ནོར་གླིང་མཐོ་སློབ་ཁང་དུ་སློབ་འཇུག་གསལ་བསྒྲགས།

འདོན་སྤེལ། ༢༠༡༣/༠༥/༠༢

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་གནས་ཆེས་མཐོའི་སློབ་གཉེར་ཁང་ནས། ཕྱི་ལོ་༢༠༡༣་ལོའི་ཟླ་བརྒྱད་པའི་ཚེས་གཉིས་ནས་སློབ་ཡུན་ལོ་གསུམ་རིང་བོད་ཀྱི་བརྡ་སྤྲོད་དང་། རྩོམ་རིག  རྒྱལ་རབས། ནང་ཆོས་དང་ཆོས་འབྱུང་། དབྱིན་ཇིའི་སྐད་ཡིག་བཅས་ཀྱི་སློབ་ཚན་གཙོ་བོ་ཁག་དང་འབྲེལ་བར་སྐབས་དྲུག་པའི་སློབ་ཕྲུག་༢༠་སློབ་འཇུག་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་ལོ་ངོ་གསུམ་གྱི་ཡིག་རྒྱུགས་ཐོག་བསླབ་པ་མཐར་སོན་པ་རྣམས་ལ་གཞུངའབྲེལ་ངོས་འཛིན་ཡོད་པའི་གཙུག་ལག་རབ་འབྱམས་པའི་(BACHELOR OF EDUCATION )ལག་འཁྱེརསྤྲོད་རྒྱུ་ཡིན་པས། མཐོ་རིམ་ཤེས་ཡོན་གྱི་གནས་ཚད་ལོན་པ་དང་ཡིག་ཆའི་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་༢༠༡༣་ཟླ་༦་ཚེས་༡་ནས་ཚེས་༣༡་འགྱངས་མེད་ཞུ་སྙན་འབུལ་དགོས་པ་དང་། ཟླ་༧་པའི་ཚེས་༡༠་དང་༡༡་གཉིས་ལ་ནང་ཆོས་དང་། རྒྱལ་རབས། བརྡ་སྤྲོད། སྙན་ངག  སྐད་ཡིག་གཉིས་པ་(དབྱིན་ཡིག་དང་རྒྱ་ཡིག་གང་རུང་དོ་བདག་རང་ངོས་ནས་འདེམས་དགོས།)བཅས་ཀྱི་ཐོག་ཡིག་ཚད་གཏོང་དགོས།  

དགོས་ངེས་ཆ་རྐྱེན་རིགས།

༡། བོད་དང་རྒྱ་གར་ནང་གང་རུང་གི་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་ནང་བོད་ཡིག་ཨང་ཐོབ་ཉུང་མཐར་བརྒྱ་ཆ་ ༥༥ ལོན་དགོས།

༢། འཛིན་རིམ་བཅུ་པ་དང༌། འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་རམ་རྒྱུགས་ཞུགས་ངོ་སྤྲོད་ལག་འཁྱེར་ངོ་བཤུས།

༣།  གོང་གསལ་ས་མིག་ཁོངས་ནས་བུད་མེད་སློབ་ཕྲུག་ལ་ས་མིག་༥ དམིགས་བསལ་འཇོག་རྒྱུ།

༤། འདི་གར་སློབ་འཇུག་ཡིག་ཚད་རྒྱུགས་འབྲས་ཨང་ཐོབ་བརྒྱ་ཆ་༧༠་ཡན་ལོན་པ་ཁག་ལ་འཛིན་རིམ་༡༢་ པ་དང་། ཡང་ན་རིག་གནས་རབ་འབྱམས་པ་སོགས་ཀྱི་ལག་འཁྱེར་མེད་ཀྱང་དམིགས་བསལ་ས་མིག་ལྔ་ལས་མ་བརྒལ་བ་ལ་དགོངས་བཞེས་གནང་རྒྱུ།

༥། འཚང་རྒྱུགས་ཀྱི་སྙན་ཞུ་དུས་འགྱངས་ཕྱིན་རིགས་ལ་འདི་ནས་ངོས་ལེན་བྱེད་ཐབས་མེད།

༦། འདེམས་སྒྲུག་གནང་ཕྱོགས་ཡིག་ངག་གཉིས་ཐོག་ཀྱི་རྒྱུགས་སྤྲོད་འཕེར་རིགས་ཨང་རིམ་རྩེ་བཏོག་བྱེད་རྒྱུ། ཆ་རྐྱེན་ཚང་རིགས་ལ་སྔོན་འཚུད་ནས་བརྡ་ལན་གཏོང་རྒྱུ་ཡིན།

༧། གལ་སྲིད་ཡིག་ཚད་གྲུབ་འབྲས་ཨང་ཐོབ་གཅིག་པ་ཡིན་ཚེ་འཚང་སྙན་སྔོན་དུ་འབུལ་མཁན་ལ་གོ་སྐབས་སྤྲོད་རྒྱུ།

༨། འདི་གའི་སློབ་ཁོངས་སུ་ཚུད་རྗེས་སློབ་དུས་རིང་སློབ་ཡོན་དང་། ཞལ་ལག ཉལ་ཁང་བཅས་རིན་མེད་ནར་གཏོང་ཐོག་ཟླ་རེར་གྲོན་དངུལ་སྒོར་༥༠༠་རེ་བཅས་ཀྱི་མཐུན་རྐྱེན་སྤྲོད་རྒྱུ་ཡིན།

༩།  འཚུད་རྒྱུགས་དང་འབྲེལ་བའི་འགྲོ་གྲོན་ཇི་ཡོད་རང་ཁོངས་ནས་གཏོང་དགོས།

སྤྱི་ཡོངས་དགོས་ངེས་ཡིག་ཆ་དང་ཐུགས་སྣང་དགོས་པ།

༡། གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ཡིག་ཆའི་ངོ་བཤུས།

༢། ཕྱི་ལོ་ ༢༠༡༣ ལོའི་དཔྱ་ཁྲལ་བསྡུ་འབུལ་ཞུས་པའི་ངོ་བཤུས།

༣། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།

༤། ཐོག་མའི་འཚང་རྒྱུགས་སྙན་ཞུ་དང་མཉམ་སློབ་དུས་མཐའ་འཁྱོངས་བྱ་རྒྱུའི་ཆོད་ཡིག་དང་། ཕྱེད་པར་གཉིས་རེ། དགོས་མཁོའི་ཆ་རྐྱེན་གྱི་ཡིག་ཆའི་ངོ་བཤུས་བཅས་ངེས་འབུལ་ཐུབ་དགོས།

            གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་ངོ་བཤུས་འཁྲུལ་མེད་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ནོར་གླིང་མཐོ་སློབ་ཀྱི་ཡིག་ཚང་ནས། ཕྱི་ལོ་ ༢༠༡༣ ཟླ་ ༠༥ ཚེས་ ༡་ལ།།

འབྲེལ་བ་གནང་ཡུལ།

Academy of Tibetan Culture Norbulingka Institute
P.O Sidhpur-176057  H.P  INDIA
Tel: +91-1892-246402, 246405

Mobile:8679870604, 9857042398, 8679521900
Email: [email protected]

ཤོག་ངོས་འདི་ཐེངས་ ༣༧༤༥ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།