༧གོང་ས་མཆོག

༢༠༡༣/༠༦/༠༦   རིག་པ།(༡)

ཟླ་འདིའི་ཕྱི་ཚེས་ ༩  ནས་ ༢༣ བར་༸གོང་ས་མཆོག་གིས་ནེའུ་ཛི་ལན་ཌི་དང་ཨོ་སི་ཊི་ལི་ཡ་བཅས་རྒྱལ་ཁག་གཉིས་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག

༢༠༡༣/༠༥/༢༣   རིག་པ།(༢)

༸གོང་ས་མཆོག་གི་ཨ་རིའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཏེ། དེ་རིང་སྔ་དྲོ་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད་ཡོད།

༢༠༡༣/༠༥/༠༦   རིག་པ།(༠)

ཟླ་འདིའི་ཕྱི་ཚེས་ ༧ ནས་ ༢༡ བར་༸གོང་ས་མཆོག་གིས་ཨ་རིའི་མཱར་རུ་ལན་ཌི་དང་མེ་ཊེ་སེན་བཅས་མངའ་སྡེ་དང་གྲོང་ཁྱེར་ཁག་ལྔ་ལྷག་གི་ནང་ཆོས་ཕྱོཊ་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག 

༢༠༡༣/༠༤/༢༤   རིག་པ།(༣)

༸གོང་ས་མཆོག་གིས་འབར་མའི་ནང་པ་ཚོས་ཡུལ་དེའི་ཁ་ཆེའི་གྲངས་ཉུང་མི་རིཊ་ཐོག་དྲག་སྤྱོད་བྱས་པར་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་འདུག

༢༠༡༣/༠༤/༡༧   རིག་པ།(༢)

ཁ་སང་༧གོང་ས་མཆོག་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་མཱ་ཡ་གྷི་ར་ཧྥི་མཆོག་གིས་གདན་ཞུ་ལྟར་སུད་སི་གྲོས་ཚོགས་ནང་ཆིབས་བསྒྱུར་བསྐྱངས་ཡོད།

༢༠༡༣/༠༤/༡༦   རིག་པ།(༠)

༸གོང་ས་མཆོག་གིས་སུད་སི་གྲོཊ་ཚོཊ་ཚོཊ་གཙོར་མཇལ་འཕྲད་དང་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་དང་བཀའ་སློབ་བསྩལ་ཡོད་པ་མ་ཟད། གསར་འགོད་པའི་བོད་མིའི་རང་སྲེག་དྲི་བར་བསྐྱར་དུ་ལན་འདེབས་གནང་འདུག

༢༠༡༣/༠༤/༠༨   རིག་པ།(༡)

ཕྱི་ཚེས་ ༡༡ ནས་ ༢༩ ཉིན་བར་དུས་ཡུན་ཟླ་བདུན་ཕྲག་གསུམ་རིང་། ༸གོང་ས་མཆོག་གིས་ཨི་ཊ་ལི་དང་སུད་སི། དབྱིན་ཇི་བཅས་སུ་མང་ཚོཊ་ལ་ཆོས་འབྲེལ་དང་བཀའ་སློབ། མཁས་པའི་བགྲོ་གླེང་ཐོག་ལྷན་ཞུཊ་གནང་རྒྱུ་རེད།

༢༠༡༣/༠༤/༠༨   རིག་པ།(༡༨)

ཉེ་ལམ་གྲོས་ཚོགས་ནང་སྤྱི་འཐུས་ཤིག་གིས་སྒེར་གྱི་གསལ་བཤད་དང་སྦྲགས་༧གོང་ས་མཆོག་གི་བཀའ་རྩོམ་ཁ་ཤས་ལུང་འདྲེན་གྱིས་ཁོང་གི་ཐུགས་དགོངས་ངོ་མ་དེ་རང་བཙན་ཡིན་སྐོར་བརྗོད་པའི་ཐད་དགའ་ལྡན་ཕོ་བྲང་གིས་གསལ་བཤད་གནང་འདུག

༢༠༡༣/༠༣/༣༠   རིག་པ།(༢)

༸གོང་ས་མཆོག་གིས་ཉིན་བཅུའི་རིང་ལྡི་ལི་དང་འབྲས་ལྗོངས། ནུབ་བྷང་གྷིལ་བཅས་སུ་ཆོས་ཕྱོཊ་མཛད་འཕྲིན་བསྐྱངས་ཏེ། ད་ནངས་གཞུང་མང་གཉིས་ཀྱིས་ཕེབས་བསུའི་འོག་ཕྱིར་བཞུཊ་སྒར་དུ་ཆིབས་བསྒྱུར་བསྐྱངས་སོང་

༢༠༡༣/༠༣/༢༡   རིག་པ།(༠)

དེ་རིང་༸གོང་ས་མཆོག་བཞུགས་སྒར་ནས་ལྡི་ལིར་ཆིབས་བསྒྱུར་གནང་སོང་ལ། གཟའ་ཉི་མའི་ཉིན་ནས་བཟུང་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག

༢༠༡༣/༠༣/༠༤   རིག་པ།(༠)

ཟླ་འདིའི་ནང་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོཊ་དང་རྒྱལ་ས་ལྡི་ལི། འབྲས་ལྗོངས་བཅས་ཀྱི་ས་གནས་མང་ཚོཊ་ལ་ཆོས་འབྲེལ་དང་བཀའ་སློབ་བསྩལ་རྒྱུ་རེད། 

༢༠༡༣/༠༢/༡༥   རིག་པ།(༠)

ད་ལོའི་ཕྱི་ཟླ་བཞི་པའི་ནང་༸གོང་ས་མཆོག་སུད་སིར་ཆིབས་བསྒྱུར་གནང་སྐབས། ཡུལ་དེའི་རྒྱལ་ཡོངས་གྲོས་ཚོཊ་ཚོཊ་གཙོ་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག

༢༠༡༣/༠༢/༠༧   རིག་པ།(༠)

ཕྱི་ཟླ་ ༣ པའི་ནང་༸གོང་ས་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་གྱིས་སྟོན་པའི་སྐུ་བརྙན་ཞིག་ལ་རབ་གནས་དང་། ཁུལ་དེར་གསར་བསྐྲུན་བྱས་པའི་ནང་པའི་སྤྱི་གླིང་ཞིག་དབུ་འབྱེད་གནང་རྒྱུ་རེད།

༢༠༡༣/༠༡/༡༨   རིག་པ།(༢)

ཉིན་འདི་འགར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ཉེར་དྲུག་པ་མགོ་འཛུགས་གནང་འདུག

༢༠༡༣/༠༡/༡༥   རིག་པ།(༠)

ཉེ་ལམ་༸གོང་ས་མཆོག་གིས་ཡི་ཤུའི་ཆོས་དཔོན་ལོ་རན་སི་མཆོག་དང་མཇལ་འཕྲད་ཀྱིས་ཆོས་ལུཊ་ཕན་ཚུན་གྱི་ལྟ་གྲུབ་བགྲོ་གླེང་དང་། རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུས་པའི་མཁས་པའི་ལྷན་ཚོགས་ཤིག་ཏུ་ཆིབས་བསྒྱུར་གནང་འདུག

ཤོག་གྲངས་: [༡] ..[རྗེས་མ།]