འགྲུལ་བསྐྱོད་ཀྱི་ཟིན་ཐོ།
༡༽ཕྱི་ལོ་༢༠༡༡།༡༠།༣༠་ཉིན་གྱི་དགོང་དྲོ་རྡ་ས་ནས་འགྲུལ་བཞུད་ཀྱི་མགོ་བརྩམས་ཤིང་། བསམ་གཞིགས་ཐན་ཐུན་དང་། རྨི་ལམ་རབ་རུབ་ཀྱི་ཁྲོད་ནས་ཕྱི་ཚེས་༣༡་ཉིན་གྱི་སྐྱ་རེངས་དང་པོའི་སྒོ་གླེགས་ཕྱེས་པ་དང་རྒྱལ་ས་ལྡི་ལིར་འབྱོར།
ཕྱི་ཟླ་༡༡་ཚེས་༡་ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་པའི་སྟེང་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་(DEL.Terminl3) དུ་སླེབས་ཤིང་། ཆུ་ཚོད་༡༠་དང་སྐར་མ་༡༠་སྟེང་(JET LET)རྟགས་ཅན་གྱི་གནམ་གྲུས་སྤྲིན་དཀར་གྱི་བང་རིམ་བསྟད་དེ་གྷོ་ཧ་ཊི་བརྒྱུད་ཉིན་རྒྱབ་ཆུ་ཚོད་༢་དང་སྐར་མ་༢༥་སྟེང་(DIBRUGARH)གནམ་ཐང་དུ་འབྱོར་བ་དང་། ཏི་ཛི་དར་རྒྱས་གླིང་གི་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་སོགས་བསུ་བ་ཞུས། དེ་འཕྲད་སྣེ་ལེན་མགྲོན་བསུར་བཅར་བའི་ཏི་ཛིའི་འཕྲོད་བསྟེན་སྨན་ཁང་གི་རླངས་འཁོར་ནང་ཆུ་བོ་གྲགས་ཅན་སེང་གེ་ཁ་འབབ་ཀྱི་གཙང་གྲུར་བརྒལ། ཆུ་བོ་ལན་གསུམ་མཆོད་ཅིང་བོད་ཆུ་བོད་ལ་དབང་བའི་སྨོན་ལམ་བརྒྱབ། དགོང་ཁའི་ཉི་འོད་ཀྱི་གཟི་མདངས་དང་། གཙང་བོའི་རླབས་དཀར་གྱི་ཟེགས་མ་ཡིས་ཕ་ཡུལ་ཁྲི་ཤོར་རྒྱལ་མོ་དྲན་སྣང་གི་གདུང་བ་བྱིན། མུན་ནག་གིས་འོད་སྣང་ཟོས་ཤིང་། ཁྲ་ཆེམ་ཆེམ་གྱི་སྐར་ཚོམས་ཤར་སྐབས་དང་བསྟུན་གྲོང་ཁྱེར་སེ་ལ་པ་ཐར་སླེབས་ཤིང་། ལྗང་མདོག་གི་མཚོ་མོ་ཅེས་པའི་མགྲོན་ཁང་ནང་ངལ་གསོ་མཛད།
ཕྱི་ཚེས་༢་ཉིན་གྱི་ཞོགས་པའི་ཆུ་ཚོད་༥ བའི་སྟེང་ལམ་དུ་