ཤོག་སྦག་སྒྲོན་ན་བྱ་དགའ་ཡོད།

ད་ལོ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ལོ་གསར་གཏོང་རྒྱུ་མིན་པའི་གནས་ཚུལ་ཁྱབ་མ་ཐག ས་གནས་འབྲེལ་ཡོད་ཚན་པ་ཨུ་ཐུག་སྟེ། མང་ཚོགས་ཚོར་ལོ་གསར་ལ་ཤོག་སྦག་དང་བཟའ་བཅའ་རིན་མེད་དུ་སྤྲོད་རྒྱུ་ཡིན་པ་མ་ཟད། རྒྱན་ཆས་དང་ གླུ་གཞས་འཁྲབ་སྟོན་བྱ་དགོས་པའི་བཙན་བཀའ་ཡང་གཏོང་བཞིན་ཡོད་འདུག

་་་

ཡང་སྲིད་འཚོལ་མིན་ནི་བོད་མི་རིགས་ཁོ་ནར་ཡོད་པའི་ཐོབ་ཐང་ཡིན།

༧གོང་ས་མཆོག་གིས།  ཏཱ་ལའི་བླ་མ་ཞེས་པའི་ཡང་སྲིད་ངོས་འཛིན་བྱེད་པའི་རིག་གནས་འདིར་དུས་རབས་ཁ་ཤས་ཀྱི་ལོ་རྒྱུས་ལས་མེད། ཡང་སྲིད་མུ་མཐུད་ནས་འཚོལ་མིན་དེ་བོད་མི་རིགས་ཁོ་ནར་ཡོད་པཌྷི་ཐོབ་ཐང་ཡིན་སྟབས་བོད་མི་རིགས་ཀྱིས་ཐག་གཅོད་གནང་དགོས། ཞེས་གསུངས་ཡོད་འདུག

་་་

ཚེས་ ༢༠ ཉིན་གྱི་ངོ་རྒོལ།

ཆབ་མདོ་ས་ཁུལ་གྱི་བོད་མི་གཞོན་སྐྱེས་གསུམ་གྱིས་ཕྱི་ཚེས་ ༢༠ ཉིན་ཞི་བའི་ངོ་རྒོལ་བྱས་སྟབས་ས་གནས་ཉེན་རྟོག་འཇུས་ཡོད་འདུག

་་་

གསུམ་པའི་ཉེར་བརྒྱད་ཉིན།

རྒྱ་གཞུང་གིས་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ནི་བོད་བཅིངས་འགྲོལ་བཏང་སྟེ་ལོ་ ༥༠ འཁོར་བའི་ཉིན་ཡིན་ཟེར་ལ། ལོ་འདིའི་གསུམ་པའི་ཉེར་བརྒྱད་ཉིན་བོད་མི་རྣམས་ཞིང་བྲན་ལམ་ལུགས་ཀྱི་གཉའ་ གནོན་ལས་ཐར་བའི་རྗེས་དྲན་གྱི་དུས་ཆེན་སྲུང་གཙི་བྱ་རྒྱུའི་གཏན་འབེབས་བྱས་ ཡོད་འདུག

་་་

༢༠༠༨ ལོར་བོད་མི་ ༦༢༧ལས་བཙན་བྱོལ་དུ་འབྱོར་མེད།

སྤྱི་ལོ་ ༢༠༠༨ ལོའི་སྤྱི་ཟླ་ ༣ པ་ནས་སྤྱི་ལོ་ ༢༠༠༨ ལོའི་སྤྱི་ཟླ་ ༡༢ བར་བོད་མི་ ༡༢༠ ཙམ་བསད་ཅིང༌། ཉུང་མཐར་བོད་མི་ ༦༥༠༠ ཙམ་འཇུ་བཟུང་བྱས་ཡོད་པ་དང༌། དེའི་ནང་ནས་བོད་མི་ ༡༩༠ ཙམ་ལ་དྲང་བདེན་མིན་པའི་ཁྲིམས་ཐག་ལྗིད་མོ་བཅད་པ་ཡོད་ཅིང་། ཁྲིམས་ཆད་ཀྱི་ལོ་ཚད་ཟླ་དགུ་ནས་ཚེ་བཙོན་བར་བཅད་ཡོད་འདུག་ལ། ས་མཚམས་དང་ལམ་མདོ་ཁག་དམ་དྲག་བྱས་སྟབས་ ༢༠༠༨ ལོར་བོད་མི་ ༦༢༧ ལས་བཙན་བྱོལ་དུ་ཐར་མཁན་བོད་མི་ ༦༢༧ ལས་མེད།

་་་

ལོ་མི་སར་བའི་སྦྱར་ཡིག

ཨ་མཆོག་འཚོ་བ་བརྒྱད་ཀྱི་བོད་རིགས་མང་ཚོགས་ཀྱིས་ད་ལོར་ལོ་སར་གི་མིན་ཅེས་ས་གནས་གང་སར་སྦྱར་ཡིག་བཀྲམས་ཡོད་འདུག

་་་

སྲིད་འཛིན་ཨོ་བྷ་མ་མཆོག་གི་དམ་འབུལ།

་་་་་་ དེ་རིང་ནས་བཟུང་། ང་ཚོ་བསྐྱར་དུ་ལངས་ཤིང་། ལུས་སྟེང་གི་ཐལ་རྡུལ་སྤྲུགས་ཏེ། ཨ་མེ་རི་ཀ་གསར་བཞེངས་ཀྱི་ལས་ཀ་བསྐྱར་དུ་མགོ་འཛུགས། ་་་་་ མི་འཚོགས་ཀྱི་རྒྱ་མཚོའི་ཀློང་ལ་འཁོར་ཏེ། སྲིད་འཛིན་ཨོ་བྷ་མ་མཆོག་གི་ཁོང་གི་དམ་འབུལ་གྱི་ཉིན་འདི་ལྟར་བསྒྲགས།

་་་

པེ་ཅིན་གྱི་སེམས་ཁྲལ་ཆེ་བའི་ས་ཁུལ་གསུམ།

རྒྱ་ནག་གི་མཐོ་རིམ་དམག་མིའི་ལས་བྱེད་ཅིག་གིས། ཐའེ་ཝན་དང་ཤིན་ཅང་། བོད་གསུམ་ནི་རྒྱ་ནག་གི་བདེ་འཇགས་ལ་གནོད་སའི་ས་ཁུལ་གསུམ་ཡིན་པར་བཤད་འདུག

་་་