དགོན་པ་བླ་མར་མི་དབང་བའི་རྒྱ་གཞུང་གི་སྲིད་བྱུས།

རྒྱ་ནག་གཞུང་གིས། ༧གོང་ས་མཆོག་གིས་ངོས་འཛིན་གནང་པའི་སྤྲུལ་སྐུ་རྣམས་ལ་རང་གི་དགོན་པར་བདག་ སྐྱོང་དང་མི་མང་ལ་ཕན་པའི་སྲི་ཞུ་བསྒྲུབ་པའི་ཆོག་མཆན་མེད་པར་བཟོས་སྟབས། ངས་སྦྱར་ཡིག་བཀྲམས་ཏེ་ངོ་རྒོལ་བྱས་པ་ཡིན་ཟེར།

་་་

ངེས་པར་རྒྱ་ཡིག་སྦྱོང་དགོས་པའི་དུས་སྐབས་ཐོན་འདུག

རྒྱ་ནག་གི་དཔལ་འབྱོར་དེ་འཛམ་གླིང་གི་ཨང་གསུམ་པ་ནས་ཨང་གཉིས་པར་འཕོ་བཞིན་པའི་ སྐབས་འདིར། རྒྱ་ནག་གི་སྐད་ཡིག་སྦྱོང་བའི་མྱུར་ཚད་དེའང་འཛམ་གླིང་གང་སར་མངོན་གསལ་གྱིས་འཕར་བཞིན་ཡོད་འདུག

་་་

བུ་དོན་འགྲུབ་ཀྱི་ཕ་མ་གཉིས་དང་ཁ་བརྡ་བྱས་པའི་མཚན་མོ།

དོན་འགྲུབ་ཀྱིས་བྱ་བ་འདི་བསྒྲུབ་ཁར་ནང་མིར་ཚིག་ཟུར་ཙམ་ཡང་བཤད་མེད་ལ། རང་གི་བཟའ་ཟླ་བུ་ཕྲུག་ལས་༧རྒྱལ་བ་རིན་པོ་ཆེ་བདམས་པ་རེད། ཕ་མ་གཉེན་ཉེ་ལས་མི་རིགས་དང་རྒྱལ་ཁབ་བདམས་པ་རེད། བསམ་བློ་ཆེ་ས་ནས་བཏང་ན་འགྲིག་འདུག་བསམ་གྱིན་ཡོད། ངྷ་རམ་ས་ལའི་བརྩིག་ངོས་དག་ཏུ་སྦྱར་ཡོད་པའི་ཁྲག་གི་ནང་གི་ཕུང་བོ་དེ་དག་ལའང་ཕ་མ་རེ་ཡོད་པ་རེད། ཁོང་ཚོར་ཕྱིར་འོང་ཡོད་པ་མ་རེད། ངའི་བུ་དོན་འགྲུབ་ལ་ཕྱིར་ཡོང་ཡོད་པ་རེད།

་་་

གློག་བརྙན་བྱ་དགའ།

རྒྱ་ནག་ཧྲིན་ཀྲིན་གྱི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་འགྲན་བསྡུར་ཐེངས་གཉིས་པའི་སྟེང་། བོད་རིགས་གློག་བརྙན་འཁྲབ་སྟོན་པ་ཞི་བདེ་ཉི་མས་ཕབ་སྐྲུན་བྱས་པའི་༼ རྟ་མགྲིན་བཟང་མོ ༽ཞེས་པར་དངོས་བྲིས་གློག་བརྙན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད།

་་་

དྲ་ཚིགས་འགའ་བཙོན་གྲོལ།

ཁ་སང་ཕྱི་ཚེས་ ༡༩ ཉིན་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་པོད་ཁུག་(www.cmbod.cn) བསླར་ཡང་སྒོ་ཕྱེས་ཐུབ་པ་བྱུང་ཡོད་ལ། དེ་དང་མཉམ་དུ་གངས་གཞོན་གླེང་སྟེགས་(www.tibet123.com) ཀྱང་སྒོ་ཕྱེ་ཡོད།

་་་

བོད་རྒྱ་ཞི་མོལ་ལས་དོན་ཚོཊ་འདུ།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་སྐབས་ཉི་ཤུ་པ་དེ་བཞུགས་སྒར་ངྷ་རམ་ས་ལར་སྐོང་ཚོགས་གནང་བཞིན་ཡོད།

་་་

རྒྱ་ནག་གི་ལྷ་ས་དང་དེར་ཡོད་པའི་བོད་པ།

ལྷ་སའི་རྒྱ་མི་ཚོས་ཁ་སང་དེ་རིང་གི་ལྷ་ས་ནི་རྒྱ་ནག་གི་ལྷ་ས་རེད། ལྷ་སར་སྡོད་མཁན་ཚང་མས་རྒྱ་སྐད་ཤེས་དགོས་པ་རེད་ཟེར་ནས་བོད་པ་ཚོར་ཚུར་བཀའ་བཀྱོན་གཏོང་གི་འདུག་ཟེར།

་་་

པཎ་ཆེན་རྗེས་དྲན།

ཁ་སང་ཕྱི་ཚེས་ ༡༨ ཉིན་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་གོ་སྒྲིག་འོག གནའ་མཁར་ཟི་ལིང་ནས་པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཏེ། ལོ་འཁོར་ ༢༠ ལོན་པའི་རྗེས་དྲན་ཚོགས་འདུ་བསྡུས།

་་་