རིན་པོ་ཆེར་ཁྲག་ཤེད་ཀྱི་ན་ཚ་འདུག་ཟེར།

དེ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་གྲོལ་ཆེད་མྱུར་འཕྲིན་བརྒྱུད་སྙན་ཞུ་དང་མཚན་རྟགས་བཞི་ཁྲི་རྒྱ་གཞུང་ལ་འབུལ་ གྱིན་ཡོད་འདུག་ལ། རིན་པོ་ཆེ་ཁོང་ལ་ཁྲག་ཤེད་དང་སྙིང་ཁམས་ཀྱི་ན་ཚ་ཡོད་ཚུལ་འདུག

་་་

དར་མདོའི་རི་ཉིལ་དོན་རྐྱེན།

དེ་རིང་ཞོགས་པར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོའི་རི་བོ་ཞིག་ཉིལ་ཏེ། ཉུང་མཐར་མི་ ༢༣ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་ ༧ ལ་རྨས་སྐྱོན་ཕོག་ཡོད་ཅིང་། གཞན་མི་ ༦ ཙམ་བོར་བརླག་ཏུ་ཕྱིན་ཡོད་འདུག

་་་

ངྷ་སའི་རྒྱ་གར་ཡུལ་མིས་བརྟན་བཞུགས་ཕུལ་བ།


ངྷ་སའི་རྒྱ་གར་ས་གནས་ཡུལ་མིའི་མཉམ་འབྲེལ་ཚོགས་པ་དྲུག་གིས་༧གོང་ས་མཆོག་ལ་ བརྟན་བཞུགས་ཤིག་ཕུལ་བ་མ་ཟད། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁོང་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ ཡོད།

་་་

ཨ་སྒོར་དུང་ཕྱུར་ཆིག་ཁྲིའི་གཏེར་མཛོད།

ཨ་རིའི་ས་གཤིས་བརྟག་དཔྱད་པ་དང་ཕིན་ཊ་གྷོན་གྱི་ཉམས་ཞིབ་པས་ཨབ་གྷན་དུ་མ་གནས་ཨ་སྒོར་དུང་ཕྱུར་ཁྲི༡ ལྷག་གི་གཏེར་མཛོད་འགའ་གསར་རྙེད་བྱུང་ཡོད་འདུག

་་་

རྒྱ་ནག་གི་དྲ་རྒྱའི་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་གསར་པ།

རྒྱ་ནག་གིས་དྲ་རྒྱའི་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་གསར་ཀྲུང་གོའི་མཉམ་འབྲེལ་དྲ་བའི་གནས་ཚུལ་ཞེས་པ་འགྲེམས་སྤེལ་བྱས་ཏེ། དྲ་བ་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། དུས་རབས་ ༢༠ པའི་ཚན་རྩལ་གསར་གཏོད་ཆེ་ཤོས།དེང་རབས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔོན་ཐོན་ཅན་གྱི་མཚོན་རྟགས་གལ་ཆེན་བཅས་ཡིན་ཟེར།

་་་

མི་རིགས་དམར་འཛིང་།

ཁིར་གྷེ་སི་ཐན་དུ་མི་རིགས་གཉིས་བར་ལ་འཁྲུག་འཛིང་དོན་རྐྱེན་བྱུང་སྟེ་ཉུང་ མཐར་མི་ ༡༡༧ ལ་སྲོག་སྐྱོན་དང་མི་ ༡༢༠༠ ལྷག་ལ་རྨས་སྐྱོན། དེ་བཞིན་མི་ཁྲི་ཚོ་བརྒལ་བ་ཡུལ་བཅོལ་དུ་འགྲོ་དགོས་བྱུང་ཡོད།

་་་

ཕ་མར་གཡོག་པོ་བཞག་སྟེ་གཞན་གྱི་བུ་རྫིར་རྒྱུག

ཕ་མས་ཕྲུ་གུར་ལྟ་སྐྱོང་བྱེད་པ་དང་། ཕྲུ་གུས་ཕ་མར་གཉོར་སྐྱོང་བྱེད་པའི་དུས་ཚོད་ཅིག སྤོ་པོ་རྨོ་མོས་ཚ་བོ་ཚ་མོ་སྐྱོང་བ་དང་། ཚ་བོ་ཚ་མོས་སྤོ་པོ་རྨོ་མོ་གཉོར་པའི་དུས་ཚོད་ཅིག་ཡོད། སྲོལ་བཟང་རྩ་ཆེན་འདི་དག་གི་དབང་གིས་གནའ་ནས་ད་བར་བོད་པའི་སྤྱི་ཚོགས་ནང་ལས་མེད་ཟེར་བ་དང་། རྒན་གསོ་ཁང་ཟེར་བ། བུ་བཅོལ་ཁང་ཟེར་བ་སོགས་བྱུང་མྱོང་མེད་ཟེར།

་་་

༸གོང་ས་མཆོག་བལ་ཡུལ་དུ་གདན་ཞུ་ཞུས་པ།

བལ་ཡུལ་སྤྱི་འཐུས་མི་སྣ་གསུམ་གཙོས་གནད་ཡོད་མི་སྣ་བཅུ་ཡིས་༸གོང་ས་མཆོག་བལ་ཡུལ་དུ་འཚོགས་རྒྱུའི་རྒྱལ་སྤྱིའི་ཆོས་ལུགས་ཀྱི་ཚོགས་ཆེན་སྟེང་གདན་ཞུ་གནང་ ཡོད་ལ། བཙན་བྱོལ་བོད་གཞུང་གིས་རེ་དོགས་དང་བཅས་བལ་གཞུང་གི་བརྡ་ལན་ལ་ཉན་ཡོད་འདུག

་་་