ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་མིག་གསལ་བསྒྲགས།

འདོན་སྤེལ། ༢༠༠༩/༠༩/༢༣

 

 

ཁམས་སྐད་ལས་བྱེད་ས་མིག་གསལ་བསྒྲགས།

 

༄། ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་ཁུངས་ཨ་མའི་ནང་ཁམས་སྐད་ཀྱི་གསར་འགོད་པ་ཤེས་ལྡན་རྣམ་དཔྱོད་ཡངས་པ་ཞིག་དགོས་པའི་གསལ་བསྒྲགས།

 

ལས་ཀའི་ངོ་བོ།

  • ཉིན་རེའི་གསར་འགྱུར་དང་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ།
  • གནད་དོན་བཅར་འདྲི་དང་ལས་རིམ་བཟོ་བཀོད་ཆེད་ཉམས་ཞིབ་བྱ་རྒྱུ།
  • གསར་འགྱུར་ཟིན་བྲིས་དང་ཕབ་བསྒྱུར་བྱ་རྒྱུ།
  • གསར་འགྱུར་སྙན་སྒྲོན་དང་ལས་རིམ་གཙོ་སྐྱོང་བྱ་རྒྱུ།
  • ལས་རིམ་གསར་གཏོད་ཀྱི་དགོངས་འཆར་འདོན་ཐུབ་པ།
  • གཞན་ཡང་བཀོད་མངགས་ལྟར་ལས་དོན་འགྲུབ་དགོས་རྒྱུ་བཅས་ཡིན།

 

དགོས་ངེས་ཀྱི་གནས་ཚད་ཆ་རྐྱེན།

  • ཉུང་མཐར་ཡང་ལོ་གཅིག་གི་གསར་འགྱུར་ལས་རིགས་དང་བརྒྱུད་ལམ་གང་རུང་ཐོག་ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་སྤྲོད་རྒྱུ།
  • ཁམས་སྐད་ལ་བྱང་ཆ་ཡོད་པའི་ཐོག་ཉུང་མཐར་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ་ཡང་ན་མཐོ་སློབ་ཐོན་པའི་ཤེས་ཚད་དང་མཉམ་པར་དགོས།
  • གསར་འགོད་པའི་ཆེད་ལས་ཀྱི་མཐོ་སློབ་ལག་འཁྱེར་དང་ཕྱོགས་ལྷུང་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་ཐུབ་རིགས་ལ་དམིགས་བསལ་སྤྲོད་རྒྱུ།
  • དབྱིན་ཡིག་དང་རྒྱ་ཡིག་གང་རུང་གི་ཤེས་ཚད་རང་རྐྱ་འཕེར་ངེས་ཡོད་པ།
  • བོད་ནང་གི་ཆབ་སྲིད་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་རྒྱུས་མངའ་ཡོད་པ།

 

གོང་ཞུས་ཆ་རྐྱེན་ཚང་ཞིང་གསར་འགོད་པའི་ལས་ཀ་བྱེད་འདོད་ཡོད་མཁན་རྣམས་ནས་གཤམ་གསལ་ཁ་བྱང་ཐོག་རང་ཉིད་ཀྱི་ལོ་རྒྱུས་དང་། སྙན་ཞུ་བཅས་ངེས་འབུལ་དགོས་པ་དགོངས་འཇགས་ཡོད་པ་ཞུ། གལ་སྲིད་ལས་བྱེད་འདེམས་སྒྲུག་བྱས་ཚེ་ཨ་རིའི་ནང་དུ་ཁྲིམས་མཐུན་གྱི་ལས་བྱེད་ཆོག་པའི་ར་འཕྲོད་དགོས་རྒྱུ་དང༌། གལ་སྲིད་ཨ་རིའི་ནང་ཁྲིམས་མཐུན་གྱི་ལས་བྱེད་ཆོག་པའི་ཡིག་ཆ་ཁ་གསལ་པོ་མེད་རིགས་ལ་རླུང་འཕྲིན་ཁང་རང་གིས་མཐའ་མའི་ཐག་གཅོད་བྱེད་དབང་ཡོད་པ་ཡིན།

 

སྙན་ཞུ་གཏོང་ཡུལ།

 

མྱུར་འཕྲིན། ༢༠༢་ ༥༣༠་ ༧༧༧༧་

གློག་འཕྲིན།  job@rfa.org

ཁ་བྱང་

 

Radio Free Asia

2025 M Street NW, Suite 300

Washington DC-20036, USA

Tel: 202 530 4900

Email:contact@rfa.org 

 

 

ཤོག་ངོས་འདི་ཐེངས་ ༤༧༦༦ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།