རྒྱ་ནག་གིས་ཨོ་བྷ་མ་དང་ཏཱ་ལའི་བླ་མས་མཉམ་ཞོག་ཟེར།

འདོན་སྤེལ། ༢༠༡༠/༠༢/༠༢

རྒྱ་ནག་གཞུང་གིས་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་དང་། ཏཱ་ལའི་བླ་མ་ནི་རྙོག་དྲ་སློང་མཁན་ཞིག་རེད་ཟེར། བཙན་བྱོལ་བོད་གཞུང་གིས་ཨ་རིའི་གཞུང་གིས་བོད་རྒྱ་འདུམ་འགྲིག་གི་ཐད་ནུས་པ་འདོན་གྱི་ཡོད་སྟབས་མཇལ་འཕྲད་དེ་ལ་ནོར་འཁྲུལ་ཅི་ཡང་མི་འདུག་ཟེར།

ཕྱི་ཚེས་ ༢ ཉིན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་བཤད་དོན། གལ་སྲིད་སྲིད་འཛིན་ཨོ་བྷ་མས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་ཡིན་ན་ཨ་རི་དང་རྒྱ་ནག་གཉིས་ཀྱི་སྲིད་དོན་གྱི་འབྲེལ་བར་གཏོར་སྐྱོན་ཆེན་པོ་འབྱུང་གི་རེད། ཁོང་གཉིས་མཇལ་འཕྲད་གནང་བ་ཡིན་ན་ང་ཚོའི་ཕྱོགས་ནས་དེ་ལ་དཔག་པའི་ཐག་གཅོད་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་གཞན་པ་རྣམས་ལའང་ཁོང་ཚོའི་ནོར་འཁྲུལ་མཐོང་འཇུག་གི་ཡིན་ཅེས་བཤད་ཡོད་པ་རེད།

འདིའི་ཐད་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་དོན། ང་ཚོའི་ལྟ་ཚུལ་ཡིན་ན། ཨ་རིའི་གཞུང་གི་བྱེད་ལས་གཙོ་བོ་ནི་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་ཚོའི་བར་དུ་དྲང་བདེན་དང་ལྷག་བསམ་ལྡན་པའི་གྲོས་མོལ་ཞིག་ཡོང་འཇུག་རྒྱུ་དེ་རེད། དེར་བརྟེན་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ལ་ནོར་འཁྲུལ་ཡོད་པ་ཞིག་མཐོང་གི་མེད་ཅེས་དང་། ཨ་རིའི་གཞུང་གིས་ད་བར་དུ་༧གོང་ས་མཆོག་གི་དགོངས་གཞི་སྟེ། བོད་ཀྱི་གནད་དོན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་སེལ་རྒྱུར་རྒྱབ་སྐྱོར་གནང་གི་ཡོད་སྟབས། སྲིད་འཛིན་མཆོག་དང་༧གོང་ས་མཆོག་གི་མཇལ་འཕྲད་དེས་ཨ་རི་དང་རྒྱ་ནག་གི་སྲིད་དོན་གྱི་འབྲེལ་བར་གནོད་སྐྱོན་གཏོང་བ་ཞིག་མཐོང་གི་མེད་ཅེས་གསུངས་ཡོད་པ་རེད།

གཞན་ཡང་ཀྲུའུ་ཝེ་ཆོན་གྱིས་ཕྱི་ཚེས་ ༢ ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས་སུ་ཐེངས་འདིའི་སྐུ་ཚབ་རྣམས་དང་པེ་ཅིན་གྱི་འབྲེལ་མོལ་གྱི་གནས་སྟངས་སྐོར་ལ་བརྗོད་དོན། བོད་རྒྱའི་སྐུ་ཚབ་རྣམས་ཀྱི་གྲོས་མོལ་སྐབས་ཕྱོགས་གཉིས་ཀྱི་ལངས་ཕྱོགས་ཐོག་ལྟ་ཚུལ་མི་མཐུན་པོ་ཆེན་པོ་འདུག་ཅེས་དང་། ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་ཕྱོགས་ནས་སླར་ཡང་ཚད་མཐོའི་རང་སྐྱོང་གི་སྐོར་གླེང་གི་འདུག ཡིན་ཡང་། བོད་ཐོག་གི་རྒྱ་ནག་གི་བདག་དབང་ཐད་ནས་ང་ཚོའི་ལངས་ཕྱོགས་ལ་འགྱུར་བ་ཕྲན་བུ་ཙམ་ཡང་མེད་ཟེར་ལ། ཁོས་ཏཱ་ལའི་བླ་མ་ནི་རྙོག་དྲ་སློང་མཁན་ཞིག་ཡིན་པར་བཤད་པ་དང་སྦྲགས། ཁོང་གིས་འབྲེལ་མོལ་གྱི་ཕྱོགས་ནས་གྲུབ་འབྲས་ཤིག་འཐོན་རྒྱུར་རེ་བ་རྒྱག་གི་ཡོད་ཚེ། ཐོག་མར་རང་ཉིད་ཀྱིས་བཤད་བཞིན་པ་དང་སྒྲུབ་བཞིན་པ་གཉིས་ལ་ཞིབ་འཇུག་ཆ་ཚང་ཞིག་བྱས་ཤིང་། རང་གི་སྲིད་དོན་གྱི་ལངས་ཕྱོགས་ལ་དོན་དངོས་ཀྱི་ཡོ་བསྲང་བྱ་དགོས་པ་རེད་ཅེས་བཤད་འདུག

ཀྲུའུ་ཝེ་ཆོན་གྱིས་ཉིན་འདིར་ཕྱི་སྡོད་བོད་རིགས་ཚོར་ཉེན་བརྡ་བཏང་དོན། ཏཱ་ལའི་བླ་མ་ཡོད་མེད་གང་ལྟར་ཀྱང་། བོད་ཀྱིས་རང་གི་ལམ་ཁ་འདི་རྒྱུན་འཛིན་བྱེད་གི་རེད། ཏཱ་ལའི་བླ་མའི་སྐུ་ཚབ་ཚོས་ཏཱ་ལའི་བླ་མ་ནི་བོད་མི་རིགས་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་ཡིན་ཅེས་ཨུ་ཚུགས་བརྒྱབས་པ་དང་ཀྲུང་དབྱང་མཉམ་དུ་བོད་ཀྱི་གནད་དོན་བཤད་ཀྱི་ཡིན་ཟེར་གི་འདུག ཏང་གིས་དབུ་ཁྲིད་པའི་ཀྲུང་གོ་དང་བོད་རང་སྐྱོང་ལྗོངས་ནི་བོད་མི་རིགས་ཀྱི་སྐུ་ཚབ་དངོས་ཡིན། དེར་བརྟེན་ཏཱ་ལའི་བླ་མའི་སྒེར་གྱི་སྐུ་ཚབ་དག་ལ་ང་ཚོའི་མཉམ་དུ་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་སྐོར་ལ་གྲོས་མོལ་བྱེད་པའུ་དབང་ཚད་ཡོད་པ་མ་རེད། ཁོང་ཚོ་ཏཱ་ལའི་བླ་མ་སྒེར་གྱི་སྐུ་ཚབ་ཡིན་སྟབས་ཁོང་ཚོས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་དང་ཁོང་གི་ཉེ་འཁྲིས་ཀྱི་མི་དེ་དག་གི་གནས་སྟངས་བཤད་ཆོག་གི་རེད།

ང་ཚོའི་རེ་བ་ལ། ཏཱ་ལའི་བླ་མས་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་ཁོང་རང་གི་ལས་དོན་རྣམས་ཐག་གཅོད་པ་དང་ཕྱི་རྒྱལ་ཞིག་ནས་སྐུ་མི་གྲོངས་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་དང་། ཁོང་གི་རྗེས་འཇུག་པ་ཚོས་ཀྱང་ཏཱ་ལའི་བླ་མ་མི་བཞུགས་པའི་སྐབས་སུ་གང་འདྲ་ཆགས་མིན་ཐད་ལ་ད་ལྟ་ནས་བསམ་བློ་གཟབ་ནན་ཐོངས་དགོས་པ་རེད་ཅེས་སོགས་བརྗོད་ཡོད་པ་རེད།

ཤོག་ངོས་འདི་ཐེངས་ ༢༤༨༣ ལ་བཀླགས་འདུག
རིག་པ་འདོན་པ།
གཅན་བཟོད་རྒྱམ།
༢༠༡༠/༠༢/༠༢ ཉིན་འདོན་སྤེལ་བྱས།
ཤུ་རེ་ཁོ། སྟོབས་ཤུགས་ཞིག་ཡོད་ཀྱི་ན། བོང་བུ་མི་འགྲོ་དབྱུག་པ་འགྲོ་ཟེར་བ་བཞིན་རྒྱ་དམར་འདི་ཚང་ལ་བཅའ་རྒྱུ་ཞིག་ཡོད་མོད། ད་ནི་སྟོབས་ནི་མེད། རོགས་ནི་མེད། དབང་ནི་མེད། དཔུང་ནི་མེད། ད་ཡིན་ན་མེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེད

ད་ཅི་ཡང་བྱེད་ཐུབ་རྒྱུ་མ་རེད་ཡ།
དབྱངས་བུ།
༢༠༡༠/༠༢/༠༢ ཉིན་འདོན་སྤེལ་བྱས།
བོད་ཀྱི་ཁ་དཔེར།
གཏམ་ཨ་ཕས་བཤད་རྒྱུ་ཨ་མས།།
ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས།།
ཟེར་བ་དང་གཅིག་མཚུངས་རེད་མི་འདུག་གམ།་གོང་གི་གནས་ཚུལ་གྱི་འཇུག་དེར་དེ་ལྟར་འཁོད་འདུག་པར་གཟིགས་དང་༼ང་ཚོའི་རེ་བ་ལ། ཏཱ་ལའི་བླ་མས་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་ཁོང་རང་གི་ལས་དོན་རྣམས་ཐག་གཅོད་པ་དང་ཕྱི་རྒྱལ་ཞིག་ནས་སྐུ་མི་གྲོངས་པའི་རེ་བ་བྱེད་ཀྱིན་ཡོད་༽་ཅེས་གསལ་འདུག་ཀྱང།་དོན་དུ་༸གོང་ས་མཆོག་ལ་ཕྱག་ལས་གནང་མི་འཇུག་མཁན་སུ་རེད་དམ།ཁོང་མི་ལོ་ལྔ་བཅུའི་རིང་རང་ཡུལ་དུ་ཕེབས་མི་བཅུག་པར་གཞན་ཡུལ་དུ་གྱུར་བཅུག་མཁན་སུ་རེད་དམ།

དྲ་གྲོགས་ཚོ་ཐུགས་བསམ་བཞེས་དང།་

ད་ལྟ་སྐུ་ཚབ་ཚོའི་གསར་འགོད་གསལ་བསྒྲགས་སྤེལ་གྲབས་འདུག་པས་དེ་ཙམ་ཡིན།

ཐུགས་རྗེ་ཆེ།
ཤོག་གྲངས་: [སྔོན་མ།] [༢]
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།