རྒྱལ་བ་ཇོ་ནང་བ་དང་ངྷ་སའི་མི་མང་གི་བརྟན་བཞུགས།

༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བཀོད་དེ་ལོ་ ༥༠ འཁོར་བའི་རྗེས་དྲན་དང་། ཁོང་གི་སྐུ་ཚེའི་ཞབས་པད་བརྟན་ཆེན། དཔལ་རྒྱལ་བ་ཇོ་ནང་བ་དང་ངྷ་ས་མི་མང་མཉམ་འབྲེལ་ཐོག་རྗེ་བཙུན་ཏཱ་ར་ནཱ་ཐའི་ གསུང་བླ་མ་མཆོད་པའི་ཆོ་གའི་སྟེང་ནས་བརྟན་བཞུགས་ཕུལ་ཡོད།

་་་

རྒྱལ་ཚོཊ་ཀྱི་རོགས་སྐྱོར་འབྱོར།

ཁ་སང་ཕྱི་ཚེས་ ༢༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཨ་སྒོར་ལྔ་འབུམ་ ༥༠༠༠༠༠ ཙམ་གྱི་རོགས་སྐྱོར་དངོས་རྫས་ཡུལ་ཤུལ་སྐྱེ་རྒུ་མདོར་འབྱོར་ཡོད།

་་་

ཐོངས་མཆན་ཕུལ་མི་འདུག

ཨུ་རུ་སུའི་གཞུང་གིས་༧གོང་ས་མཆོག་ཡུལ་དེར་ཕེབས་རྒྱུར་ཐོངས་མཆན་ཕུལ་མི་འདུག

་་་

རྒྱ་སྒོར་ ༨༠༠༠༠༠༠༠༠༠ །

ད་བར་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཐད་ཞལ་འདེབས་འབྱོར་བ་རྒྱ་སྒོར་དུང་ཕྱུར་བརྒྱད་ཅུ་ ༨༠༠༠༠༠༠༠༠༠ ཙམ་ལ་སླེབས་ཡོད་འདུག

་་་

ཞོགས་དུང་གི་བཟའ་ཟླས་ཞོགས་དུང་བཟུང་བའི་སྐོར་བཤད་པ།

སྐུ་ཞབས་དཔལ་ལྡན་རྒྱལ་ལགས་ཀྱིས་རྩོམ་པ་པོ་ཞོགས་དུང་ལགས་ཀྱི་བཟའ་ཟླ་ལྷ་མོ་ལ་ཁ་པར་བརྒྱུད་བཅར་འདྲི་ཞུས་སྐབས་ཞོགས་དུང་ལགས་ཟི་ལིང་ཉེ་འགྲམ་གྱི་བཀག་སྐྱིལ་ཁང་ཞིག་ཏུ་བཀག་འདུག་ཅེས་བཤད་འདུག

་་་

མི་ ༢༢༢༠ འདས་གྲོངས།

ཐེངས་འདི་ཡུལ་ཤུལ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད། ཕྱི་ཚེས་ ༡༤ ཉིན་ནས་དེ་རིང་ཚེས་ ༢༦ བར་མི་ཉིས་སྟོང་ཉིས་བརྒྱ་ཉི་ཤུ་ ༢༢༢༠ ཙམ་འདས་གྲོངས་སུ་སོང་ཡོད་སྐོར་བསྒྲགས་ཡོད། 

་་་

མཛོད་དགེའི་བོད་མིའི་ལས་འགུལ།

མཛོད་དགེ་རྫོང་རྐྱང་ཚ་ཤང་དྲན་པ་དགོན་པར་བོད་དོན་གྱི་སྔ་རྗེས་ཐེངས་གཉིས་ལ་ སྤེལ་སྟབས། རྒྱ་ནག་གཞུང་གིས་བརྩད་གཅོད་བྱེད་བཞིན་པའི་སྒང་ཡིན་འདུག

་་་

ཁམས་འབའ་ཐང་བོད་མིའི་དཀའ་ངལ།

གཏེར་ཁ་བསྔོགས་འདོན་བྱས་ཏེ་ལོ་ཉི་ཤུ་ལྷག་འདས་རྗེས་མུ་མཐུད་ནས་ས་གནས་ས་ཐོག་གི་བོད་མི་ཚོར་གཅར་རྡུང་དང་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་བཏང་འདུག་ཟེར།

་་་