གོ་ལའི་ནམ་ཟླའི་འགྱུར་ལྡོག་གི་ཆིངས་ཡིག་གསར་པ།འདོན་སྤེལ། ༢༠༠༩/༠༦/༡༥
རྒྱལ་ཁབ་ ༡༠༠ ལྷག་གི་སྐུ་ཚབ་རྣམས་ཉིན་ ༡༢ རིང་འཇར་མན་གྱི་བྷོན་དུ་འཚོགས་རྗེས་ཤོག་གྲངས་ ༢༠༠ ཅན་གྱི་ཡིག་ཆ་ཞིག་ཁྱེར་ཡོང་ཡོད་ལ། ཁོང་ཚོས་ལོ་འདིའི་ལོ་མཇུག་ལ་གོ་ལའི་ནམ་ཟླའི་འགྱུར་ལྡོག་གི་ཐོག་ཆིངས་ཡིག་གསར་པ་ཞིག་འཇོག་རྒྱུ་ཡིན་ལ། དེ་ནི་ཊོག་ཀྱོའི་ཆིངས་ཡིག་གི་ཕན་ལ་བརྒལ་རྒྱུ་ཡིན་ཚུལ་འདུག
ཕྱི་ཚེས་ ༡༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་ལས་བྱེད་ཀྱིས་བསྒྲགས་པ་ལྟར་ན། དུས་ཚོད་ནི་ཐུང་ཐུང་རེད། ཡིན་ཡང་ང་ཚོར་ད་དུང་ཡང་དུས་ཚོད་འདུག ཅེས་དང་། ཁ་ཉིན་འཇར་མན་ནས་རྒྱལ་ཁབ་བརྒྱ་ཡི་སྐུ་ཚབ་རྣམས་འཛོམས་པའི་ཚོགས་འདུ་དེ་གྲོལ་སྐབས་ཤོག་ངོས་ ༢༠༠ ཅན་གྱི་ཡིག་ཆ་ཞིག་ཁྱེར་ཡོང་འདུག་ལ། ཡིག་ཆ་ལྟར་ན། ལོ་འདིའི་ཕྱི་ཟླ་བཅུ་གཉིས་པའི་ནང་ཌན་མེག་ནས་འཚོགས་རྒྱུའི་ཚོགས་ཆེན་སྟེང་གོ་ལའི་ནམ་ཟླའི་འགྱུར་ལྡོག་ཐད་ཆིངས་ཡིག་གསར་པ་ཞིག་འཇོག་དགོས་པའི་གྲོས་ཆོད་བཞག་ཡོད་པ་རེད། ཅེས་དང་། ངའི་རེ་བ་ལ་རྒྱལ་ཁབ་འདི་དག་གྲོས་འཆམ་འབྱུང་གི་རེད་ལ། གྲོས་འཆམ་ཞིག་དགོས་གི་ཡོད་པ་རེད། ཅེས་བརྗོད།
ད་རེབ་ཀྱི་ནམ་ཟླའི་ཆིངས་ཡིག་འདི་ནི་ ༡༩༩༧ ལོར་ཊོག་ཀྱོ་ནས་ནམ་ཟླའི་འགྱུར་ལྡོག་གི་ཐད་བཞག་པའི་གྲོས་ཆོད་དེའི་ཕན་ལ་བརྒལ་རྒྱུ་ཡིན་ཚུལ་འདུག ༡༩༩༧ ལོའི་གྲོས་ཆོད་ནང་དུ། བཟོ་ལས་དར་བའི་རྒྱལ་ཁབ་དག་ནང་གི་དུད་སྙིགས་འགོག་སྡོམ་ལ་དམིགས་ནས་ཆིངས་ཡིག་བཞག་ཡོད་པ་རེད། ཡིན་ནའང་ཆིངས་ཡིག་དེ་ལག་བསྟར་ཐུབ་མེད་ལ། མཉམ་
|