སྤྱི་ཚོགས་ཀྱི་དགེ་སྐྱོན་གླེང་སྟེགས།

གྲོགས་ L. བྲིས་པ།

སེམས་པ་ལ་རྨ་ཁ་མེདཀྱང་
ན་ཟུག་གིས་ལུས་ཕུང་བཟི་
མྱ་ངན་མེད་པའི་རེ་དོགས་ཀྱི་ཁྲོད་ནས་
ཁྱོད་ངའི་གཅེས་སུ་གྲུབ་ན་
གཟོད་མི་ཚེ་ལ་དྲོད་ཁོལ་ལྡན་

སྙིང་དམར་པོ་ལ་ཕྱི་ཤུན་མེད་ཀྱང་
ཚོར་བས་མནར་བའི་བདག་གི་འཇིག་རྟེན་འདིར་
དགའ་སྐྱོ་ཞིག་དང་ རེ་དོགས་ཤིག
ཡང་ན་མི་ཚེའི་འོད་སྣང་ཞིག་

ན་ཟུག་གི་ཟབས་ས་དང་ སེམས་པའི་མཐོ་ས་ཞིག་ནས་
མི་ཚེའི་གཙང་ཆེན་བརྒལ་ཏེ་
རྒྱང་རིང་མཛེས་སྡུག་གི་དཔལ་ལ་རློམ་བཞིན་ཡོད་ན་
ཁྱོད་རང་གཙང་ཆེན་གྱི་གྲུ་བོ་ཡིན་པར་སྨོན་

ནམ་ཟླ་ཡོད་ཚད་ཐལ་རྡུལ་གྱིས་ཁེངས་པ་མིན་ན་
དཀར་གཙང་གི་སེང་རས་འོག་ནས་
ཁྱོད་བརྩེ་དུང་གི་ལྷ་མོར་བསྒོམ་བཞིན་ཡོད་ན་
དག་ཞིང་གི་བདེ་སྐྱིད་ལ་ཁྲིད་པར་སྨོན་

སེམས་གྱི་གཏིང་རུམ་ནས་ཐོན་པའི་གཟུགས་མེད་སྡོམ་དྲྭ་རེ་རེ་
ཚོར་བའི་གས་སྲུབས་ནས་བཞུར་ཏེ་ ཁྱོད་ཀྱི་མཛེས་སྡུག་ལ་ཐིམ་ཚེ་
རྨི་ལམ་བཞིན་རྨིས་ཆོག་ཆོག་གི་སང་ལོའི་འཇིག་རྟེན་ལ་ཆས་རྩིས་ཡོད་ན་
ཁྱོད་རེ་སྨོན་གྱི་ཁ་བཏགས་ཡིན་པར་སྨོན།

༢༠༡༢ ཟླ་ ༧ པའི་ཚེས་ ༡༩ ཉིན།

འདོན་སྤེལ།: ༢༠༡༢/༠༧/༢༣
རིག་པ་འདོན་པ།
ཚངས་གསར་འཕྲིན་ལས།
༢༠༡༢/༠༧/༢༩ ཉིན་འདོན་སྤེལ་བྱས།
བདག་ལ་རེ་སྨོན་གྱི་འཇིག་རྟེན་གང་མངཡོད་པའི་ཁྲོད་ནས་གལ་ཆེ་ཡང་མི་ཆེ་ཆུང་ཡང་མི་ཆུང་བའི་ད་ཐེངས་ཀྱི་རེ་སྨོན་འདི་ནི་རྟོག་བཏགས་ཀྱི་ཆའང་ཡོད་པ་དེ་ཁྱོད་ཀྱིས་བརྗེད་མི་ཉན།
ལྷ་ཐོག་རང་འགུལ།།
༢༠༡༢/༠༧/༢༩ ཉིན་འདོན་སྤེལ་བྱས།
གྲོགས་L ལགས་སྐྱིད་མདོགས་ལ།
ཁྱེད་ཀྱིས་དེ་འདྲིའི་རེ་དང་སྨོན་ལམ་དེ་བདེན་པ་ཡིན་པས་
བདེན་པ་ལ་རྒྱལ་ཁ་ཐོབ་པར་སྨོན།།
ཚངས་གསར་འཕྲིན་ལས།
༢༠༡༢/༠༧/༢༥ ཉིན་འདོན་སྤེལ་བྱས།
རྒན་བསེ་རུ་ལགས་དེ་རིང་སྐུ་མགྲོན་གསར་པ་ཡིན་པས་མཚམས་འདྲི་ཡོད། འདི་ནི་དུས་ཚོད་ཀྱི་བར་སྟོང་ནས་བྱུང་བའི་སེམས་ཀྱི་ཚོར་སྣང་རབ་རིབ་ཙམ་མམ་ཡང་ན་མིག་རྐང་ངུ་གཟན་པའི་རྟོག་བཏགས་ཀྱིས་བཞེངས་བའི་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་མཚོན་ཆེད་ཡིན། ༼དང་པོ་མཛེས་སྡུག
གཉིས་པ་འགྱོད་གདུང་
གསུམ་པ་མིག་ཆུ
བཞི་པ་ཁ་ཆག་སྣ་རལ༽ སོགས་ཀྱི་གནས་བབ་ནི་ད་ཐེངས་ངའི་རྩོམ་གྱི་རྒྱུ་ཆ་ཙམ་མ་ཡིན་པར་བཅོས་སུ་མེད་པའི་སྒྱུ་མའི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་ན་འདིར་བསྐྱར་ཟློས་བྱེད་པ་ནི་དུས་ཚོད་དོན་མེད་དུ་བཏང་བར་མ་ཡིན་ནམ།
བསེ་རུ།
༢༠༡༢/༠༧/༢༤ ཉིན་འདོན་སྤེལ་བྱས།
མི་ཉམ་དུང་བརྡ་ལགས་ཀྱིས་བདེན་བདེན་འདྲ་པོ་གསུངས་འདུག

"དང་པོ་མཛེས་སྡུག
གཉིས་པ་འགྱོད་གདུང་
གསུམ་པ་མིག་ཆུ།
བཞི་པ་ཁ་ཆག་སྣ་རལ།"
བསེ་རུ།
༢༠༡༢/༠༧/༢༤ ཉིན་འདོན་སྤེལ་བྱས།
མི་ཉམ་དུང་བརྡ་ལགས་ཀྱི་བདེན་བདེན་འདྲ་པོ་གསུངས་འདུག

"དང་པོ་མཛེས་སྡུག
གཉིས་པ་འགྱོད་གདུང་
གསུམ་པ་མིག་ཆུ།
བཞི་པ་ཁ་ཆག་སྣ་རལ།"
ཚངས་གསར་འཕྲིན་ལས།
༢༠༡༢/༠༧/༢༤ ཉིན་འདོན་སྤེལ་བྱས།
མི་ཉག་དུང་བརྡ་ལགས་ཕེབས་བསུ་དང་བཅས་ཏེ་སྐད་ཆ་ཁ་ཤས་གླེང་འདོད་བྱུང་།སྤྱིར་ཚོར་བས་མནར་བའི་མི་རྐྱང་རང་ཉིད་ལ་མཚོན་ན་བརྩེ་དུང་གི་འཆིང་ཐག་འོག་ཏུ་ཚུད་མིན་དེ་གལ་ཆེན་མ་ཡིན་པར་གཙོ་བོ་ན་ཟུག་གི་ཟབས་ས་དང་ཚོར་བའི་རྐྱེན་ས་ཞིག་ནས་འཕག་ཚག་རྒྱག་བཞིན་སྙན་ངག་གི་རྒྱུ་བཙལ་འདོད་པ་ལས་གནས་ལུགས་མེད་པའི་བརྩེ་དུང་གི་ཕྱི་ཤུན་གྱོན་ནས་ང་ཁྱོད་ལ་དགའ། ཁྱོད་ང་ལ་དུང་ཟེར་བའི་སྤྱིར་བཏང་གི་སྐད་ཆ་ཙམ་ལ་བདག་ནམ་ཡང་ཞེན་བློ་ཐོགས་མྱོང་མེད། འོན་ཀྱང་མ་བཟང་ས་ནས་ཁྱེད་ལ་དོན་མེད་སེམས་ཁྲལ་ཞིག་བྱུང་བ་ནི་ང་༼གང་མགྱོགས་ཁྱིམ་པའི་མེ་དུང་ནང་མཆོང་རྒྱུ་ཡིན་པ་འདྲ།༽ཟེར་བའི་རི་བང་གནམ་རྡེབ་དང་གླ་བ་རྩ་ཟད་ཀྱི་སྡུག་བསྔལ་འདི་རེད། འདི་ནི་ཁྱེད་ལ་མཚོན་ན་བསམ་གཞིགས་ཀྱི་སྐད་ཆ་ཞིག་ཡིན་སྲིད་མོད། ང་ལ་མཚོན་ན་ཆེས་ཆུང་ས་ཆུང་ས་ཞིག་གི་དོན་རྐྱེན་ལ་བརྩི་བཞིན་ཡོད། གལ་སྲིད་ལམ་འདི་རུ་ཞུགས་སོང་ཡང་མི་སྒེར་ཙམ་གྱི་གནས་བབ་ལས་ཆེ་ས་ཞིག་གི་དོན་རྐྱེན་མིན་དུས་ཁྱེད་ཀྱིས་འདི་ཕྱོགས་སུ་བསམ་གཞིགས་བྱེད་པ་ནི་ཇུས་མེད་ཇུས་གཏོགས་རང་རེད།
མི་ཉག་དུང་བརྡ།
༢༠༡༢/༠༧/༢༤ ཉིན་འདོན་སྤེལ་བྱས།
ཨཾོ་མ་ཎི་པདྨེ་ཧཱུཾ ཁྱེད་ཀྱིས་གཟུགས་མེད་སྡོམ་དྲྭ་རེ་རེ་
ཚོར་བའི་གས་སྲུབས་ནས་བཞུར་ཏེ་ ཁྱོད་ཀྱི་མཛེས་སྡུག་ལ་ཐིམ་ཚེ་ཞེས་པར་བརྟག་ན གང་མགྱོགས་ཁྱིམ་པའི་མེ་དུང་ནང་མཆོང་རྒྱུ་ཡིན་པ་འདྲ།
དང་པོ་མཛེས་སྡུག
གཉིས་པ་འགྱོད་གདུང་
གསུམ་པ་མིག་ཆུ
བཞི་པ་ཁ་ཆག་སྣ་རལ
འོན་ཀྱང་སྙན་ངག་ནི་ཧ་ཅང་སྙན་པོ་ཞིག་བྲིས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
སྣང་བ་མ་དག་ནའང་ཆོག་དག་པར་མ་མཐོང་ནའང་འགྲིག་གང་ལྟར་རང་ཉིད་ལ་དབང་བའི་ཁེར་གཤིས་རྩུབ་མོ་འདི་གཞན་གྱིས་རྐང་འོག་ཏུ་མི་འཇོག་པར་མི་ཚེའི་རེ་འདུན་དང་དམ་བཅའ་ཞིག་ཅི་ལ་མིན།--------------- འབྲེལ་གཏུགས་བྱེད་ཡུལ་ཁ་པར་ཨང་གྲངས། ༩༨༠༥༦༧༥༥༦༦