འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།།

འདོན་སྤེལ། ༢༠༡༢/༠༧/༡༠

༄༅།། ལྷར་བཅས་སྲིད་ཞིའི་སྟོན་པ་བླ་ན་མེད་པ་༸གོང་ས་༸སྐྱབས་མགོན་ཆེན་པོའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།།

དུས་གསུམ་གསལ་གཟིགས་ཐམས་ཅད་མཁྱེན་པ་སྟེ།།

རིགས་གསུམ་གཅིག་འདུས་སེམས་དཔའ་ཆེན་པོ་མཆོག།།

ཁམས་གསུམ་འགྲོ་བའི་མགོན་གྱི་༸ཞབས་པད་ལ།།

སྒོ་གསུམ་གུས་པས་ཕྱག་བཅས་གསོལ་བ་འདེབས།།

 

འཛམ་གླིང་སྐྱེ་རྒུའི་སྟོན་པ་༸གོང་ས་མཆོག།།

འཛམ་གླིང་རྒྱན་མཆོག་ཕོ་བྲང་པོ་ཏ་ལར།།

འཛམ་གླིང་ཆེ་རྒུས་བཀུར་བཞིན་གདན་དྲངས་ཏེ།།

འཛམ་གླིང་ཆོས་བཞིན་སྐྱོང་བར་༸ཞབས་བརྟན་ཤོག།།

གུས་འབངས་སྣར་སྐྱིད་ངག་དབང་དོན་གྲུབ་རྒས་པོས་ཕྱག་བཅས་ཕུལ།།

 

ཤོག་ངོས་འདི་ཐེངས་ ༥༥༢ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།