༸གོང་ས་མཆོག་ལ་གནོད་པ་གཏོང་འཆར་འདུག འདོན་སྤེལ། ༢༠༡༢/༠༥/༡༤
གཟའ་སྤེན་པའི་ཉིན་དབྱིན་ཇིའི་༼གཟའ་ཉི་མའི་གློག་འཕྲིན་གསར་ཤོག༽གིས་བཅར་འདྲི་བྱས་སྐབས། ༸གོང་ས་མཆོག་གིས་རྒྱ་གཞུང་གིས་རྫས་དུག་སྤྱད་དེ་ཁོང་གི་སྐུ་ལ་གནོད་པ་གཏོང་འཆར་གྱི་གནས་ཚུལ་ཡོད་པ་བསྒྲགས་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༸གོང་ས་མཆོག་དབྱིན་ཇིར་ཆིབས་བསྒྱུར་བསྐྱངས་ཏེ། ཕྱི་ཚེས་ ༡༤ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་སི་ཋི་ཕོལ་ཆོས་ཁང་ཆེན་མོའི་(St. Paul's Cathedral) ནང་ཋིམ་ཕུ་ལའེ་ཌོན་རང་དབང་གཟེངས་རྟགས་(Templeton Prize)འབུལ་བཞེས་གནང་རྒྱུ་དང་། སྐབས་དེར་མཛད་སྒོའི་ཐོག་མི་མང་ཁྲི་ཚོ་བརྒལ་བ་མཉམ་ཞུགས་གནང་རྒྱུ་ཡིན་པ་མ་ཟད། གཟེངས་རྟགས་འབུལ་བཞེས་གྲུབ་རྗེས་༸གོང་ས་མཆོག་དབྱིན་ཇིའི་གྲོང་ཁྱེར་ཁག་ཅིག་ནང་ཕེབས་ཏེ་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༢ ཉིན་དབྱིན་ཇིའི་༼གཟའ་ཉི་མའི་གློག་འཕྲིན་གསར་ཤོག༽གི་གསར་འགོད་པ་ཌེན་ནེལ་སུན་(Dean Nelson) ལགས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ནས་༸གོང་ས་མཆོག་ལ་བཅར་འདྲིའི་སྐབས། ༸གོང་ས་མཆོག་གིས་ “བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་གཞུང་གསང་མྱུལ་བས་བོད་མི་དང་ལྷག་པར་དུ་བོད་པའི་བུད་མེད་འགའ་ཤས་ལ་ཟབ་སྦྱོང་སྤྲད་དེ། ཁོ་ཚོའི་མགོའི་སྐྲ་དང་ཁ་བཏགས་སོགས་སུ་རྫས་དུག་བྱུགས་རྗེས། མཇལ་ཁར་བཅར་བཅུག་སྟེ་༸ངོས་ཀྱི་ལག་པས་རེག་པ་བརྒྱུད་ནས་རྫས་དུག་འཕོག་ཐབས་ཀྱི་བྱ་སྤྱོད་རིགས་སྤེལ་འཆར་ཡོད་པའི་གནས་ཚུལ་འདུག ཡིན་ནའང་། གནས་ཚུལ་དེ་བརྒྱ་ཆ་བརྒྱ་བདེན་པ་ཡིན་པར་ཡིད་ཆེས་བྱེད་དཀའ་མོ་རེད། ” ཅེས་གསུངས་འདུག
གཞན་ཡང་། ༸གོང་ས་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཁོང་སྐུ་འཚོ་བཞུགས་རིང་རྒྱ་ནག་པེ་ཅིན་གྱི་མཁྲེགས་འཛིན་སྲིད་ཇུས་ལ་འགྱུར་བ་ཕྱིན་ཏེ་དམངས་གཙོ་བཅོས་བསྒྱུར་ཡོང་བར་ཡིད་ཆེས་ཡོད་སྐོར་གསུངས་འདུག
གསར་འགོད་པ། ཚེ་རིང་རྒྱལ། ཤོག་ངོས་འདི་ཐེངས་ ༨༨༧༥ ལ་བཀླགས་འདུག
| རིག་པ་འདོན་པ། |
རེབ་ཐོག་མདའ ༢༠༡༢/༠༥/༡༤ ཉིན་འདོན་སྤེལ་བྱས། |
གནས་ཚུལ་ཁུངས་ལྡན་ཡིན་རུང་མིན་རུང་ང་ཚཽ་མི་རེ་ངོ་རེ་ནས་འགན་འཁུར་དགོས་བ་ཧ་ཅང་གལ་ཆེན་མོ་རེད།
མི་སྣ་མ་སྣ་ཚཽགས་ཡིན་དུས་དེ་འདྲ་ཡོང་མི་སྲིད་པ་མ་རེད་། ང་ཚོས་ག་དུས་ཡིན་ཡང་སྐུ་སྲུང་བ་དག་ལ་ལྟས་ནས་མི་སྡོད་པར་སྒེར་སོ་སོ་ནས་མགོ་བརྩམས་ནས་གོང་ས་མཆཽག་གི་སྐུ་ལ་འགན་འཁུར་དགོས།།
ལྷག་པར་དུ་གོང་ས་མཆཽག་མཇལ་ཁ་གནང་བར་མི་སུ་འདྲ་ཞིག་ཡིན་ཀྱང་རྒྱང་རིང་ནས་གོང་ས་མཆོག་གི་ཞལ་མཇལ་བ་ལས་སྐུ་མདུན་དུ་མ་སོང་གནད་དོན་ཆེན་པོ་འོངས་མི་སྲིད་པའི་དེ་འདྲ་བྱས་ན་དགེ་ཕན་ལྡན་པར་བསམ། |
གྲགས་བསོད་ ༢༠༡༢/༠༥/༡༤ ཉིན་འདོན་སྤེལ་བྱས། |
དེ་འདྲའི་བུ་མོ་སྙིང་སྟོབས་ཅན་དེ་སུ་རེད་་ གཅིག་བྱས་ན་དེས་སོང་མི་རིགས་དང་རྒྱལ་ཁབ་གཙོང་མཁན་ཆོ་ག་་ག་་གེ་མོ་རེ་གཉིས་ནང་མང་པོ་ཡོད་དེ་འདྲ་ཞིག་ཡིན་རྒྱུ་རེད། |
ཤིང་རྟ། ༢༠༡༢/༠༥/༡༤ ཉིན་འདོན་སྤེལ་བྱས། |
༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཐད་ལ་གཟབ་གཟབ་ངེས་པར་དུ་གནང་དགོས།
ངས་སྔོན་མ་ནས་འདིའི་སྐོར་གྱི་བསམ་ཚུལ་ཞིག་འབྲི་བསམ་མྱོང་། ང་ཚོ་བོད་པ་ཚོ་རང་དོན་ལ་ཐུག་དུས་
དགོན་པ་དགོན་ཆུང་དང་ཚོགས་པ་གྱི་ན་ཙམ་གྱིས་་༸གོང་ས་མཆོག་ཡར་གདན་འདྲེན་དང་མར་གདན་ཞུས་ ཀྱིས་སྐུ་ ཕྱྭ་དང་སྐུ་ངལ་གྱི་ཐད་ལ་བསམ་གཞིགས་གང་ཡང་མི་བྱེད་པ་་་སོ་སོའི་མིང་དང་སྙན་ གྲགས་དང་ཁ་ཕོར་གྱི་ཆེད་དུ་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་ཐོད་པའི་མིག་ ལྟ་བུ་ཁོང་ཉིད་ག་ཚད་རྩེད་མོ་རྩེད་་ཀྱི་མི་འདུག ་་་སོ་སོའི་སྒེར་དོན་གྱི་ན་ཙམ་གྱི་ཆེད་དུ་ལམ་འཕྲང་ དོགས་ཤིང་ཀྱག་ཀྱོག་དང་གཡང་ས་ཆེ་བའི་ འཕྲང་ལམ་དུ་ ཕེབས་བཞུད་བཅུག་སྟེ་དགོན་ཆུང་འབུ་ཚང་འདྲ་བ་ཞིག་གི་ནང་དུ་གདན་འདྲེན་བྱེད་ཕོད་ས་རེད་ དམ་་་་་དངོས་གནས་ཡིན་་་ད་ནས་བཟུང་བསམ་མནོ་ཞིག་ཐོངས་དང་་་་་་་་་་་་་་་་་་་་་་་་་་་་་་་།
|
ནད་པ ༢༠༡༢/༠༥/༡༤ ཉིན་འདོན་སྤེལ་བྱས། |
༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ག་དུས་ཡིན་ཀྱང་བཀའ་སློབ་མ་གནང་གོང་དུ་བརྟག་དཔྱད་གནང་སྟེ་བཀའ་སློབ་ཟམ་མོ་བསྩལ་བཞོན་ཡོད་སྟབས། ད་རེས་གོང་ས་མཆོག་གིས་བཀའ་སློབ་འདི་འདྲ་ཞིག་གནང་བ་དེར་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་རེད།
དེ་འདྲ་སོང་ཙང་སྐྱབས་མགོན་རིན་པོ་ཆེ་མཆོག་རྒྱ་གར་དང་། ཕྱི་རྒྱལ་ཡུལ་གྲུ་སོགས་གང་དུ་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་ནའང་ངེས་པར་སྐུའི་བསྲུང་བྱའི་ཐོག་དོ་སྣང་དང་ཡིད་གཟབ་ནན་མོ་བྱེད་དགོས།
ལྷག་པར་དུ་འཇལ་འཕྲད་གནང་བ་དང་། མི་དམངས་ཀྱི་ཚང་ཀ་སོགས་བརྒྱབ་བཞིན་སྐབས་སྐུ་སྲུང་ཚོས་ཡིད་འཇགས་བྱེད་དགོས།
༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ཚེ་རབས་འདི་ཕྱི་གཉིས་སྐྱབས་གནས་བསླུ་བ་མེད་པའི་དམ་པ་ཉག་གཅིག་ཡིན་ལ། མ་ཟད་དེང་རབས་འཛམ་གླིང་ཆོས་ལུགས་ཡོངས་ཀྱི་རྩ་ཆེའི་དད་གུས་བྱེད་སའི་རླབས་ཆེན་ཞིག་དང་། སྒོས་སུ་འཛམ་གླིང་འགྲོ་བ་མིའི་རིགས་ཡོངས་ཆེས་དད་མོས་དང་། ཡིད་ཆེས། གུས་བཀུར་ཞུ་སའི་སྤྱི་ནོར་ཞིག་ཀྱང་ཡིན།
མི་རེ་ངོ་རེ་ཚང་མས་༸ རྒྱལ་བའི་སྐུའི་སྲུང་སྐྱོབ་ཆེད་ཚང་མས་འགན་འཁུར་ལེན་དགོས། རྒྱ་རིགས་དང་། བོད་རིགས། སོག་རིགས། ཕྱི་རྒྱལ་མི་རིགས་སོགས་སུ་ཞིག་ཡིན་མིན་ལ་ལྟོས་པར་༸ གོང་ས་མཆོག་གི་སྐུའི་ཕྱར་གནོད་འཚེ་བཟོ་མཁན་ཞིག་ཡིན་ཆད་མཐར་བསྐྲོད་གཏོང་ཐུབ་པ་བྱེད་དགོས།
དེ་ནི་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་ཞིགདང་། འགྲོ་བ་སེམས་ཅན་ | |