རྩ་བའི་བླ་མའི་ཆེད་བཟུང་བཏང་རུང་འགྱོད་པ་མེད།འདོན་སྤེལ། ༢༠༡༠/༠༧/༠༨
ཁ་སང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དཔལ་ལྡན་རྒྱལ་གྱིས་གཞས་མ་ཀུན་དགའ་སྒྲོལ་མ་ལགས་སུ། ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་གླུ་གཞས་བཏང་བའི་སྐོར་ལ་ཁ་པར་བརྒྱུད་བཅར་འདྲི་བྱས་སྐབས། ཁོ་མོས་ཐེངས་འདིར་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་གླུ་གཞས་བཏང་བར། རང་ཉིད་བཟུང་བཏང་རུང་འགྱོད་པ་མེད་པའི་སེམས་ཐག་བཅད་ཡོད་ཅེས་བརྗོད་འདུག
གཤམ་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དཔལ་ལྡན་རྒྱལ་དང་ཀུན་དགའ་སྒྲོལ་མ་གཉིས་ཀྱིས་ཁ་བརྡ་བྱས་པ་ཡིག་ཐོག་ཏུ་ཕབས་པ་ཡིན།
དཔལ་ལྡན་རྒྱལ། ཁྱེད་རང་ཀུན་དགའ་སྒྲོལ་མ་ཡིན་ནམ།
ཀུན་དགའ་སྒྲོལ་མ། ཡིན་ཡིན། བདེ་མོ།
དཔལ་ལྡན་རྒྱལ། ངའི་མིང་ལ་དཔལ་ལྡན་རྒྱལ་ཟེར་གྱིན་ཡོད།
ཀུན་དགའ་སྒྲོལ་མ། རེད་རེད། བཀྲ་ཤིས་བདེ་ལེགས།
དཔལ་ལྡན་རྒྱལ། ཀུན་དགའ་སྒྲོལ་མས་༧གོང་ས་མཆོག་གི་འཁྲུངས་སྐར་གླུ་ཞིག་བླངས་འདུག
ཀུན་དགའ་སྒྲོལ་མ། ཡོད་ཡོད།
དཔལ་ལྡན་རྒྱལ། ཨོ་རེད། གླུ་དེ་ནམ་བླངས་པ་དང་དེའི་དོན་དག་ཅིག་ཤོད་དང་།
ཀུན་དགའ་སྒྲོལ་མ། གླུ་དེ་བླངས་ནས་ཉིན་བཅུ་གྲངས་ཤིག་ཕྱིན་སོང་།
དཔལ་ལྡན་རྒྱལ། རེད་རེད། ཁྱེད་ཚོའི་གླུ་དེའི་དོན་དག་གཙོ་བོ་གང་དང་གང་བཤད་ཡོད།
ཀུན་དགའ་སྒྲོལ་མ། དེའི་དོན་དག་༧རྒྱལ་པ་རིན་པོ་ཆེ་ས་མཆོག་གི་འཁྲུངས་སྐར་ལ་ཕུལ་བའི་གླུ་ཞིག་ཡིན། གཙོ་བོ་ཁོང་ཚང་ལ་བསྟོད་པའི་གླུ་ཞིག་རེད།
དཔལ་ལྡན་རྒྱལ། སྤྱིར་༧རྒྱལ་པ་རིན་པོ་ཆེ་མཆོག་གི་སྐོར་ལ་གླུ་བླངས་པ་དང་བསྟོད་པ་བྱས་ན། བོད་ནང་གི་མི་ཚོར་དཀའ་ངལ་འཕྲད་ཀྱིན་འདུག ཁྱེད་ཚོར་དཀའ་ངལ་འཕྲད་རྒྱུར་མི་སྐྲག་གམ།
ཀུན་དགའ་སྒྲོལ་མ། མི་སྐྲག་གི ད་དྲག་གི་རེད། ལས་རྒྱུ་གང་ཡང་ཡོད་ནི་མ་རེད། གཙོ་བོ་རང་གི་རྩ་བའི་བླ་མ་༧གོང་ས་མཆོག་གི་ཆེད་དུ་འཇུ་བ་དང་དོན་དག་གང་བྱུང་ཡང་། བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། སྐྲག་གི་མི་འདུག ༼ གད་མོ་བཅས། ༽
དཔལ་ལྡན་རྒྱལ། ༧རྒྱལ་པ་རིན་པོ་ཆེ་དགུང་ལོ་ ༧༥ ཕེབས་ཟིན་པ་རེད། བོད་ནང་གི་མི་མང་པོ་ཞིག་ཁོང་ལ་འཇལ་རྒྱུའི་འདོད་པ་ཤུགས་ཆེན་པོ་རེད། ཁྱེད་ཀྱི་ངོས་ནས་ཀྱང་༧རྒྱལ་པ་རིན་པོ་ཆེར་མཇལ་ཐུབ་རྒྱུའི་རེ་ |