བཅར་འདྲི།

༢༠༡༣/༠༦/༠༦   རིག་པ།(༦)

སྐུ་ཞབས་དཔལ་འབྱོར་ཚེ་རིང་ལགས་ནི་བོད་ནང་སྐྱེས་ཏེ་རྒྱ་གར་དུ་འགྲོ་མྱོང་ཡོད་པ་དང་། རྗེས་སུ་ཕྱིར་བོད་ནང་ལོག་སྟེ་ཕྱི་རྒྱལ་བ་ཚོར་ཡུལ་སྐོར་སྣེ་ཤན་འི་ཕྱག་ལས་གནང་ཡོད་ཅིང་ཉེ་ལམ་ཨ་རིར་སློབ་སྦྱོང་དུ་ཕེབས་ཡོད་པ་དང་བསྟུན་ཏེབཅར་འདྲི་ཞུས་ཡོད།

༢༠༡༣/༠༤/༠༢   རིག་པ།(༤)

དྷ་སའི་ལམ་འགྲམ་གཡས་གཡོན་གྱི་ཁྲོམ་ས་ཁག་ལ་ནམ་རྒྱུན་དཀའ་ངལ་རིམ་པ་འཕྲད་ཀྱིན་ཡོད་སྟབས། ཁྲོམ་ས་སྐྱིད་སྡུག་གི་འཐུས་མིའི་ཚོགས་གཙོ་བློ་བཟང་ཡེ་ཤེས་ལགས་སུ། ད་ལྟའི་ཆར་ཁྲོམ་སའི་དཀའ་ངལ་གནས་སྟངས་ག་འདྲ་ཡོད་མེད་སྐོར་ལ་བཅར་འདྲི་ཞུས་ཡོད།

༢༠༡༣/༠༢/༡༤   རིག་པ།(༠)

གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་སྤེལ་ཏེ་ལོ་ངོ་བརྒྱ་འཁོར་ལ་ཉེ་བའི་སྐབས་དང་བསྟུན་ཏེ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རིག་གཞུང་འགན་འཛིན་བློ་བཟང་ཆོས་འབྱོར་ལགས་སུ་༸གོང་ས་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་བསྐྱར་ནན་བསྒྲགས་གཏམ་སྤེལ་བའི་སྐོར་ལ་ཡིག་ཐོག་གི་བཅར་འདྲི་ཞུས།

༢༠༡༢/༡༠/༠༨   རིག་པ།(༡)

བོདཔའི་སྲོལ་རྒྱུན་ཤིང་བརྐོས་ལག་རྩལ་པ་རྒྱལ་ཐང་བློ་བཟང་བརྩོན་འགྲུས་ལགས་སུ།  ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་སྲོལ་རྒྱུན་ཤིང་བརྐོས་རིག་གནས་ཀྱི་གནས་སྟངས་དང་  ཕྱི་རྒྱལ་བའི་བོད་པའི་སྲོལ་རྒྱུན་ལག་ཤེས་ཐད་ལྟ་སྟངས་གང་འདྲ་ཡོད་མེད་ཐོག་བཅར་འདྲི་ཞུས་ཡོད།

༢༠༡༢/༡༠/༠༥   རིག་པ།(༡༢)

རངདབང་གི་རྩོམ་པ་པོ་ས་རཱ་མཐོ་སློབ་ཀྱི་དགེ་རྒན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་སུ། བོད་པའི་འཐབ་རྩོད་ཀྱི་གནས་བབ་དང་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད།

༢༠༡༢/༠༩/༢༢   རིག་པ།(༧)

ཕྱི་ཚེས་ ༢༥ ནས་ ༢༧ ཉིན་བར་ངྷ་རམ་ས་ལར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་གནང་ཕྱོགས་ཐོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་འཆར་ལ། གྲོས་གཞིའི་ནང་དོན་ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས།

༢༠༡༢/༠༩/༡༢   རིག་པ།(༢)

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འཛིན་སྐྱོང་དོ་དམ་པ་དང་དྷ་ས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོཊ་གཙོ་གེ་བ་ཚང་ངག་དབང་ཐར་པ་ལཊ་སུབཅར་འདྲི་ཞུས།

༢༠༡༢/༠༧/༠༥   རིག་པ།(༡༦)

༧གོང་ས་མཆོག་དགུང་གྲངས་ ༦༥ ཕེབས་པའི་འཁྲུངས་སྐར་དང་བསྟུན་ཏེ་གང་ཉིད་བྱིས་དུས་ཀྱི་མཛད་སྤྱོད་སྐོར་ལ་དགའ་གཡུ་སྒྲོན་ལགས་སུ་བཅར་འདྲི་ཞུས་པ།

༢༠༡༢/༠༦/༢༧   རིག་པ།(༡༣)

༧གོང་ས་མཆོག་གིས་བྷི་བྷི་སི་གསར་འགོད་པའི་དྲི་བའི་ལན་དུ་བོད་ནང་ཆབ་སྲིད་གོ་རྟོགས་ཡོད་མཁན་མང་པོ་ཞིག་གིས་ངོས་རང་མུ་མཐུད་རང་དབང་ལུང་པར་བསྡད་ན་བཟང་བའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག

༢༠༡༡/༡༡/༢༣   རིག་པ།(༡༡༡)

བོདཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོད་རང་བཙན་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་ལགས་སུ། ཉིན་འདི་འགར་བོད་ནང་གཅིག་འཕྲོར་གཅིག་བསྟུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དག་དང་འབྲེལ་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད།

༢༠༡༡/༡༠/༢༢   རིག་པ།(༦)

ཟླ་འདིའི་ཕྱི་ཚེས་ ༡༨ ནས་ ༢༡ ཉིན་བར་རྒྱལ་ས་ལྡི་ལིར་བཀའ་སྤྱི་ཐུན་མོང་གི་སྣེ་ཁྲིད་འོག་རྒྱ་བལ་འབྲུག་གསུམ་གྱི་མི་མང་ ༣༥༠༠ ལྷག་གི་འདུ་འཛོམས་ཀྱིས་ཞི་བའི་གོམ་བགྲོད་དང་ཟས་བཅད་སྨྱུང་གནས། བསྔོ་སྨོན་མཆོད་འབུལམར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་བའི་གསར་ལམ་འབྲེལ་མཐུད་རྣམ་པར་བཅར་འདྲི་ཞུས་ཡོད།

༢༠༡༡/༠༧/༢༢   རིག་པ།(༡༩)

སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་ཏེ། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང་བཙན་བྱོལ་བོད་གཞུང་མཚན་སྒྱུར་གནང་བ་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད།

༢༠༡༡/༠༧/༡༠   རིག་པ།(༣)

བཙནབྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་རིགས་ཡོངས་རྫོགས་བསྐྱར་བཅོས་གནང་སྟེ། བཀའ་ཤག་སྐབས་བཅུ་བཞི་བ་དང་སྤྱི་འཐུས་སྐབས་བཅོ་ལྔ་བའི་ལས་དོན་མགོ་འཛུགས་བྱ་ལ་ཉེ་བའི་སྐབས་དང་བསྟུན་ཏེ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་བཅར་འདྲི་ཞུས་ཡོད།

༢༠༡༡/༠༧/༠༥   རིག་པ།(༢)

ངོས་ཀྱི་སྤྲུལ་སྐུའི་གནད་དོན་ཐད་ཀྱི་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་དེ། ངོས་རང་ལ་ཡོད་པ་ལས་གཞན་སུའང་ཡོད་པ་མ་རེད། རྒྱ་ནག་གུང་བྲན་དམར་ཤོག་དེ་བས་ཀྱང་ཡོད་པ་མ་རེད།

༢༠༡༡/༠༥/༢༠   རིག་པ།(༡༡)

གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་ཁོང་གི་སྐུ་དབང་ཡོད་ཚད་མི་མང་གིས་བདམས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་དག་ལ་བགོ་བཤའ་རྒྱག་དགོས་པའི་གསུང་འཕྲིན་བསྩལ་བ་ལྟར། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་བཏོན་པའི་སྙན་ཐོ་དེ་འགྲེམས་སྤེལ་བྱས་རྗེས། མི་མང་ནང་གླེང་སློང་དང་དོགས་པ་སྣ་ཚོགས་ཤིག་ཡོང་གི་ཡོད་པའི་གནད་དོན་ཁག་ཅིག་གི་ཐད། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་བྱས་ཡོད།

ཤོག་གྲངས་: [༡] [རྗེས་མ།]