འགོས་ནད་ནི་བྱིས་པ་གསོད་མཁན་རེད།འདོན་སྤེལ། ༢༠༡༠/༠༥/༡༢
བྱིས་པའི་ཤི་ཚད་སྤྱིའི་གྲངས་འབོར་གྱི་ཕྱེད་ཀ་ལས་མང་པའི་རྒྱལ་ཁབ་ཁོངས་སུ་རྒྱ་གར་དང་ནེ་ཇི་རི་ཡ། ཀོང་གོ་སྤྱི་མཐུན་རྒྱལ་ཁབ། རྒྱ་ནག་སོགས་ཚུད་ཡོད་པ་རེད།
ཕྱི་ཚེས་ ༡༢ ཉིན་བྷེ་བྷེ་སེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་གསོ་རིག་སྐོར་གྱི་གཙགས་བུ་དུས་དེབ་ཅེས་པའི་སྟེང་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། འཛམ་གླིང་བྱིས་པའི་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཁང་གཉིས་ཀྱིས་ཐུན་མོང་ཐོག་བྱིས་པའི་གནས་སྟངས་ཐད་ཞིབ་འཇུག་ཅིག་བྱས་རྗེས། འཛམ་གླིང་ཐོག་གི་བྱིས་པ་སུམ་ཆ་གཉིས་ནི་འགོས་ནད་ཀྱི་རྐྱེན་པས་དུས་མིན་རྐྱེན་ལམ་དུ་འགྲོ་བཞིན་ཡོད་ཚུལ་བརྗོད་ཡོད་འདུག ༢༠༠༨ ལོར་འཛམ་གླིང་སྟེང་གི་རང་ལོ་ ༥ མན་གྱི་བྱིས་པ་བརྒྱ་ཆ་ ༦༨ ནི་གློ་ནད་དང་དམར་བཤལ་གྱི་ནད། མ་ལི་རི་ཡའི་ན་ཚའི་རྐྱེན་པས་འདས་གྲོངས་སུ་སོང་ཡོད་ལ། ཨ་ཧྥི་ར་ཁ་ནི་བྱིས་པའི་ཤི་ཚད་མཐོ་ཤོས་ཀྱི་ཡུལ་གྲུ་དེ་ཆགས་ཡོད་པར་མ་ཟད། ༢༠༠༨ ལོར་ཡུལ་དེའི་བྱིས་པའི་ཤི་ཚད་ཁྲི་ ༤༢༠ ལས་བརྒལ་ཡོད་པ་དང་། ལྷོ་ཨེ་ཤ་ཡའི་བྱིས་པའི་ཤི་ཚད་ཁྲི་ ༢༤༠ ལྷག་ཡིན་འདུག བྱིས་པའི་ཤི་ཚད་སྤྱིའི་གྲངས་འབོར་གྱི་ཕྱེད་ཀ་ལས་མང་པའི་རྒྱལ་ཁབ་ཀྱི་ཁོངས་སུ་རྒྱ་གར་དང་ནེ་ཇི་རི་ཡ། ཀོང་གོ་སྤྱི་མཐུན་རྒྱལ་ཁབ། རྒྱ་ནག་སོགས་ཚུད་ཡོད་པ་རེད།
ཤོག་ངོས་འདི་ཐེངས་ ༣༨༡༤ ལ་བཀླགས་འདུག
| རིག་པ་འདོན་པ། |
དམུ་ཐག་དཀར་པོ། ༢༠༡༠/༡༠/༢༣ ཉིན་འདོན་སྤེལ་བྱས། |
སྨན་པ་ཚོར་ཞུ་འཕྲིན།
བཙན་བྱོལ་དུ་ཆེས་མཐོའི་སྨན་ལྷན་ཆེད་འཛུགས་བྱས་པ་ནས་བོད་ཀྱི་གསོ་རིག་བསྟན་པའི་འཕེལ་རྒྱས་ཐད་དབང་ལུང། ཟབ་སྦྱོང། བགྲོ་གླེང། སློབ་ཚན་བསྐྱར་ཞིབ། སྨན་པའི་སྤུས་ཚད། ཁྲིམས་ཐོག་དེབ་སྐྱེལ་སོགས་ལས་གཞི་གསར་བ་གང་མང་ཞིག་མགོ་འཛུགས་གནང་དང་གནང་མུས་ཡོད་པ་ནི་བསྔགས་བརྗོད་དང། སྨན་ལྷན་ཆེད་འཛུགས་བྱས་པའི་དོན་སྙིང་ཡང་རེད།
ད་ཐེངས་ཀྱི་ཚོགས་ཆེན་འདི་ལྟབུ་འཚོགས་སྐབས་བོད་ལ་སྨན་པ་མང་ཡང་འབྲི་རྩལ་ཚིག་སྦྱོར་ལེགས་པའི་སྨན་པ་ཉུང་བ། སྤྱི་ཕན་ལྷག་བསམ་ཆེ་བའི་སྨན་པ་ཉུང་བ། གཞུང་དོན་འཆད་རྩོམ་མཁས་པའི་སྨན་པ་ཉུང་བ། ལག་ལེན་མཐོང་ཆོས་མང་བའི་སྨན་པ་ཉུང་བ། བཤལ་སྐྱུག་གཏར་བསྲེག་མཁས་པའི་སྨན་པ་ཉུང་བ། མདོར་ན་རིག་པའི་གནས་བཅུ་ཕྲག་ལ་བྱང་བའི་སྨན་པ་ཤིན་ཏུ་ཉུང་བའི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་བཅས་གང་ཡིན་སྐོར་ལ་བརྟག་དཔྱད་དང་སྨན་བཅོས་ཤིག་བྱེད་རན་མི་འདུག་གམ།
ངའི་བསམ་པར་ནད་པ་ལ་བརྟག་དཔྱད་སྨན་བཅོས་མ་བྱས་པའི་གོང་དུ་སྨན་པའི་ཤེས་ཚད། འཇོན་ཐང་། ལྷག་བསམ་སོགས་ལ་བརྟག་དཔྱད་དང་སྨན་བཅོས་དགོས་ཤིང། དེའི་འགན་གཙོ་བོ་སྨན་པའི་ལྷན་ཚོགས་དང་། སྨན་པ་རྒན་གྲས། སྨན་པའི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ལ་འཁྲི་བ་རེད། སྤྱིར་ཝཎ་མཐོ་སློབ་ཀྱི་གསོ་རིག་སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་ལྟབུ་མཁས་གྲུབ་གཉིས་ལྡན་གྱི་སྨན་པ་འགའ་ཤས་ཡོད་ཀྱང། དེ་འདྲའི་ | |