སྒྲོན་མེ་འཁྱེར་མི་ཆོགའདོན་སྤེལ། ༢༠༡༠/༠༧/༢༢
བལ་ཡུལ་ནས་ཧྲང་ཧེ་བར་སྐོར་སྐྱོད་བྱེད་བཞིན་པའི་ཞི་བའི་སྒྲོན་མེ་དེ་བོད་ནང་བརྒྱུད་ནས་འཁྱེར་ཆོག་གི་མེད་ཅེས་རྒྱ་གཞུང་གིས་ངོས་ལེན་བྱས་མི་འདུག
བལ་ཡུལ་དངོས་ཟོག་འགྲེམས་སྟོན་ཚོགས་པའི་གོ་སྒྲིག་འོག་ཡུལ་དེའི་ནང་ཆོས་ཀྱི་མཚོན་དོན་དུ་གྱུར་བའི་ཞི་བའི་སྒྲོན་མེ་དེ། ཉེ་ཆར་ནས་བཟུང་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ཏེ་བལ་ཡུལ་གནས་མཆོག་ལིམ་བུ་ནི་ནས་མགོ་འཛུགས་ཀྱིས་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་འཛམ་གླིང་འགྲེམས་སྟོན་ཐོག་སྐོར་བསྐྱོད་བྱ་རྒྱུར་གྲ་སྒྲིག་བྱས་ཡོད་ནའང་། རྒྱ་གཞུང་གིས་སྒྲོན་མེ་དེ་བོད་མཐོ་སྒང་བརྒྱུད་སྐོར་སྐྱོད་བྱས་པ་ཡིན་ན་ངོ་རྒོལ་ལས་འགུལ་བསྐྱར་དུ་འབྱུང་སྲིད་པའི་ཉེན་ཁ་ཡོད་ཚུལ་བརྗོད་དེ་མཐར་ཆོག་མཆན་སྤྲད་མེད་པ་རེད།
འཆར་གཞི་ལྟར་ན་སྒྲོན་མེ་དེ་ཟླ་ ༥ པའི་ཚེས་ ༡ ཉིན་བལ་ཡུལ་ནས་མགོ་འཛུགས་ཀྱིས་ཟླ་ ༩ པའི་ཟླ་མཇུག་ཏུ་ཧྲང་ཧེ་འཛམ་གླིང་འགྲེམས་སྟོན་གྱི་བལ་ཡུལ་དངོས་ཟོག་འགྲེམ་སྟོན་དུ་གདན་འདྲེན་ཞུ་འཆར་འདུག་ཀྱང་། མཐའ་མར་རྒྱ་གཞུང་གིས་ཁས་ལེན་བྱས་མེད་པ་རེད། ཡིན་ནའང་། རྒྱ་ནག་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ཡིན་ན། རྒྱ་བལ་བར་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་དོན་སྔར་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད།
༢༠༠༨ ལོར་བལ་ཡུལ་གནས་སྡོད་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་སྟབས། རྒྱ་གཞུང་གིས་བལ་ཡུལ་ལ་ཞི་དྲག་གཉིས་ཀྱི་ |