ཁ་བྲལ་གནད་དོན་མིན།

བོད་ལྗོངས་དང་ཞིན་ཅང་སོགས་ཀྱི་ས་ཆར་གནད་དོན་རེ་འགའ་ཡོད་མོད། དེ་དག་ནི་ཀྲུང་གོའི་མི་རིགས་གནད་དོན་གྱི་ཕྱོགས་གཙོ་བོར་འགྱུར་མི་སྲིད་ཟེར།

་་་

གྲྭ་བ་གཉིས་འཛིན་བཟུང་།

འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་མཚན་མོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་འཛི་སྒར་དགོན་པ་ནས་རྒྱ་གཞུང་ལས་བྱེད་པའི་རླངས་འཁོར་ཞིག་མེབསྲེགས་བཏང་ཡོད་སྟབས། རྒྱ་གཞུང་གིས་དགོན་པ་དེའི་གྲྭ་བ་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

་་་

ཨང་གསུམ་པ་ཐོབ་འདུག

ནོར་ཝེ་རུ་སློབ་སྦྱོང་གནང་བཞིན་པའི་བོད་རིགས་སློབ་མ་དཔལ་ལྡན་རྒྱལ་ལ་རྒྱལ་ སྤྱིའི་སྙན་ངག་འགྲན་བསྡུར་ཞིག་གི་སྐབས་སུ་ཨང་གསུམ་པའི་བྱ་དགའ་ཐོབ་འདུག

་་་

ཁྲིམས་ཞིབ་པའི་མཛད་ཁུར་དམ་འབུལ།

ཆོས་རིག་དྲུང་ཟུར་ཚེ་རིང་དོན་འགྲུབ་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་མདུན་ནས་ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་ཁུར་དམ་བཅའ་ཕུལ་ཡོད་འདུག

་་་

དུད་ཆང་གཅོད་པ།

འདས་པའི་ཟླ་གཅིག་རིང་ཨ་མདོ་ཀན་ལྷོ་མཛོ་དགེ་ས་ཁུལ་གྱི་བོད་རིགས་ཚོས་༧གོང་ས་མཆོག་གི་སྐུ་ཚེ་བརྟན་ཆེད། དུད་ཆང་གཅོད་པའི་ལས་འགུལ་ཞིག་སྤེལ་གྱིན་ཡོད་འདུག་ལ། དེ་རིང་ཧོར་ཟླ་ ༢ ཚེས་ ༡༡ ཉིན་ལས་འགུལ་དེ་མཇུག་སྡོམ་གྱི་ཚུལ་དུ་གཙང་མ་བཟོ་བཞིན་ཡོད་འདུག

་་་

བཙན་བྱོལ་ནང་གློ་ནད་ཅན་མི་ཆིག་སྟོང་ཙམ་ཡོད།

འཛམ་གླིང་གློ་ནད་ཀྱི་ཉིན་མོ་དང་སྟབས་བསྟུན་བོད་གཞུང་བདེ་ལེགས་སྨན་ཁང་གིས་ གློ་ནད་སྡེ་ཁག་གི་ནད་པའི་ཉལ་ཁང་བསྐྱར་བཟོ་ལེགས་འགྲུབ་བྱུང་བ་དབུ་འབྱེད་དང་། སྔར་བས་ཀྱང་མཐུན་རྐྱེན་བཟང་དུ་བཏང་སྟེ་ནད་པ་རྣམས་གུ་ཡངས་པོ་དང་ནད་གསོ་བཟང་ བོ་འཐོབ་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་ཟེར།

་་་

འབྲི་རུ་རྫོང་གི་ངོ་རྒོལ།

ཁམས་ནགས་ཤོད་འབྲི་རུ་རྫོང་རྩ་ལ་ཤང་དུ་སློབ་མས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ འདུག

་་་

སློབ་མའི་ངོ་རྒོལ།

ཞོན་ཧྭ་བོད་ཡིག་སློབ་འབྲིང་གི་སློབ་མ་ཁག་ཅིག་གིས་འདས་སོང་དཔའ་བོ་དཔའ་མོ་ རྣམས་ལ་མྱ་ངན་གྱི་མཆོད་མེ་སྒྲོན་ཏེ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་འདུག

་་་