བཙན་བྱོལ།

༢༠༡༣/༠༢/༠༤   རིག་པ།(༣)

བཀའ་སྤྱི་གཉིས་ཀྱི་ཉིན་བཞིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་མཇུག་བསྒྲིལ་ཏེ། ཁ་སང་སྔ་དྲོ་ལྡི་ལིར་སྤྱི་འཐུས་ཚོཊ་གཙོ་བགྲེས་གཞོན་གཙོས་སྤྱི་འཐུས་ ༣༤ ཙམ་གྱིས་ལས་འགུལ་བསྐྱར་ཞིབ་ཚོཊ་འདུ་ཞིག་བསྐངས་འདུག

༢༠༡༣/༠༢/༠༣   རིག་པ།(༥)

ཉིན་འདི་འགར་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག བོད་ནང་གི་བོད་མི་ཚོར་གང་བྱུང་ཁྲིམས་ཆད་གཅོད་བཞིན་པའི་གནས་ཚུལ་དེ། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་པ་མ་ཟད། ཐ་ན་རྒྱ་ནག་རང་གི་ཁྲིམས་ལ་ཡང་རྒྱབ་འགལ་ཆགས་ཡོད་སྟབས། གསར་འགོད་པ་ཚོས་གནས་ཚུལ་དེ་རྒྱལ་སྤྱིའི་ཐོག་ལ་བསྒྲགས་རོགས་ཟེར།

༢༠༡༣/༠༢/༠༡   རིག་པ།(༥)

དེ་རིང་ལྡི་ལི་གསར་པའི་ཇར་ཊིར་མན་ཊིར་དུ་དགའ་ལྡན་ཁྲི་མཆོག་དབུ་བཞུགས་ཐོག་བོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྨོན་ལམ་དང་ཟས་བཅད་ལས་འགུལ་སྤེལ་ཡོད།

༢༠༡༣/༠༢/༠༡   རིག་པ།(༡)

དེ་རིང་ལྡི་ལིའི་ཇན་ཊིར་མན་ཊིརདུ་མི་མང་དྲུག་སྟོང་ལྷག་འདུ་འཛོམས་ཐོག་དཀའ་ལྡན་ཁྲི་པ་མཆོག་གིས་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེགས་གནང་བ་དེ་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་པ་དང་ཁོང་གིས་གནས་ཚུལ་དེར་ཐུགས་འཚབ་དང་གདུང་སེམས་མཉམ་སྐྱེད་གནང་གི་ཡོད་སྐོར་སོགས་གསུངས་སོང་

༢༠༡༣/༠༢/༠༡   རིག་པ།(༠)

ཨ་རིའི་ཁུ་ཎ་ཊི་ཁ་ཊི་མངའ་སྡེའི་གྲོས་ཚོཊ་འཐུས་མིའགསབོད་དོན་གྲོས་གཞི་ཨང་ ༦༠༩ གཏན་འབེབས་ཐུབ་ཆེད། མངའ་སྡེ་ཁག་གི་གྲོས་ཚོཊ་འཐུས་མིརེ་སྐུལ་ཞུས་འདུག

༢༠༡༣/༠༢/༠༡   རིག་པ།(༣)

ཁ་སང་ཉིན་རྒྱབ་རྒྱལ་ས་ལྡི་ལིའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཞེས་པའི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་རྒྱ་གར་གྱི་གནད་ཡོད་མི་སྣ་བརྒྱ་ལྷག་ལྷན་བཞུགས་ཀྱིས་བོད་དོན་གཏམ་བཤད་བགྲོ་གླེང་ཞིག་ཚོགས་ཡོད་འདུག

༢༠༡༣/༠༡/༣༡   རིག་པ།(༡)

དེ་རིང་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ཉིན་གཉིས་པར་བདག་ཉིད་ཆེན་པོ་གྷན་ངྷིའི་བང་སོའི་མདུན་དུ་འཛམ་གླིང་ཆོས་ལུགས་ཁག་གི་བླ་ཆེན་ཚོས་བོད་པའི་འཐབ་རྩོད་ཁྲོད་ཀྱི་འདས་གསོན་ཡོངས་ལ་སྨོན་ལམ་གསུང་འདོན་དང་ སྲིད་སྐྱོང་མཆོག་དང་སྤྱི་འཐུས་གཙོ་གཞོན་གྱིས་སྣེ་འཁྲིད་དེ་ཞི་བའི་གོམ་བགྲོད་གནང་སོང་

༢༠༡༣/༠༡/༣༡   རིག་པ།(༢)

བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོ་མུ་མཐུད་སྤེལ་བཞིན་པའི་པར་རིས་གསར་འགྱུར།

༢༠༡༣/༠༡/༣༡   རིག་པ།(༡)

རྒྱ་གར་བྱང་ཤར་བྷ་རོ་ཊ་བོད་རིགས་སློབ་ཕྲུག་དང་ས་གནས་སི་ཚོང་བ་ཚོར་དབུ་མའི་ལམ་དང་འབྲེལ་ཏེ་བོད་དོན་འཐབ་རྩོད་གནས་བབ་སྐོར་ལ་གཏམ་བཤད་གནང་ཡོད་འདུག

༢༠༡༣/༠༡/༣༠   རིག་པ།(༢)

དེ་རིང་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ཉིན་དང་པོར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གི་གནད་ཡོད་སྣ་ཆེད་ཕེབས་ཀྱིས། མ་འོངས་པར་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་གཏམ་བཤད་གནང་སོང་

༢༠༡༣/༠༡/༣༠   རིག་པ།(༢)


 

༢༠༡༣/༠༡/༢༩   རིག་པ།(༤)

དེ་རིང་གཟའ་མིག་དམར་ཉིན་གྱི་ཕྱི་དྲོ་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་བསྐངས་ཏེ། ལས་འགུལ་དང་འབྲེལ་བའི་གསལ་བསྒྲགས་དང་དྲི་བར་ལན་འདེབས་བཅས་གནང་སོང་

༢༠༡༣/༠༡/༢༥   རིག་པ།(༠)

ཉེ་ལམ་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་བོད་རིཊ་གཞོན་སྐྱེས་ ༣༠ བརྒལ་བར་བོད་ཀྱི་ཆོས་དང་རིག་གཞུང སྐོར་ཟབ་སྦྱོང་ཚོཊ་འདུག

༢༠༡༣/༠༡/༢༡   རིག་པ།(༠)

ཉེ་ལམ་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་སེར་སྐྱ་སྟོང་ཕྲག་ལྷག་འདུ་འཛོམས་ཐོག བོད་ནང་རང་སྲེག་གཏོང་མཁན་རྣམས་ཀྱི་ཆེད་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་གསུངས་འདུག

༢༠༡༣/༠༡/༡༧   རིག་པ།(༠)

སུད་སི་གནས་སྡོད་བོད་རིཊ་ཁྱིམ་ཚང་གཉིས་ཀྱིས་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཆེད་རྒྱལ་ཚོགས་མདུན་ཐང་དུ་ལོ་གཅིག་རིང་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་གྱི་ཡོད་འདུག

ཤོག་གྲངས་: [སྔོན་མ།] .. [༦] ..༡༠༥[རྗེས་མ།]