རྭ་རྒྱ་དགོན་ཛ་དྲག་ཆཊ།

དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༡༠ ཡས་མས་སུ་མགོ་ལོག་ར་རྒྱ་དགོན་པའི་དགེ་སྐོས་དཔལ་ལྡན་དང༌། དགེ་འདུན་པ་གཞན་ ༣ བཅས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

་་་

གྲྭ་པ་ཞིག་རང་ཤི་བརྒྱབས་འདུག

ཕྱི་ཚེས་ ༢༡ ཉིན་གྱི་ཆུ་ཚོད་གཉིས་པ་ཡས་མས་སུ་རང་ལོ་ ༢༨ ཡིན་པའི་རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་མགར་རྩེ་བཀྲ་ཤིས་བཟང་པོ་ལགས་རྒྱ་དམར་གྱི་གདུག་རྩུབ་འོག་རྨ་ཆུར་ལྕེབས་ཡོད་འདུག

 

་་་

སོ་ནམ་ཞིང་ལས་མཚམས་འཇོག་གི་ཞིང་བའི་ལས་འགུལ།

ཁམས་དཀར་མཛེས་ས་ཁུལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་རབས་དང་རིམ་པ་བྱས་ཏེ། འདས་པའི་ཉིན་བཅུ་གྲངས་ནང་མི་དྲུག་ཅུ་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང༌། ད་ལོའི་སོ་ནམ་ཞིང་ལས་ཀྱང་མཚམས་འཇོག་བྱས་ཏེ། ཚད་གཞི་ཧ་ཅང་མཐོ་བའི་ཞིང་པའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཡོད་འདུག

་་་

འདི་ན་ཡུན་རིང་མ་མཐོང་བའི་རྒྱལ་གཅེས་དཔའ་བོ་ཞིག

སྔར་ལོའི་བོད་ནང་གི་དོན་རྐྱེན་ཁྲོད་ལྷ་སའི་ཆ་འཕྲིན་ལག་ཁྱེར་ཁ་པར་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། བོད་རིགས་ན་གཞོན་ལས་བྱེད་བསྟན་དར་ལགས་ལ། མ་ཉེས་ཁ་ཡོག་གི་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་སུ་སོང་ཡོད་འདུག

་་་

ཞེ་སྡང་ཆེ་བའི་ཉེན་རྟོག་པ།

བརྙན་འཕྲིན་འདི་ནི་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་སྟེང་ནས་བཤུས་པ་ཡིན་ལ། རྒྱ་ནག་གི་ཉེན་རྟོག་པ་ཚོས་བོད་མི་ཞི་རྒོལ་བ་ཚོའི་སྟེང་བཟུང་བའི་ཞེ་སྡང་དང་། གདུག་རྩུབ་ཀྱི་ངོ་བོ་རེད།

་་་

གྲྭ་བ་དྲུག་བཀག་ཉར།

མདོ་སྨད་ཀླུ་ཚང་དགོན་པའི་གྲྭ་པ་ ༡༠༩ འཛིན་བཟུང་བྱས་པའི་ཁྲོད་ཀྱི་གྲྭ་པ་ ༡༠༣ གློད་གྲོལ་དང༌། གྲྭ་བ་ ༦ ད་དུང་མུ་མཐུད་བཀག་ཉར་བྱས་ཡོད་འདུག 

་་་

རྭ་རྒྱ་དགོན་པར་དམ་དྲག

ཕྱི་ཟླ་ ༣ ཚེས་༨ ཉིན་གྱི་ཉིན་གུང་ཙམ་ནས་མདོ་སྨད་རྭ་རྒྱ་དགོན་པར་དམག་མིའི་རླངས་འཁོར་ཁ་ཤས་སླེབས་ཏེ། སྔར་བས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་ནའང་། དགོན་པའི་གྲྭ་བ་རྣམས་ཀྱིས་ཐབས་ཤེས་སྣ་ཚོགས་བཏང་ནས་ཡི་གེ་བཀྲམས་པ་དང་རྒྱལ་དར་བསྒྲེངས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག 

་་་

ྋགོང་ས་མཆོག་གིས་གྲོས་ཚོགས་ཚོགས་དུས་བདུན་པར་བསྩལ་བའི་གསུང་འཕྲིན།

ཟླ་འདིའི་ཚེས་ ༡༨ ཉིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ྋགོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན།

 

་་་