སྟག་མོ་མཆོངས་མཆོངས་བྱེད་བཞིན་ཉིན་རྒྱབ་ཆུ་ཚོད་༣་པ་ཙམ་ལ་འབྱོར། ལམ་བར་གྱི་ཤིང་ནགས་ནང་འུར་སྒྲ་ཆེན་པོ་ཞིག་གྲགས་པ་དང་། འབྲེལ་མཐུད་པ་ཅུང་ཟད་རྔམ་སྐྲག་གིས་དོམ་འདུག་ཟེར། ཤིང་སྡོང་རིང་པོ་ཞིག་གི་སྟེང་ནས་མི་དྲེད་ཆེན་པོ་ཞིག་ཐུར་འབབ་པ་མཐོང་བས་བྱིས་པའི་སྐབས་སུ་ཕ་མས་མི་དྲེད་གྱི་སྒྲུང་གཏམ་བཤད་པ་ཡིད་ལ་དྲན་ཤིང་སྐྲག་སྣང་ཞིག་སྐྱེས། ཉིན་རྒྱབ་ཆུ་ཚོད་གསུམ་པ་ཙམ་ལ་བྷེ་ཤིང་གྲོང་སྡེར་འབྱོར་ཏེ་རྟོག་ཞིབ་དང་། དགོན་པ་གསར་གཞེངས་བྱེད་ས་སོགས་སུ་གནས་གཟིགས་ཞུས། དགོང་དྲོ་ཆུ་ཚོད་བདུན་པའི་སྟེང་གྲོང་མི་ཁག་ཅིག་ལྷན་དུ་ཚོགས་འདུ་འཚོགས་ཤིང་གཏམ་བཤད་ཉིང་བསྡུས་ཤིག་བྱས། འཚམས་གཟིགས་སུ་ཕེབས་པའི་སྤྱི་འཐུས་རྣམ་གཉིས་ཀྱི་ལས་བསྡོམས་ནང་འཁོད་པའི་ས་གནས་ཀྱི་བདེ་སྡུག་དབུས་གཞུང་ལ་ཞུས་པ་ངོ་སྤྲོད་ཞུས་ཤིང་ངག་ཐོག་ནས་གཞུང་གིས་བཀའ་ལན་གནང་བ་གསལ་བཤད་བྱས། དགོན་པ་གསར་གཞེངས་ཀྱི་ཆེད་དུ་རང་ཉིད་ནས་བློས་བཅད་ཞལ་འདེབས་ཤིག་ཕུལ། (བདེ་སྡུག་ཞུས་པ་ཟུར་མཛར་དུ་ཡོད།) ཕྱི་ཚེས་༡༠་ཉིན་གྱི་ཞོགས་པའི་ཆུ་ཚོད་༧་པའི་སྟེང་བྷེ་ཤིང་ནས་ཐོན། རྟ་མཆོག་ཁ་འབབ་ཀྱི་གཙང་པོ་དང་། ལུས་ཀྱི་རྔུལ་ཆུ་མཉམ་དུ་བཞུར་བཞིན་བྲེལ་རྒྱུག་ཁོ་ནས་ངང་ཆུ་ཚོད་༡༡་སྟེང་དགེ་གླིང་(GELLING)གྲོང་སྡེར་འབྱོར། གནམ་ས་ཁ་རུབ་ལྟ་བུའི་ཤིང་ནགས་ཀྱི་གསེབ་ནས་གཅན་གཟན་གཏུམ་