི་ཚོགས་ལ་འཁྲབ་སྟོན་བྱེད་པའི་མ་རབས་རེ་ཟུང་རེད་མ་གཏོགས་ཚང་མ་ག་ལ་ཡིན། དགོན་པའི་ཕྱི་ནང་ངོ་མི་ཤེས་མཁན་ཞིག་གི་བལྟས་ན་དེ་རིང་གྲྭ་བ་ཚོ་འཁྲབ་ཀྱིན་ཡོད་པ་དང་། སང་ཉིན་ཡང་འདུག་བསམ་པ་ཞིག་མ་གཏོགས་རེ་ཟུང་ཡིན་པས་སྣང་བ་འཆར་མི་སྲིད། དགོངས་དག་བཤད་རྒྱུ་མང་ཐལ།

དགེ་མཐོང་ལགས། སྤོབས་པ་དང་གདེང་ཚོད་ཡོད་ན་དཀར་སར་ཐོན་ཤོག

བཀྲ་ཤིས་བདེ་ལེགས།

ཨ་རིག་དགེ་མཐོང་
༢༠༡༠/༠༤/༠༥ ཉིན་འདོན་སྤེལ་བྱས།
ཞིབ་ཀློག་ཅིག་བྱས་ནས་བསམ་ཚུལ་འདོན་རྒྱུ་ཡིན། ཤག་ཏུ་ཁྱེར་སོང་ང་། མེ་འོད་ལགས་ལ་འཚམས་འདྲི་བཀྲ་ཤིས་ལེགས་ཞུ། རྗེས་སུ་རིམ་གྱིས་ཁ བརྡ་ཡོད། ཕྲན་ལ་མཚོན་སྤྱི་ཚོགས་སྐྱོན་བརྗོད་རིགས་འབྲི་མཁན་ཚོ་ལ་དགའ།
མེ་འོད།
༢༠༡༠/༠༤/༠༥ ཉིན་འདོན་སྤེལ་བྱས།
ངས་སྔོན་མ་ཞིག་ལ་སྙན་ངག་འདི་འདྲ་ཞིག་བྲིས་ནས་དྲ་ངོས་སུ་བཀོད་ཡིན། དེ་ལ་བསམ་ཚུལ་སྤེལ་མཁན་མ་བྱུང་ད་ཅི་ཞིག་ཡིན་ན།
གསང་བ་ཁྲོམ་ལ་ཤོར་སོང༌།་


མི་ཚོགས་ཀྱི་ཁ་དབུགས་ཤུགས་ཀྱིས་གཤགས་ནས་མཐའ་ལ་བསྐྱོད
སྙིང་སྡུག་མའི་འཛུམ་བག་བཙན་གྱིས་བཅགས་ནས་རི་ལ་བྲོས



གཟན་ཤམ་གྱི་འོག་ལ་སྙིང་སྡུག་མའི་བརྩེ་བ་རུམ་པའི་མི་དེ་སུ་རེད
གསུང་ཆོས་ར་བའི་མཐའ་སྣེ་ན་མིག་ཟུང་རིག་རིག་གིས་འགུལ་བྱུང
གསང་འཕྲིན་ཞིག་ཤུགས་ཀྱིས་གཡུགས་པ་བཙུན་མ་ཞིག་གི་རུམ་ལ་ལྷུང་སོང
གསང་འཕྲིན་དེ་སེམས་ལ་ཉར་སོང
ད་དུང་ཁ་པར་ཨང་གྲངས་དེ་ཡང་སེམས་ལ་ཉར་སོང



མི་གཅིག་གིས་མཐོང་སོང
མི་གཉིས་ཀྱིས་མཐོང་སོང
མི་མང་པོ་ཞིག་གིས་མཐོང་སོང
ད་ནི་གསང་འཕྲིན་དེ་གསང་བ་མིན་པར་གྱུར
ལྷ་ཁང་གི་གས་སྲུབ་ན་བཞུར་འོང་བའི་ཆུ་ཕྲན་ནག་པོ་དེ
འགྲོ་བ་འདིའི་སེམས་ཀྱི་དྲི་མ་འཁྲུད་པའི་བདུད་རྩི་ཡིན་ནམ



རྡུལ་ཕྲ་རབ་ཀྱི་ཕྱི་ནང་རྟོགས་དཀའ་བ་བཞིན
མཚན་མོ་འདིར་གཟན་ཤམ་གྱི་ཕྱི་ནང་མཐོང་བའི་མིག་ཟུང་སུ་ལ་ཡོད
ལྷ་ཁང་གི་མཐའ་ན་མི་ཚོགས་འདི་འཐོར་སོང
དོན་མེད་དུ་ཇག་པ་དང་རྐུན་མ་ལ་གཤེ་གཤེ་གཏོང་ཞོར་འཐོར་སོང
མི་ཞིག་གི་སེམས་ཀྱི་གནས་ས་འགུལ་བཞིན་པ་སུ་ལ་བརྗོད
སེང་རས་ཀྱི་ཕག་ན་གསང་བ་ཞིག་མི་འདུག
མི་ཚོགས་ཀྱི་སེམས་ན་ཡིད་ཆེས་ཤིག་མི་འདུག



ཐག་རིང་ཐག་རིང་གི་རི་ཁྲོད་ན་བཞུགས་པའི་རྣལ་འབྱོར་
ཁྱོད་ཀྱིས་ང་ཚོ་ལ་འོད་སྣང་ཞིག་གནང་རོགས
ད་དུང་སྟོན་པ་ཤཀྱཱ་ཐུབ་པ་ངོ་སྤྲོད་ཅིག་གནང་རོགས
༢༠༡༠ ༢ ༣


འདོན་སྤེལ།: ༢༠༡༠/༠༢/༠༣
མགོ་རུལ།
༢༠༡༠/༠༤/༠༥ ཉིན་འདོན་སྤེལ་བྱས།
ཡེ་ཤུའི་ཆོས་པ་ཚོས་བྱིས་པ་ཆུང་ཆུང་གི་བཤང་ལམ་དུ་བཙན་གཡབ་བྱེད་བཞིན་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་སུ་བརླ་གཉིས་བསྡམས་ཏེ་དེའི་བར་དུ་མཆིལ་མ་བཏབ་ནས་འཛག་གི་ཡོད་ནི་རེད། ང་ལོ་ཆུང་དུས་སློབ་ཆུང་དུ་ཡོད་སྐབས་ཤིག་བྱེད་སྟངས་འདི་བྱིས་པ་ཚོའི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་སོང་བས། རྗེས་སུ་ཟོག་རྫི་ན་ཡོད་དུས་སུ་ཡང་བྱིས་པ་ཚོས་བྱིས་པ་ནང་ཁུལ་བརླ་འཛག་འདི་བྱེད་ཀི་འདུག བྱེད་སྟངས་འདི་བོད་པའི་སྐྱ་སེར་གཉིས་ཀའི་སྤྱི་ཚོགས་སུ་མི་མངོན་པའི་ཚུལ་དུ་ཡོད་ས་རེད། ཡིན་ན་ཡང་འདི་ལྟར་བྱེད་མཁན་དེ་དག་ནི་མི་སྐྱ་ཡག་པོ་དང་གྲྭ་པ་ཡག་པོའི་ཁྲོད་དུ་ཡོད་ཀྱི་མ་རེད་བསམས། མི་སྐྱའི་གཟུགས་བརྙན་དང་གྲྭ་པའི་གཟུགས་བརྙན་ཙམ་འཛིན་མཁན་ཚོས་གང་བྱེད་སུས་ཚོད་འཛིན་ཐུབ། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །ཞེས་ཚད་མ་རྣམ་འགྲེལ་ལས་མ་གསུངས་སམ། རྒྱ་གར་དུ་ཡང་བརླ་བར་དུ་འཛག་པ་འདི་གནའ་སྔ་མོ་ནས་ཡོད་པ་ནི་སློབ་དཔོན་དཔའ་བོས། བརླ་བསྡམས་ལག་པ་སྐྱོད་པ་དང་། །ཞེས་ལོ་ཉིས་སྟོང་གི་གོང་དུ་གསུངས་འདུག་པ་ལ་དཔྱད་ན་ཤེས་ཐུབ་ཀི རྒྱ་ནག་ཏུ་ཡང་ཡོད་པ་ནི་ཐོག་ཁང་དམར་པོའི་རྨི་ལམ་ནང་གི་ཅ་པོ་དབྱི་དང་ཆིན་ཁྲིན་གཉིས་སློབ་གྲྭར་འགྲོ་དུས་ཀྱི་སྐབས་སུ་ཧ་ཅང་གསལ་བོར་བྲིས་འདུག་ལ། འཇིག་རྟེན་རྙིང་བར་རྒྱ་ནག་གི་གྲོང་དང་གྲོང་གསེབ་ཁག་ཏུ་བྱིས་པ་བཤང་འཚོང་མཁན་ཧ་ཅང་མང་པ་མི་རྒན་དག་གི་ཁ་ལས་ལན་མང་ཐོས། འདིའི་སྐོར་བཤད་ན་སྙན་ལ་རིང་བའི་གཏམ་རྒྱུད་མོད་ཀྱང་ད་འདི་ཙམ་བྱེད།
འཇང་གཡུ་ལྷ་ཐོགས་འགྱུར
༢༠༡༠/༠༤/༠༥ ཉིན་འདོན་སྤེལ་བྱས།
ཡ་ད་གདན་ས་ཁག་གི་གྲྭ་པ་ཚོའི་བཙན་གཡེབ་བྱས་ཡོད་ན་ཡང་གཡུག་ཞོག་
དེ་ལས་གནད་དོན་ཆེ་བའི་ དགེ་ལྡན་བསྟན་པའི་རྒྱལ་ཚབ་དགའ་ལྡན་ཁྲིར་རིན་པོ་ཆེ་ལུང་རིགས་རྣམ་རྒྱལ་གོ་མེད་ཚོ་མེད་ངང་རྗེ་མོ་རྒྱབ་དགོས་དོན་གང་རེད་ དེའི་བསྐོར་སྒྲོ་གླེང་བྱས་ན་ཅི་འདྲ་འདུག
རྨོག་རུ་བསྟན་པ།
༢༠༡༠/༠༤/༠༤ ཉིན་འདོན་སྤེལ་བྱས།
འོ་ད་དུང་། ཨ་རིག་དགེ་མཐོང་འང་ཡོད་ནི་རེད། ཁོ་ཚོ་ཚང་མ་གདན་སའི་གསར་བརྗེ་བ་བློ་ཁོག་ཅན་རྐྱང་རྐྱང་རེད། ཁོ་ཚོས་མ་གླེང་བའི་སྐྱོན་ཞིག་ཕལ་ཆེར་གདན་ས་གྲྭ་ས་ན་ལྷག་ཡོད་རྒྱུ་མ་རེད།

ངས་བལྟས་ན་གནད་དོན་འདིའི་སྐོར་ལ་ཨ་ཁུ་འདི་ཚོ་དང་ལྷན་དུ་དྲ་ཐོག་གི་བགྲོ་གླེང་ཞིག་འཚོགས་ཐུབ་ན་ད་གཟོད་གཙང་མ་ཆགས་རྒྱུ་རེད་བསམ་ཀི།
རྨོག་རུ་བསྟན་པ།
༢༠༡༠/༠༤/༠༤ ཉིན་འདོན་སྤེལ་བྱས།
གདན་ས་གྲྭ་ཚང་ན་དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་ན་དགེ་ལུགས་སྒྲིག་གཞི་ཆེན་མོ་ཞེས་པའི་ཁྲིམས་བཙན་པོ་སྟ་རེ་འདྲ་ཞིག་གཏན་འབེབས་བྱས་ཡོད་པའི་དགག་བྱར་འགྱུར་ངེས་ཅན་ཡིན།

ཚང་མས་དགེ་ལུགས་སྒྲིག་ཆེན་མོར་ཞིབ་དཔྱོད་བྱེད་རྒྱུ་གལ་ཆེ་སྙམ།
གཞན་ཡང་ཨ་ཁུ་བོན་རྒྱ་བས་ཀྱང་རྟ་ལྕག་བཙན་པོ་ཁོ་ནར་སྡིགས་པ་ལས་ཆོས་པས་བཙན་གཡེམ་དང་ཐུབ་ཚོད་ཕྱོགས་ལ་ཁ་གྲགས་མི་འདུག
འདི་ཚོར་བལྟས་ན་གདན་ས་གྲྭ་ཚང་ན་ཡོད་ཚུལ་དེ་རྫུན་མ་རེད་བསམ་ཀི།
གལ་སྲིད་མཐའ་འཁྱོལ་བ་ཞིག་བྱེད་བསམ་ན་ཨ་ཁུ་བོན་རྒྱར་ཕྲིས། ཁོས་རྫུན་མི་བཤད་ཁོ་ཐག་རེད།
རྨོག་རུ་བསྟན་པ།
༢༠༡༠/༠༤/༠༤ ཉིན་འདོན་སྤེལ་བྱས།
གདན་ས་གྲྭ་ཚང་ན་དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་ན་དགེ་ལུགས་སྒྲིག་གཞི་ཆེན་མོ་ཞེས་པའི་ཁྲིམས་བཙན་པོ་སྟ་རེ་འདྲ་ཞིག་གཏན་འབེབས་བྱས་ཡོད་པའི་དགག་བྱར་འགྱུར་ངེས་ཅན་ཡིན།

ཚང་མས་དགེ་ལུགས་སྒྲིག་ཆེན་མོར་ཞིབ་དཔྱོད་བྱེད་རྒྱུ་གལ་ཆེ་སྙམ།
གཞན་ཡང་ཨ་ཁུ་བོན་རྒྱ་བས་ཀྱང་རྟ་ལྕག་བཙན་པོ་ཁོ་ནར་སྡིགས་པ་ལས་ཆོས་པས་བཙན་གཡེམ་དང་ཐུབ་ཚོད་ཕྱོགས་ལ་ཁ་གྲགས་མི་འདུག
འདི་ཚོར་བལྟས་ན་གདན་ས་གྲྭ་ཚང་ན་ཡོད་ཚུལ་དེ་རྫུན་མ་རེད་བསམ་ཀི།
གལ་སྲིད་མཐའ་འཁྱོལ་བ་ཞིག་བྱེད་བསམ་ན་ཨ་ཁུ་བོན་རྒྱར་ཕྲིས། ཁོས་རྫུན་མི་བཤད་ཁོ་ཐག་རེད།
ཁམས་པ།
༢༠༡༠/༠༤/༠༣ ཉིན་འདོན་སྤེལ་བྱས།
ཨ་རོ་མེ་འོད་ཟེར་བའི་རྫུན་རྐྱལ་ཁྱོད་ཀྱིས་ཅི་བཤད་ཀྱིན་ཡོད། ཆོས་པ་ཚོས་ཟེར་ན་ཆོས་པ་ཡོངས་ལ་གོ་ནི་རེད། དེས་ན་དེ་འདྲའི་སྐྱག་རྫུན་མ་ལབ་ན་དགའ། མི་ཁ་ཤས་ཀྱི་བྱ་སྤྱོད་མི་ཐུན་མོང་གི་མགོ་ལ་འཕངས་ན་དེ་ལ་མ་ཉེས་ཁ་ཡོག་ཟེར་ནི་ཨེ་གོ་ཐལ། རྫུན་རྐྱལ། རྫུན་མིན་ན་ཅི་ཞིག་རེད། ཆོས་པ་ཚང་མས་དེ་འདྲ་ཞིག་གང་ན་བྱས་འདུག ཟིན་ཐོ་ལ་མིང་ཙམ་ཡང་འདོགས་མི་ཤེས་ན་སྐྱུར་ཐོང་དང་དེ་དགའ་ས་རེད།
ཁ་བའི་འོད་མདངས།
༢༠༡༠/༠༤/༠༣ ཉིན་འདོན་སྤེལ་བྱས།
བོད་གྲྭའི་བཙན་གཡེབ་བདེན་པ་ཡིན་ཚེ་བྱ་ངན་སྤྱོད་མཁན་གྱི་གྲྭ་གཟུགས་གང་
ཁ་བའི་འོད་མདངས།
༢༠༡༠/༠༤/༠༣ ཉིན་འདོན་སྤེལ་བྱས།
བོད་གྲྭའི་བཙན་གཡེབ་བདེན་པ་ཡིན་ཚེ་བྱ་ངན་སྤྱོད་མཁན་གྱི་གྲྭ་གཟུགས་གང་ཞིག་གིས་དགོས་པ་དེ་ནས་འདི་འདྲ་བྱས་སོང་ཞེས་དམིགས་སུ་བཀར་ཏེ་ནག་ཉེས་ཐེར་འདོན་བྱས་ཏེ་དགོན་པ་གཙང་མ་བྱེད་རྒྱུ་ནི་གལ་ཆེ། དགོན་དང་གྲྭ་པ་ཡག་པོ་ཡོང་རྒྱུ་ནི་ང་ཚོ་ནང་པ་ཚང་མའི་ལས་འགན་རེད། དཔེར་ན་བོད་དོན་ནི་བོད་མི་ཚང་མའི་ལས་འགན་བཞིན་ནོ། ནང་ཆོས་ནི་ང་ཚོ་ནང་པ་ཚང་མའི་ལེགས་སྐྱེས་ཀྱི་བགོ་སྐལ་ཡིན་ཤིང་དེ་རྒྱུན་འཛིན་བྱེད་པའི་ནུས་པ་ཐུན་མིན་གྲྭ་པ་དེ་ཚོ་ལ་ཡོད་རེད། དེས་ན་ང་ཚོ་བོད་པ་ཚང་མས་ནང་ཆོས་དང་དགོན་པ་གྲྭ་པ་ཡག་པོ་ཡོང་བའི་ཐབས་ལ་རིངས་པར་བརྩོན་དགོས། དེ་ནི་ང་ཚོ་སྒེར་གྱི་ལས་དོན་ཞིག་ཀྱང་ཡིན།
ཁ་བའི་འོད་མདངས།
༢༠༡༠/༠༤/༠༣ ཉིན་འདོན་སྤེལ་བྱས།
བོད་གྲྭའི་བཙན་གཡེབ་བདེན་པ་ཡིན་ཚེ་བྱ་ངན་སྤྱོད་མཁན་གྱི་གྲྭ་གཟུགས་གང་ཞིག་གིས་དགོས་པ་དེ་ནས་འདི་འདྲ་བྱས་སོང་ཞེས་དམིགས་སུ་བཀར་ཏེ་ནག་ཉེས་ཐེར་འདོན་བྱས་ཏེ་དགོན་པ་གཙང་མ་བྱེད་རྒྱུ་ནི་གལ་ཆེ། དགོན་དང་གྲྭ་པ་ཡག་པོ་ཡོང་རྒྱུ་ནི་ང་ཚོ་ནང་པ་ཚང་མའི་ལས་འགན་རེད། དཔེར་ན་བོད་དོན་ནི་བོད་མི་ཚང་མའི་ལས་འགན་བཞིན་ནོ། ནང་ཆོས་ནི་ང་ཚོ་ནང་པ་ཚང་མའི་ལེགས་སྐྱེས་ཀྱི་བགོ་སྐལ་ཡིན་ཤིང་དེ་རྒྱུན་འཛིན་བྱེད་པའི་ནུས་པ་ཐུན་མིན་གྲྭ་པ་དེ་ཚོ་ལ་ཡོད་རེད། དེས་ན་ང་ཚོ་བོད་པ་ཚང་མས་ནང་ཆོས་དང་དགོན་པ་གྲྭ་པ་ཡག་པོ་ཡོང་བའི་ཐབས་ལ་རིངས་པར་བརྩོན་དགོས། དེ་ནི་ང་ཚོ་སྒེར་གྱི་ལས་དོན་ཞིག་ཀྱང་ཡིན།
ཤོག་གྲངས་: [༡] [རྗེས་མ།]
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
བདག་གི་གོམ་སྟབས་འདི་རླུང་དང་འགྲོགས་ནས་ཡོད་ཅིང༌། བདག་གི་རྣམ་ཤེས་ཀྱིས་ནམ་ཡང་གངས་རི་ལྟ་བུའི་དངོས་པོ་རྡོག་གཅིག་ལ་བྱི་དོར་བྱེད་ཀྱིན་ཡོད། དེ་བས་ཀྱང་བདག་གི་ལུས་ངག་ཡིད་སེམས་འདི་སྔ་མོ་ནས་ལམ་ལ་ཆས་ཟིན།