གནས་ཚུལ་གང་མྱུར་འགྲེམས་སྤེལ་ཡོང་བའི་གཞེན་བསྐུལ་ཞུ་རྒྱུ།

དགེ་འདུན་པའི་ཚུལ་མིན་གྱི་གནས་ཚུལ་འགོད་སྐབས་གསར་འགྱུར་མ་འགོད་གོང་གནས་ཚུལ་ རྣམས་ལེགས་པར་བརྟག་ཞིབ་ནན་པོའི་ཐོག་གནས་ཚུལ་རྣམས་ར་འཕྲོད་གསལ་བོ་བྱུང་རྗེས་ གསར་འགོད་ཞུ་རྒྱུ་ལས།   དེ་མིན་ཁྱིམ་པ་སུན་འབྱིན་གྱི་ལས་སུ་འགྲོ་ངེས་ལ་སོང༌། ཐུགས་གཟབ་གནང་སྐྱོང་ཡོང་བ་ཞུ།

་་་

མིང་དོན་མཚུངས་པའི་མང་གཙོའི་ཀ་བ་ཞིག་བྱ་རྒྱུ་གལ་ཆེ།

ལུང་ཚན་འཐེན་འཁྱེར།  ཆོས་ལུགས་རིས་གཅོད་ཀྱི་ལྟ་བ་སོགས་རྒྱང་དུ་བསྐྱུར་ཏེ་བོད་བསྟན་སྲིད་ཀྱི་ཆེད་དུ་འཛམ་གླིང་སྤྱི་དང་བྱེ་བྲག་རང་རེའི་བོད་ཀྱི་བདེ་སྡུག་གནས་སྟངས་སོགས་དུས་ ནས་དུས་སུ་མགྱོགས་མྱུར་འགྲེམས་སྤེལ་གནང་རོགས།

་་་

ཡར་རྒྱས་ཀྱི་རྩེ་མོར་སོན་པའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད།

བོད་ཀྱི་གསར་འགོད་པ་ཡིན་པས་ཤོར་མའི་གསར་འགོད་པ་ཡིན་པ་ནས་གཡོལ་ཐབས་མེད།  དེས་ན་གསར་འགོད་སྤྱིའི་རང་དབང་དང་ལས་འགན་ལས་གཞན་དབང་ལུང་པའི་གསར་འགོད་པ་ལ་ མེད་པའི་གཞུང་དང་མང་ཚོགས།  མང་ཚོགས་དང་མང་ཚོགས་བཅས་པར་འཁུར་ཞིང་སྒྲུབ་དགོས་པ་ལྕི་མོ་ཞིག་ཀྱང་ཡོད་པ་ དུས་ནམ་ཡང་བརྗེད་མི་ཉན་པའི་གསལ་འདེབས་ཞུ་གིན་ཡོད།

་་་

རྙོག་སེལ་ནོར་བུ་དྭངས་ཤོས་ཤིག་རེད།

ད་ལྟའི་དུས་རབས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་འདིའི་ཁྲོད་ཀུན་སློང་དང་བྱེད་ ཐབས་བཟང་པོས་ཟིན་པའི་གསར་འགྱུར་བརྒྱུད་ལམ་ཁག་ནི་མེད་དུ་མི་རུང་བའི་སྤྱི་ ཚོགས་ཡར་རྒྱས་ཀྱི་ཆ་རྐྱེན་ཞིག་ཡིན།

་་་

རྡ་སའི་བོད་ཀྱི་དུས་བབ་ལྷ་སའི་བོད་ཀྱི་དུས་བབ་ཆགས་པའི་སྨོན་འདུན་ཞུ།

ཕྲན་གྱི་རྣ་བ་ཞིག་འོན་པ་ཡིན་ཡང་བོད་ཀྱི་དུས་བབ་ལ་བརྟེན་ནས་རྣ་བ་ཐང་ཐང་ཅན་ཚོ་ནང་བཞིན་གནས་ཚུལ་མང་པོ་ཤེས་ཀྱི་ཡོད།

་་་

འདི་ལྟར་སྒྲོག་སྲིད།

དབུས་ཕྲུག་ཚེ་རིང་།

ནོར་གླིང་དུ་ལམ་རིམ་ཆེན་མོ་དང་། ཤེས་རབ་དགའ་ཚལ་སློབ་གླིང་དུ་སྲིད་དོན་རྒྱལ་རབས། སཱ་ར་བོད་ཀྱི་མཐོ་སློབ་ཏུ་སྙན་ངག་མེ་ལོང་མ་མེར་སྲེག་གཏོང་དགོས་ཞེས་པའི་ཅོལ་ གཏམ་དེ་དང་དེ་འདྲ་བ་ཉེ་སྔོན་བོད་ནང་ཁུལ་དུ་ཤེས་ཡོན་ཅན་རེ་གཉིས་ཀྱི་བསྒྲགས་ ཡོད་ཚོད་འདུག

་་་

བུད་མེད་ཀྱི་འགན་འཁྲི།

ཨ་རིག་འགྱུར་མེད།

ནམ་རྒྱུན་ཚགས་ཤོག་དང་དུས་དེབ་མང་བོར་ལྟ་ཀློག་བྱེད་རྒྱུ་ནི་ངའི་དགའ་ཕྱོགས་ཡིན་ལ། དེ་དག་ལས་རྩོམ་ཡིག་གང་ལེགས་དང་། དེའི་རྩོམ་པ་པོ་སུ་ཡིན་འཚོལ་རྒྱུ་ནི་ང་དང་ང་ལྟ་བུའི་ཀློག་པ་པོ་སྤྱིའི་དགའ་ཕྱོགས་ཡིན། ང་ཚོར་རྒྱུས་མངའ་ཡོད་པ་བཞིན་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་ཡིག་ཚགས་ཤོག་མང་བོ་ཞིག་སྐྱེས་པ་ཚོས་བཙན་བཟུང་བྱས་པ་ལས་བུད་མེད་རྩོམ་པ་པོའི་མིང་འཁོད་པའི་རྩོམ་ཡིག་ཤིན་ཏུ་དཀོན་ཅིང་། རེ་ཟུང་ཡོད་མོད་དེ་དག་ཀྱང་སྐྱེས་པ་་་

དམངས་གཙོ་དོན་གཉེར་གྱི་གཟི་བརྗིད་ཉིན་མོ།

སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

མཛའ་ཞིང་བརྩེ་བའི་སྤུན་ཟླ་མི་རིགས་རྣམ་པ། དེ་རིང་གི་ཉིན་མོ་འདི་ནི་དམངས་གཙོ་དོན་གཉེར་གྱི་ཀྲུང་གོའི་གཞོན་སྐྱེས་ཧ་ཅང་ མངས་པོ་ཞིག་ལ་ཏང་ཀྲུང་དབྱང་གིས་དྲག་པོའི་དམག་དཔུང་གིས་བཙན་གནོན་བྱས་ཏེ། དམངས་གཙོའི་མི་སྣ་མངས་པོ་ཞིག་གི་ཚེ་སྲོག་ཤོར་བའི་ཉིན་མོ་ཞིག་ཡིན་པས། ང་ཚོས་ཚེ་འདས་གཞོན་སྐྱེས་དེ་དག་གི་ཚེ་སྲོག་བློས་བཏང་གི་དམངས་གཙོའི་དགོས་ འདུན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་བའི་ཐོག་དྲངས་ཏེ། ཀྲུང་གོའི་དམངས་གཙོ་ཞེས་་་