རླུང་མིག

ངས་རང་གི་ཟིན་བྲིས་ལ་ཕྱི་མིག་བལྟས་པ་ཡིན།

ང་དྲ་ངོས་རིག་གནས་ཀྱི་དགའ་ཚལ་འདིར་འཛུལ་ཞུགས་བྱས་ནས་ལོ་གཅིག་དང་ཟླ་བ་ཁ་ཤས་འགོར་སོང།དུས་ཡུན་དེའི་ནང་ལ་ངས་རང་གི་བསམ་ཚུལ་མང་པོ་སྤེལ་བ་ཡིན།  གཞན་གྱི་བསམ་ཚུལ་མང་ཙམ་བཀླགས་པ་དང་མཆན་ཁ་ཤས་ཀྱང་བཏབ་པ་ཡིན།  རྩོད་པ་ཙག་ཙིག་རེ་ཡང་བྱས་པ་ཡིན།གང་ལྟར་དྲ་ངོས་རིག་གནས་འདི་ང་ལ་འཚམ་པོ་ཞིག་འདུག   དེ་བས་མུ་མཐུད་དུ་དྲ་ངོས་འདི་ན་འདུག་དགོས་ཆགས་སོང།

ངས་དྲ་ངོས་ཀྱི་བསམ་ཚུལ་དང་དཔྱད་བརྗོད།སྙན་ངག་དང་གསར་འགྱུར་སོགས་བཀླགས་ཤིང་རྩོམ་ཡིག་རང་ངོས་ཀྱི་ལེགས་ཉེས་དང་དགོས་མཁོ་ཡོད་མེད་ལ་བལྟས་པ་ཡིན་མ་གཏོགས།བསམ་ཚུལ་སྤེལ་མཁན་དང་རྩོམ་ཡིག་འབྲི་མཁན་སུ་ཡིན་རྩད་གཅོད་བྱས་མྱོང་མེད་ལ།དུ་དུང་ཀྱང་གང་ཟག་རྩད་གཅོད་བྱེད་འདོད་མེད།གཙོ་བོ་རྩོམ་ཡིག་རང་ངོས་ཀྱི་རིན་ཐང་དེ་ག་རང་གཞི་ལ་འཇོག་གི་ཡིན།

དྲ་ངོས་ཀྱི་རྩོམ་ཡིག་དང་བསམ་ཚུལ་གྱི་རིགས་གང་ཡིན་ཡང་ཁྱད་མེད་དུ་ཀློག་གི་ཡོད། ཚང་མ་མི་རེ་རེའི་རྣམ་དཔྱོད་ཀྱི་རྩལ་འབྲས་ཡིན་པར་ངོས་འཛིན་བྱེད་ཀི་ཡོད།  ཡིན་ནའང།ང་རང་སྒེར་ངོས་ནས་ཆེས་ཀློག་པར་སྤྲོ་བའི་ཟིན་བྲིས་ནི་ལུང་རིགས་རྒྱལ་དང་ཁང་གསར་རྡོ་རྗེ།གངས་ཐིགས་བཅས་ཡིན།མིའི་བསམ་བློ་གཏོང་སྟངས་མ་འདྲ་བ་དང་རིན་ཐང་འཇོག་ཚུལ་མ་འདྲ་བའི་དབང་གིས་ང་ལ་ཁོང་ཚོའི་ཟིན་བྲིས་ལས་ཟ་རྒྱུ་འཐུང་རྒྱུ་མང་པོ་མང་པོ་རག་གི།བསམ་བློ་གཏོང་རྒྱུ་དང་དཔྱད་པ་གཏོང་རྒྱུ་མང་པོ་མང་པོ་རག་གི  དེ་བས་ཁོང་ཚོའི་ཟིན་བྲིེས་ལ་དམིགས་ཀྱིས་དོ་སྣང་སྤྲོད་ཀི་ཡོད།


མཆན་འདེབས་མཁན་ཁ་ཤས་ལ་བསམ་བློ་བརྗེ་རེས་བྱེད་ཀི་ཡོད  ཁ་ཤས་ལ་རྩོད་པ་རྒྱག་གི་ཡོད།  འགའ་རེ་ལ་ཁོང་ཁྲོ་ཟ་གི་ཡོད།  ལ་ཤས་ལ་གད་མོ་འཆོར་གི་ཡོད།  ཁ་ཤས་ལ་བརྩི་བཀུར་བྱེད་ཀི་ཡོད།  གང་ལྟར་ཚང་མ་ལ་ཆ་སྙོམ་གྱིས་དོན་སྣང་སྤྲོད་ཀི་ཡོད་མ་གཏོགས།  གཅིག་ཀྱང་སྣང་མེད་དུ་འཇོག་གི་མེད།ཡིན་ནའང༌།རྗེས་མ་ནས་མཆན་ཀློག་རྒྱུ་ཉུང་དུ་གཏོང་གི་ཡིན།  དེ་ལ་དུས་ཚོད་མང་པོ་འགྲོ་གི་འདུག་པས་ལས་ཀ་དང་དཔེ་ཀློག་ཀྱི་དུས་ཚོད་འདང་ངེས་མི་སྟེར་གི རྒྱུ་མཚན་དེ་ཙམ་མ་གཏོགས་མེད།


ང་དྲ་ངོས་འདིར་ཞུགས་ནས་ལོ་གཅིག་ལྷག་འགོར་སོང།   དེའི་རིང་ལ་སེམས་གཤིས་ངོ་མ་ཟེར་ན་འགྲིག་གི། གནད་དོན་གྱི་གསང་ཕུག་ཟེར་ན་ཆོག་གི།  བྱ་དངོས་ཀྱི་གཤིས་ལུགས་ཟེར་ན་མི་ཆོག་རྒྱུ་མེད་ཀི།  གང་ལྟར་དེ་འདྲའི་རིགས་གཅིག་ཀྱང་རྙེད་མ་སོང།   མི་ཐམས་ཅད་ཀྱི་མདུན་ན་གཡོ་འཁྲུལ་གྱིས་འགུལ་བཞིན་པའི་གློག་ཀླད་ཚང་མ་འགས་གཏོར་བྱུང་དགོས་པའི་གནད་དོན་གང་ཡང་གླེང་ཐུབ་མ་སོང།  ནམ་ཡང་དེ་འདྲ་འབྱུང་མ་སྲིད་པ་ཞིག་ཡིན་ནམ།  དེ་ངས་ཀྱང་གསལ་བོ་བཤད་ཤེས་ཀི་མི་འདུག  ཚོད་དཔག་བྱེད་ཐུབ་ཀི་མི་འདུག   མ་གཞི་མི་ཞིག་ཡིན་ཕྱིན་གནད་དོན་མང་པོ་བཤད་མ་ཐུབ་པར་འཇོག་དགོས་པ་དེ་འདྲ་ཡི་ནམ།   དེ་ནི་ཞོར་འཕྲོས་ཙམ་ཡིན།


དེ་རིང་ངས་འདི་ལྟར་ལོ་གཅིག་གི་དྲ་ངོས་རིག་གནས་ལ་ཕྱི་མིག་ཅིག་བལྟས་པ་ཡིན།  ཡིན་ནའང་ངས་ཟིན་བྲིས་ཀྱི་ཁ་ཕྱོགས་ལ་རེ་ཞིག་འགྱུར་བ་གཏོང་དགོས་པའི་གནད་དོན་ཞིག་མ་མཐོང་བས།  སྔར་བཞིན་ལམ་ལ་བུད་ནས་འགྲོ་གི་ཡིན།

འདོན་སྤེལ།: ༢༠༡༠/༠༤/༠༦
རིག་པ་འདོན་པ།
རྒྱ་ཞིང་མྱི་དཀར
༢༠༡༡/༠༡/༢༣ ཉིན་འདོན་སྤེལ་བྱས།
གྲོགས་པོ་མེ་འོད་ལེགས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་
འདྲེ་ལྡག
༢༠༡༠/༠༨/༢༦ ཉིན་འདོན་སྤེལ་བྱས།
མེ་འོད་ལགས། ངས་ཁྱེད་ལ་ཉིན་ཤས་སྔོན་འཕྲིན་ཐུང་ཞིག་བསྐུར་ཡོད་ཀྱང་འཕྲོད་མེད་པ་འདྲ། ཁྱེད་ཉིད་སྐུ་གཟུགས་བདེ་ཐོག་ཡག་ཐོག་ན་ལོས་ཀྱང་ཡོད། རྩོམ་མང་པོ་ཞིག་སྤེལ་འདུག དེ་རིང་ཁྱེད་ཀྱི་རྩོམ་དག་ཁྱེར་ནས་འགྲོ་གི་ཡོད། བཀླགས་ཟིན་རྗེས་སུ་ཀློག་ཐོ་སྟབས་བདེ་ཞིག་འབྲི་ངེས་ཡིན། ད་ལྟ་འདི་ཕྱོགས་ན་ཁ་པར་གྱི་བརྒྱུད་ལམ་མི་འདུག་པས་འཕྲིན་ཐུང་ཞིག་འདི་རུ་མི་འབྲི་ཀ་བྱུང་། དགོངས་པ་ཁྱོན་ནས་མ་འཚོམས་རོགས་ཞུ། ད་བདེ་མོ།
ཨ་རིག་དགེ་མཐོང་
༢༠༡༠/༠༨/༡༣ ཉིན་འདོན་སྤེལ་བྱས།
མྱ་ངན་གྱི་རྩོམ་ཡིག་བསྡུ་བརྡ།

ནུབ་ལ་དྭགས་དང་ཤར་བོད་ཀྱི་ཨ་མདོའི་གོད་ཆག་ལ་གདུང་སེམས་ཉམས་སྐྱེད་ཀྱི་རྩོམ་ཡིག་རེ་འབྲི་རྒྱུ་རྩོམ་པ་པོ་ཡོངས་ལ་རེ་སྐུལ་ཞུས་པ་ཡིན།
ཟླ་འདིའི་ཚེས་ ༨ ཉིན་མདོ་སྨད་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་ཐོག་ཏུ་རི་ཉིལ་འདམ་ལུད་ཀྱི་དོན་རྐྱེན་ཆེན་པོ་ཞིག་བྱུང་སྟེ། མི་ ༧༠༠ ལྷག་འདས་གྲོངས་དང་མི་༡༠༠༠ ལྷག་བོར་བརླག མི་ ༥༠༠༠༠ ལྷག་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་ཚུལ་བརྒྱུད་ལམ་ཁག་ནས་ཐོས་བྱུང་། ཉེ་སྔོན་ལ་དྭགས་སུ་ཆུས་གནོད་སྐྱོན་བྱུང་བ་གཉིས་ནི་རང་རེའི་བོད་ལ་མཚོན་ན་མི་བཟོད་པའི་སྡུག་བསྔལ་དྲག་པོ་ཞིག་ཡིན་པ་ནི་སྨོས་ཅི་དགོས། དེས་ན་འདས་ཟིན་པའི་སྒ་སྐྱེ་རྒུའི་གོད་ཆག་བཅས་འདི་དག་ཕྱོགས་གཅིག་ཏུ་སྤུངས་ན་བོད་མི་རྩམ་གཟན་ཡོངས་ལ་ལོ་འདིར་ཆེས་བཟོད་གླགས་བྲལ་བའི་སྐྱོ་གདུང་གི་མིག་ཆུ་སྐྱུར་མོ་ཞིག་བླུད་ཐལ། སྒ་སྐྱེ་རྒུའི་གོད་ཆག་ལ་ཕྲན་གྱིས་བོད་ཕྱི་ནང་གི་རྩོམ་པ་པོ་དག་གིས་བྲིས་པའི་རྩོམ་ཡིག་དྲག་འདེམས་ཀྱི་། ༼མགོ་བོ་བཏུད་དེ་མྱ་ངན་ཞུ༽་ཞེས་པའི་དེབ་ཅིག་གི་གདུང་སེམས་ཉམས་སྐྱེད་བྱས་པ་ཡིན།

ད་རེའི་མདོ་སྨད་ཀན་ལྷོ་ཁུལ་འབྲུག་ཆུ་དང་ནུབ་ལ་དྭགས་ཀྱི་གོད་ཆག་གཉིས་ལ་ཡང་གྲྭ་རྐྱང་ཞིག་གི་ངོས་ནས་རྩོམ་ཡིག་ཕྱོགས་བསྡུས་ཀྱིས་གདུང་སེམས་ཉམས་སྐྱེད་ཅིག་བྱེད་འདོད་ཡོད་ལ། ཕྱོགས་གཞན་ཞིག་ནས་སྤུན་ཟླ་གང་མང་ཞིག་གིས་དེ་ལྟར་བྱེད་ཐུབ་ན་དགེ་མཚན་ཆེ་རབས་གསུངས་པས་ཀྱང་ཡིན། ངས་སྙན་རྩོམ་བསྡུས་ཏེ་དེབ་དང་ཚགས་པར་གང་རུང་འདོན་རྒྱུའི་ཕྱོགས་སུ་འབད་ཀྱིན་ཡོད་པས་ན། རྩོམ་པ་པོ་ཀུན་གྱིས་བདུན་ཕྲག་གཅིག་ནང་རྩོམ་ཡིག་གང་མང་བསྐུར་རོགས་ཞུ།།གསལ་བཤད་ཅིག་ལ། ལྷུག་རྩོམ་དང་འབོལ་རྩོམ། དཔྱད་རྩོམ་རིགས་འགྲོ་གྲོན་གྱི་ཐད་ནས་དཀའ་ངལ་ཆེ་བས་ནང་དུ་འགོད་ཐབས་བྲལ། སྙན་རྩོམ་གྱིས་གདུང་སེམས་ཉམས་སྐྱེད་བྱེད་རྒྱུ་ཡིན་ལ། ཤོ་ཀ་ལྔ་ལས་མ་བརྒལ་བ་དགོས་ལ་རང་མོས་སྙན་ངག་ཀྱང་དེ་མཚུངས་ཡིན།

གཞན་རྩོམ་སླེབས་ཚད་ཆ་ཚང་ནང་དུ་འགོད་ཐབས་མེད་པ་ལ་ཐུགས་བསམ་བཞེས་དགོས། ཉེ་སྔོན་༼མགོ་བོ་བཏུད་དེ་མྱ་ངན་ཞུ༽་ཞེས་པའི་དེབ་ནང་དུ་རྩོམ་ཡིག་ཁག་ཅིག་འགོད་ཐབས་མ་བྱུང་བ་ལ་གྲོགས་པོ་འགའ་རེས་ཕྲན་ལ་འཁང་ར་དང་ཟུར་ཟ་བྱས་ཡོད་ལ། ད་དུང་བརྒྱུད་ལམ་འདྲ་མིན་ནས་ཕྲན་ལ་ སྐྱོན་བརྗོད་བྱས་སོང་། ད་ཐེངས་ཀི་ལས་འཆར་འདི་སྤེལ་མཁན་མོན་གྷོ་ས་གནས་མདོ་སྨད་ཆོལ་ཁའི་ཚོགས་གཙོ་གངས་རི་དང་སྦེལ་ཀོབ་མདོ་སྨད་ཆོལ་ཁའི་ཚོགས་གཙོ་ཨ་རིག་དགེ་མཐོང་གཉིས་ཡིན། འོན་ཀྱང་འགྲོ་གྲོན་ཐད་ནས་སྒེར་ངོས་ནས་གཏོང་རྒྱུ་ལས་ཚོགས་པ་དང་འབྲེལ་བ་གཏན་ནས་མེད། གལ་སྲིད་ཡག་པོ་བྱུང་ན་དེབ་དང་དེ་མིན་ཚགས་པར་འདོན་རྒྱུ་ཡིན། དེ་ལུགས་དགོངས་འཇགས་འཚལ། ༢༠༡༠་ཟླ་༠༨་ཚེས་༡༢་ཉིན་བྲིས།



འབྲེལ་གཏུགས་བྱེད་ས་ཕྲན་གྱི་དུས་བབ་ཟིན་བྲིས་ཀྱི་རང་ཉིད་ངོ་སྤྲོད་དུ་གསལ། སྤྱིར་བཏང་རྩོམ་ཡིག་རྣམས་ཟིན་བྲིས་ཀྱི་གཤམ་དུ་བཀོད་ན་བཟང་གི
རྒྱ་ཞིང་མྱི་དཀར
༢༠༡༠/༠༨/༠༤ ཉིན་འདོན་སྤེལ་བྱས།
གྲོགས་པོ་མེ་འོད་ལགས་མ་མཇལ་ཡུན་རིང་བདེ་བོ་ཡིན་ནམ་ལོ་གཉིས་གསུམ་ཞིག་ལ་གྲོགས་དང་མ་འཕྲད་ཀྱང་གྲོགས་པོའི་རྩོམ་ཡིག་དག་ཚགས་ཤོག་དང་དྲ་རྒྱ་ནས་གསལ་པོ་མཐོང་གིན་འདུག་རྩོམ་ཡིག་ལ་ང་རང་དགའ་པོ་ཞེ་དྲག་ཡོད་


ཕུན་ཚོགས །
༢༠༡༠/༠༧/༡༣ ཉིན་འདོན་སྤེལ་བྱས།
ང་རང་ཉོག་བཤད་བྱེད་རྒྱུར་དགའ་བས་མཚམས་ལན་རེར་ཁྱོད་ལ་སུན་པོ་བཟོ་ན་ཐང་།དེ་དུས་གུ་ཡང་གནང་རོགས་ཞེས་ད་ལྟ་ནས་ཞུས་ན་བསམ་སོང་།་ཧ་ཧ་ཧ་ཧ་
ཕུན་ཚོགས །
༢༠༡༠/༠༧/༡༣ ཉིན་འདོན་སྤེལ་བྱས།
གྲོགས་མེ་འོད་ལགས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ཁྱོད་ཀྱི་ཁྱིམ་དུ་ཡོང་བ་ཐེངས་དང་བོ་ཡིན་པས་ཁྱོད་ལ་གསལ་ཆ་ཆེན་པོ་མེད་ཀྱང་།རྩོམ་ཡིག་འདི་ལ་བལྟས་ན་སྣང་བ་འགྲོ་བའི་ཚོར་བ་ཞིག་བྱིན་པས་རྗེས་ནས་མུ་མཐུད་དུ་ཡོང་གི་ཡིན་ཟེར་རྒྱུ་ཡིན།
གཅན་བཟོད་རྒྱམ།
༢༠༡༠/༠༧/༠༩ ཉིན་འདོན་སྤེལ་བྱས།
བཀུར་འོས་པའི་བོད་ཀྱི་སྐད་ཡིག་རིག་གནས་ལ་ཤ་ཞེན་དང་དོ་སྣང་བླ་ན་ཆེ་བའི་རིག་གནས་བགྲོ་གླེང་གི་གྲོགས་དམ་པ་གང་གི་དྲུང་དུ། ཁ་སྔོན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་ངེད་དང་གྲོགས་པོ་རེ་ཟུང་གིས་རང་དབང་གི་དྲ་བ་ཞིག་གསར་དུ་སྒོ་ཕྱེ་ཡོད། ཁྱེད་བོད་ཀྱི་རིག་གནས་སྤྱི་ལ་དོ་འཁུར་དང་སྒོས་སུ་དྲ་ཐོག་ནས་རིག་གནས་བགྲོ་གླེང་བྱེད་པར་ཆེས་རྒྱུས་མངའ་དང་མྱོང་གོམས་ཆེ་བས་ན། བདག་དང་ང་ཚོའི་དྲ་བའི་ངོས་ནས་ཁྱེད་རང་དབང་དྲ་བར་ཕེབས་ཏེ་ཟིན་བྲིས་ཤིག་གཉེར་རྒྱུའི་རེ་འབོད་དང་སྦྲགས་ནས་རང་དབང་དྲ་བ་འདི་ནི་རང་དབང་དྲ་བ་བེད་སྤྱོད་བྱེད་མཁན་སྤྱི་ལ་དབང་བའི་དྲ་བ་ཞིག་ཡིན་པས་ན། ཁྱེད་ཀྱང་རང་དབང་དྲ་བ་འདིའི་བདག་པོ་ངོ་མ་ཞིག་ཏུ་འགྱུར་རྒྱུ་བདག་གིས་རེ་བ་ཆེ་ཞེས་ཞུ།
རང་དབང་དྲ་རྒྱ་བེད་སྤྱོད་སྟངས་དང་དགོས་དམིགས། ཁྱད་ཆོས་སོགས་དྲ་བ་རང་ལ་ཕེབས་ཏེ་གཟིགས་གནང་ཡོད་པ་ཞུ།
རང་དབང་དྲ་བའི་དྲ་ཐག་འདི་ན་ཡོད།
www.rangwang.net


www.rangwang.org


www.rangwang.biz

དུས་བབ་ཟིན་བྲིས་པ་གཅན་བཟོད་རྒྱམ་པས་གུས་པས་ཕུལ།

གཞན་དྲ་ཐག་འདི་དྲ་གྲོགས་གཞན་ཚོར་ཡང་བརྒྱུད་འགོད་བྱེད་རོགས་གནོངས། ངའི་འདི་ནས་རྩིས་འཁོར་ལ་སྐྱོན་ཅུང་ཙམ་འདུག་པས་ཧ་ཅང་དལ་བོ་འདུག ཁྱོད་ཀྱི་ཟིན་བྲིས་ཀྱི་མན་འདབས་ནས་ཁྱོས་ངའི་ཚབ་བྱས་ཏེ་འདི་དྲ་གྲོགས་ཚོའི་ཟིན་བྲིས་སུ་འགོད་རོགས་ཀྱིས་ཤིག
མྱ་ངན་ཆེད་སྒྲིག་པ།
༢༠༡༠/༠༤/༢༢ ཉིན་འདོན་སྤེལ་བྱས།
མྱ་ངན་གྱི་གསལ་བརྡ
ཉིན་ཤས་གོང་མཚོ་སྔོན་ཡུལ་ཤུལ་ལ་མ་བསམ་བློ་ཡུལ་ལས་འདས་བའི་རང་བྱུང་གི་གནོད་པ་ཚབས་ཆེན་བྱུང་ཏེ། རང་རིགས་སྤུན་ཟླ་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་ཁྲི་ཕྲག་ཁ་ཤས་ལ་རྨས་སྐྱོན་གྱི་གོད་ཆག་ཡ་ང་བ་བྱུང་བའི་ཉམ་ཐག་རང་རིགས་སྤུན་ཟླ་དག་གི་སྙིང་གི་ཟུག་གཟེར་དང་སེམས་ཀྱི་སྐྱོ་སྡུག་ལ་སྐྱེ་བོ་སུ་ཀྱང་བློ་ཡུལ་དུ་མི་བཤོང་བ་དང་བཟོད་དཀའ་བ་ཞིག་རེད། དེ་བས་ངེད་ཡི་གེ་བ་དང་ཟིན་བྲིས་བ་ཡོངས་ཀྱིས་རང་བྱུང་གི་འཇིགས་པའི་ཁྲོད་དུ་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པའི་མི་དམངས་སྤུན་ཟླ་རྣམས་ལ་སེམས་སེམས་པའི་གཏིང་ནས་སྙིང་གློ་བའི་གསེང་ནས་མྱ་ངན་ཞུ་རྒྱུ་དང་། དེ་དང་ལྷན་དུ་བདག་གི་༼མགོ་བཏུད་དེ་མྱ་ངན་ཞུ་༽ཞེས་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཏེ་ཟིན་བྲིས་དང་རྩོམ་ཡིག་སྣ་ཚོགས་ཀྱི་ལམ་ནས་ཉམ་ཐག་པའི་འདས་གསོན་ཕོ་མོ་དང་ཤུལ་ལུས་རྨས་མ་རྣམས་ལ་སེམས་གསོ་དང་མྱ་ངན་ཞུ་རྒྱུ་ཡིན་པས། མཁྱེན་ལྡན་གྱི་སྙུག་ཐོགས་པ་དང་ཟིན་བྲིས་བ་ཡོངས་ཀྱི་ཐུགས་འཇགས་འཚལ།
རྩོམ་ཡིག་སྐུར་ཡུལ་གྱི་ཁ་བྱང་thapkhe18@yahoo.co.in
ཁ་པར་ཨང་9035228265
རྩོམ་ཡིག་བཀོད་ཡུལ
དུས་བབ་ཟིན་བྲིས་ཀྱི་ནང་ཚན་༼མགོ་བོ་བཏུད་དེ་མྱ་ངན་ཞུ༽ཞེས་བའི་ཟིན་བྲིས་ཡིན
ཟིན་བྲིས་སུ་བཀོད་པའི་རྩོམ་ཡིག་རྣམས་འདེམས་གསེས་བྱས་སྟེ༼་མགོ་བོ་བཏུད་དེ་མྱ་ངན་ཞུ་༽ཞེས་བའི་དཔེ་དེབ་ཞིག་མི་རིང་བར་འདོན་འཆར་ཡོད། དཔེ་དེབ་ཀྱི་ཡོངས་འབབ་རྣམས་སྐྱེ་དགུའི་ཡུལ་ཤུལ་ལ་ཞབས་འདེབས་འབུལ་རྒྱུ་ཡིན།
གཙོ་སྒྲིག་པ་
བྱ་གཞུང་བྱམས་པ།
བྱ་གཞུང་གངས་རིའི་གླིང་བུ།
གཙང་གནས་རྒྱམ།
ཡང་ན་ཉིད་ཀྱི་རྩོམ་ཡིག་གངས་རིའི་གླིང་བུའི་ཟིན་བྲིས་སུ་བཀོད་པ་ཡིན་ནའང་ཆོག
དེར་བཀོད་པའི་ཉིད་ཀྱི་རྩོམ་ཡིག་ཐད་ཀར་༼མགོ་བཏུད་དེ་མྱ་ངན་ཞུ་༽ཞེས་བའི་ཟིན་བྲིས་བཀོད་རྒྱུ་ཡིན།
ཅོ་རི་ཉི་མ།
༢༠༡༠/༠༤/༠༨ ཉིན་འདོན་སྤེལ་བྱས།
ཨེ་འབྲོག་རྒན་ལགས་སྔོན་མ་ཁྱེད་ཀྱི་རེ་བ་ལྟར་ཟིན་བྲིས་ཅིག་སྒོ་ཕྱེ་ཡོད།
རྩོད་པ་ཙག་ཙིག་རེ་རྒྱག་མཁན་ཕེབས་ཤོག
http://www.tibettimes.net/blogs.php?id=314
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
བདག་གི་གོམ་སྟབས་འདི་རླུང་དང་འགྲོགས་ནས་ཡོད་ཅིང༌། བདག་གི་རྣམ་ཤེས་ཀྱིས་ནམ་ཡང་གངས་རི་ལྟ་བུའི་དངོས་པོ་རྡོག་གཅིག་ལ་བྱི་དོར་བྱེད་ཀྱིན་ཡོད། དེ་བས་ཀྱང་བདག་གི་ལུས་ངག་ཡིད་སེམས་འདི་སྔ་མོ་ནས་ལམ་ལ་ཆས་ཟིན།