Notice: Undefined offset: 9 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 10 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 11 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 12 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 13 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 14 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 15 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 16 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 17 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 18 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 19 in /home/tibettim/public_html/includes/functions/browser.detection.php on line 446

ཁོང་ཚོ་ཁྲིམས་མཐུན་རེད།

འདོན་སྤེལ། ༢༠༡༠/༠༧/༢༣

 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་ཁྲིམས་དཔོན་ཞིག་གིས་ཁོ་སོ་ཝོའི་རང་བཙན་ཁྱབ་བསྒྲགས་ནི་ཁྲིམས་འགལ་མ་རེད་ཟེར།

ཕྱི་ཚེས་ ༢༢ ཉིན་བྷི་བྷི་སིས་སྤེལ་བ་ལྟར་ན། ༢༠༠༨ ལོར་ཁོ་སོ་ཝོ་ཡིས་སེར་བྷེ་ཡའི་འོག་ནས་རང་བཙན་ཐོབ་པའི་བསྒྲགས་གཏམ་སྤེལ་བ་དེ་ནི་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་ནས་ཁྲིམས་འགལ་ཆགས་མེད་ཅེས་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་གི་སྲིད་འཛིན་ ཧི་ས་ཤི་ ཨོ་ཝ་ཌ་ ཡིས་བཤད་ཡོད།

རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་གིས་ཁོ་སོ་ཝོའི་རང་བཙན་ཁྱབ་བསྒྲགས་ལ་ངོས་འཛིན་བྱས་པ་འདི་དང་མཉམ་དུ་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་ཁོ་སོ་ཝོའི་རང་བཙན་ལ་ངོེས་ལེན་ཐོབ་རྒྱུར་རེ་བ་རྒྱག་གི་ཡོད་པ་རེད།

ཨ་རི་དང་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་ཁོ་སོ་ཝོའི་རང་བཙན་ཁྱབ་བསྒྲགས་ལ་ངོས་ལེན་བྱས་ཡོད་ཀྱང་། ར་ཤི་ཡས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད། དེའི་རྒྱུ་མཚན་ནི་ར་ཤི་ཡའི་འོག་ན་ཡང་རང་བཙན་འཐབ་རྩོད་བྱེད་མཁན་ཡོད་སྟབས་ཁོ་སོ་ཝོའི་རང་བཙན་ལ་ངོས་ལེན་བྱས་ཚེ་རང་གི་བཙན་འོག་གི་རང་བཙན་འཐབ་རྩོད་པ་དག་ལ་ཡང་རང་བཙན་སྤྲོད་དགོས་པའི་རྒྱུ་མཚན་གཅིག་མཚུངས་ཡིན་པར་ཞེད་པ་རེད།

༢༠༠༩ ལོར་ཁོ་སོ་ཝོ་རྣམས་ཀྱིས་རྒྱལ་དར་དགུང་ལ་ཕྱར་ཏེ་རང་བཙན་གྱི་ཉིན་མོ་སྲུང་གཙི་བྱས་ཤིང་། ཁོ་སོ་ཝོའི་གཞུང་གིས་ཁོང་ཚོའི་རང་བཙན་ལ་བསྐྱར་བཅོས་མེད་ཚུལ་བརྗོད་ཡོད་པ་རེད།

ཤོག་ངོས་འདི་ཐེངས་ ༢༤༨ ལ་བཀླགས་འདུག
རིག་པ་འདོན་པ།
ཧེ་ར་བཀྲ་ཤིས།
༢༠༡༠/༠༧/༢༣ ཉིན་འདོན་སྤེལ་བྱས།
ང་ཚོ་བོད་མི་རིགས་ཀྱིས་དུས་ནམ་ཞིག་ལ་འདི་འདྲའི་གཟི་བརྗིད་ལྡན་པའི་བསྒྲགས་གཏམ་ཞིག་བོད་ས་རང་ནས་སྤེལ་ཐུབ་བམ། དངོས་གནས་ཡིད་སྨོན་དང་མིག་ཆུ་མཉམ་དུ་ཤོར་དགོས་པའི་གནས་ཚུལ་རང་རེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།